ཝ་ཙབ་(WhatsApp)གསང་དོན་སྲིད་ཇུས་གསར་པ་འདི་གང་ཡིན་མིན་སྐོར།

ཟླ་བ་སྔོན་མར་WhatsApp གླེང་མོལ་བཀོལ་ཆས་ཀྱི་གསང་དོན་སྲིད་ཇུས་གསར་པའི་སྐོར་གྱི་གསར་འགྱུར་ཐུང་ངུ་ཞིག་དྲ་ཐོག་ནས་ཁྱབ་གདལ་མྱུར་པོར་ཕྱིན་ཏེ། མཉེན་ཆས་དེའི་བདེ་འཇགས་སྐོར་དོགས་དྲི་མང་དུ་གྱུར་ཡོད། སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་ཁ་ཤས་ཀྱིིས་བཤད་པ་ལྟར་ན་ད་སྐབས་WhatsApp གླེང་མོལ་བཀོལ་ཆས་སྤྱོད་མཁན་གྱི་ཁ་པར་གྱི་གཞི་གྲངས་དང་། སྒེར་གྱི་ཁ་བརྡ་གླེང་མོལ་ཁག་Whatsappགླེང་མོལ་བཀོལ་ཆས་སྤྱི་གཉེར་ཁང་ཨ་མ་ངོ་དེབ་དང་མཉམ་སྤྱོད་བྱེད་རྩིས་ཡོད་རེད་ཟེར། གཞན་དག་ཚོས་བཤད་པ་ལྟར་ན་WhatsApp གླེང་མོལ་བཀོལ་ཆས་ཀྱིས་མི་གཉིས་ཀྱི་བར་རམ། ཡང་ན། ཚོགས་པ་ཞིག་གི་ཁ་བརྡའི་གནད་འགག་སྣེ་གཉིས་བར་གྱི་གསང་སྡོམ་གྱི་གྲུབ་བྱ་དེ་བཞིན་མཉེན་ཆས་ནས་སུབ་པ་རེད་ཟེར། འདི་ག་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་TibCERTགིས་ཞིབ་འཇུག་གཏིང་ཟབ་བྱས་པའི་མཇུག་བསྡོམས་སུ། བཤད་ཚུལ་འདི་དག་ནི་WhatsApp གླེང་མོལ་བཀོལ་ཆས་ཀྱི་སྲིད་ཇུས་ཀྱི་འགྱུར་ལྡོག་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་པ་ར་སྤྲོད་བྱུང།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་TibCERTགིས་ཆེས་ཐོག་མ་ཉིད་ནས་ཆེས་བདེ་འཇགས་ལྡན་པའི་ Signal ༼བརྡ་རྟགས་༽བཀོལ་སྤྱོད་བྱེད་དགོས་པའི་ལམ་སྟོན་ཞུས་ཡོད་ལ། དེས་ཁ་བརྡ་གླེང་མོལ་གྱི་གནད་འགག་གསང་ཉར་བྱེད་པ་ཙམ་མ་ཡིན་པར། ཁུངས་ཡངས་པོ་ཞིག་རེད།  དེའི་གོ་དོན་ནི། བརྡ་རྟགས་ཀྱི་ཚབ་ཨང་ཡོད་ཚད་ཡོངས་བསྒྲགས་བྱས་ཟིན་པས། ང་ཚོར་བརྡ་རྟགས་ཇི་ལྟར་བཙུགས་མིན་བརྩད་གཅོད་བྱེད་དུ་འཇུག་གི་ཡོད། དེ་དང་དུས་མཚུངས་བརྡ་རྟགས་ཀྱིས་ཁྱེད་རང་གི་ཁ་པར་ཨང་གྲངས་ཕུད་པའི་སྒེར་གྱི་གཞི་གྲངས་གང་ཡང་ཉར་འཚག་བྱེད་ཀྱི་མེད། དེ་ནི་སྒེར་གྱི་གསང་བར་སྲུང་སྐྱོབ་བྱེད་པའི་འཆར་འགོད་ཀྱི་རྩ་དོན་ཞིག་ཡིན། WhatsApps གླེང་མོལ་བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་མང་པོ་ཞིག་གིས་བརྡ་རྟགས་དང་། ཏར་འཕྲིན་ལྟ་བུ་འཕྲིན་གཏོང་མཉེན་ཆས་གཞན་ལ་འཕོ་འགྱུར་བཏང་ཡོད། འོན་ཀྱང་ང་ཚོས་ཤེས་གསལ་ལྟར་། ནང་མི་དང་གྲོགས་པོ་རྣམས་པར་འབྲེལ་བ་བྱེད་བདེ་པོ་ཡོད་པ་བཅས་རྒྱུ་རྐྱེན་མང་པོ་ཞིག་གིས་མི་རྣམས་ཀྱིས་མུ་མཐུད་WhatsApp གླེང་མོལ་བཀོལ་ཆས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། གལ་སྲིད་ཁྱོད་ཀྱིས་WhatsApp བཀོལ་སྤྱོད་ཐུབ་པའི་རྒྱལ་ཁབ་ཁག་ཏུ་Wechat སྐད་འཕྲིན་གྱི་ཚབ་ཏུ་Whatsapp བཀོལ་སྤྱོད་བྱེད་ཚེ། དེ་ནི་ང་ཚོའི་འཐབ་རྩོད་ཀྱི་རྒྱལ་ཁ་ཕྱེད་ཀ་ཐོབ་ཟིན་པ་ལྟ་བུར་རྩིས་ཆོག

བདེ་འཇགས་ལྡན་པའི་བརྡ་འཕྲིན་འབྲེལ་ལམ་སྐོར་གླེང་སློང་བྱེད་སྐབས། WhatsApp ནི་ཡང་དག་པའི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་བའི་གོམ་སྟབས་གལ་ཆེན་ཞིག་ཆགས་ཡོད། འདི་ནི་ང་ཚོས་WhatsApp སྐད་འཕྲིན་གྱི་འགྱུར་ལྡོག་སྐོར་ལ་ཁྱེད་ཀྱིས་ཅི་ཞིག་ཤེས་རྟོགས་དགོས་པ་འགྲེལ་བརྗོད་གསལ་བཤད་བྱེད་པའི་དགོས་དོན་ཡིན་ལ།  དེ་དང་ཕྱོགས་མཚུངས།  རྩོམ་ཡིག་གི་མཇུག་ཏུ་ང་ཚོས་གལ་ཆེའི་གོ་རིམ་འགའ་ནན་བཤད་བྱས་ཡོད་ཅིང་། གོ་རིམ་འདི་དག་གིས་ཁྱེད་ཀྱི་WhatsApp བཀོལ་ཆས་ཀྱི་བདེ་འཇགས་ཇེ་བརྟེན་ཏུ་གཏོང་ཐུབ་པས་དེ་ལ་གཟིགས་རྒྱུ་མ་བརྗེད་པ་གནང་རོགས།

དེའི་ཕྱིར། ཁྱེད་རང་གིས་ངེས་པར་དུ་ཤེས་དགོས་པའི་WhatsApp བཀོལ་ཆས་ཀྱི་གསང་བའི་སྲིད་ཇུས་ཀྱི་འགྱུར་ལྡོག་ངོ་མ་གང་དག་ཡིན་ནམ།

ཐོག་མར་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༢ ཚེས་ ༨ ཉིན་ནས་འགོ་ཚུགས་ཏེ་དེང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༥ ཚེས་ ༡༥ ཉིན་བར་WhatsApp བཀོལ་སྤྱོད་བྱེད་མཁན་རྣམ་པས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་ངོ་དེབ་དང་མཉམ་སྤྱོད་བྱེད་སྟངས་སྐོར་གྱི་དོན་ཚན་དང་ཆ་རྐྱེན་གསར་པ་ཆ་ཚང་ཞིག་ལ་མོས་མཐུན་བྱེད་དགོས་ཚུལ།

 Whataspp སྤྱོད་མཁན་རྣམ་པས་དོན་ཚན་གསར་པ་ཁག་ངེས་པར་དུ་ངོས་ལེན་བྱེད་དགོས་ཤིང་། དེ་མིན་ཁོ་ཚོས་ WhatsApp ཡུན་རིང་བཀོལ་སྤྱོད་ཐུབ་མིན་བརྗོད་ཡོད། འགུལ་བསྐྱོད་དེས་བཀོལ་སྤྱོད་པ་རྣམ་པ་སྡུག་སྐད་ཤོར་ཏུ་བཅུག་སྟབས། Whatsapp སྤྱི་གཉེར་ཁང་གིས་ཁོང་ཚོའི་གསང་བའི་སྲིད་ཇུས་སྐོར་གྱི་དཀྲོག་གཏམ་དེར་གསལ་བཤད་ཅིག་དེ་གའི་ཡང་དྲི་བསྐྱར་དྲི་བྱེད་སའི་ལེ་ཚན་ཏུ་བཀོད་ཡོད་ཅིང་། དེ་ཡང་སྤྱི་གཉེར་ཁང་གིས་དེའི་ཁ་བརྡའི་ཁྲོད་ཀྱི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་གྲུབ་བྱར་བཟོ་བཅོས་བྱས་མེད་པའི་གསལ་བཤད་བྱས་ཡོད་ཅིང་། དེའི་གོ་དོན་ནི་WhatsApp སྤྱི་གཉེར་ཁང་གིས་ཀྱང་ཁྱེད་ཀྱི་ཆ་འཕྲིན་ཤེས་རྟོགས་མི་ཐུབ་པས་ན། ངོ་དེབ་དེ་བས་ཀྱང་ཤོད་མི་དགོས་པ་ཡིན། གཤམ་གྱི་དེ་ནི་WhatsApp གླེང་མོལ་བཀོལ་ཆས་ཀྱི་སྣེ་གཉིས་བར་གྱི་གསང་སྡོམ་དང་འབྲེལ་བའི་གསལ་བཤད་སྐོར་གྱི་འཆར་ཤེལ་པར་རིས་ཤིག་ཡིན།

 

whatsapp-faq

WhatsApp གླེང་མོལ་བཀོལ་ཆས་སྤྱི་གཉེར་ཁང་གིས་དྲ་ཐོག་ཏུ་དེའི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་གྲུབ་ཆའི་དཀྲོག་གཏམ་ཁག་གི་ཐོག་ལ་བདེན་དཔང་ར་སྤྲོད་ཀྱི་གསལ་བཤད་ཅིག་ཀྱང་སྤེལ་ཡོད། གཤམ་དུ་whatsAppགྱི་གཞུང་འབྲེལ་གསལ་བཤད་འཁོད་པའི་འཆར་ཤེལ་པར་རིས་ཤིག་བསྟན་ཡོད།

whatsapp-tweet

གོང་གི་རྩོད་ལེན་གཞིར་བཟུང་བྱས་ན་ WhatsApp གླེང་མོལ་བཀོལ་ཆས་སྤྱི་གཉེར་ཁང་གི་སྲིད་ཇུས་གསར་པ་འདིས། སོ་སོའི་འཛད་སྤྱོད་པའི་གྲངས་གཞི་ངོ་དེབ་སྤྱི་གཉེར་ཁང་དང་ཕན་ཚུན་མཉམ་སྤྱོད་བྱེད་ཀྱི་ཡོད་པ་འདི་ཕྱེད་བདེན་པར་སྣང་རུང། ཁྱོད་ཀྱིས་དེ་དག་དངོས་ཡོད་ཡིན་མིན་ WhatsApp གླེང་མོལ་བཀོལ་ཆས་ཁང་གི་ཚོང་ལས་ཀྱི་ཁ་བྱང་བཀོལ་ན་མ་གཏོགས་གང་ཡང་ཤེས་མི་ཐུབ། WhatsApp སྤྱི་གཉེར་ཁང་གི་ཆེས་གསར་ཐོན་གྱི་གསང་དོན་སྲིད་བྱུས་འོག་གི ༼གཙོ་གནད་གསར་སྣོན་༽ ཞེས་པའི་ནང་སྤྱི་གཉེར་ཁང་གིས་ད་ལྟ་ཚོང་ལས་ཞབས་ཞུ་ཐེ་བའི་སྤྱོད་སྒོའི་ཐབས་ལམ་གསར་པ་མང་དག་གསར་འཇུག་བྱས་པ་བརྗོད་ཡོད། ཞབས་ཞུ་འདི་དག་ཁྲོད་དུ་དངོས་ཟོག་མངགས་གཏོང་ལས་སྣོན་བྱེད་སྟངས། ཉོ་ཚོང་ངམ་དངུལ་སྤྲོད་ལེན་དང་གནས་ཚུལ་བཀོད་སྒྲིག རྩིས་སྤྲོད་དང་སྐྱེལ་འདྲེན་བརྡ་ཁྱབ། ཚོང་ཟོག་དང་ཞབས་ཞུ་གསར་སྣོན། ཚོང་སྒྱུར་བཅས་ཀྱི་རྣམ་གྲངས་ཁག་ཚུད་ཡོད། འདམ་ག་ཁྱོད་ལ་ཡོད་ཅེས་པའི་འོག་ཏུ་ད་ཡོད་བཀོལ་སྤྱོད་པར་དོ་དག་རང་ཉིད་ཀྱི་ WhatsApp གླེང་མོལ་བཀོལ་ཆས་ཀྱི་ཁ་བྱང་གནས་ཚུལ་ངོ་དེབ་སྤྱི་གཉེར་ཁང་དང་ཕན་ཚུན་མཉམ་སྤྱོད་བྱེད་མིན་གྱི་གདམ་ག་བསྐྲུན་པ་བརྗོད་ཡོད། གཤམ་དུ་འདིའི་བརྡ་ཁྱབ་ཀྱི་འཆར་ཤེལ་པར་རིས་བཀོད་ཡོད།

གཞན་ཡང་འདི་དང་འབྲེལ་བ་ཡོད་བསྡད་པ་ཞིག་ལ་སྤྱི་ལོ་ ༢༠༡༦ ལོར་WhatsApp གླེང་མོལ་བཀོལ་ཆས་སྤྱི་གཉེར་ཁང་གིས། ད་ལྟ་མང་ཚོགས་ཀྱིས་རྩོད་ལེན་བྱེད་བཞིན་པ་གཅིག་མཚུངས་ཁོ་ཚོས་བཀོལ་སྤྱོད་པའི་མིང་བྱང་གནས་ཚུལ་ཆ་ཚང་ངོ་དེབ་ཚང་དང་མཉམ་སྤྱོད་བྱས་ཡོད། དེ་ཡང་ Wired.com ཡིས་སྟོན་པའི་དཔྱད་ཞིབ་ལ་གཞིགས་ན་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༨ ནང་WhatsApp གླེང་མོལ་བཀོལ་ཆས་ཁང་གིས་ཁོ་ཚོའི་གསང་དོན་སྲིད་ཇུས་ཐོག་རྒྱ་ཁྱབ་ཁ་སྣོན་བྱས་ཏེ། གླེང་མོལ་བཀོལ་ཆས་ཁང་གི་དྲ་སྤྱོད་པའི་གནས་ཚུལ་དང་ཆ་འཕྲིན་དག་ངོ་དེབ་ཚང་དང་ཕན་ཚུན་མཉམ་སྤྱོད་བྱེད་འགོ་བཙུགས་པ་གསལ་སྟོན་བྱས་ཡོད། གཤམ་དུ་སྤྱི་ལོ་ ༢༠༡༦ ལོའི་Whatsapp གླེང་མོལ་བཀོལ་ཆས་ཁང་གི་གསང་དོན་སྲིད་ཇུས་ཀྱི་རྒྱ་ཁྱབ་ཁ་སྣོན་གང་བྱས་བཀོད་ཡོད།

མདོར་བསྡུས་ནས་བཤད་ན། Whatsapp གླེང་མོལ་བཀོལ་ཆས་ཁང་གི་གསང་དོན་སྲིད་ཇུས་གསར་པ་གཅིག་ཁོ་ན་འགྱུར་བ་བཏང་ཡོད་པ་ནི། ཁྱོད་ཀྱིས་གླེང་མོལ་དྲ་བ་འདི་བརྒྱུད་སོ་སོས་ཁྱབ་བསྒྲགས་དང་ཚོང་ཟོག ཚོང་གཉེར་རིགས་བྱས་ན་མ་གཏོགས་Whatsapp སྤྱི་གཉེར་ཁང་གིས་ཁྱོད་ཀྱི་མིང་བྱང་གནས་ཚུལ་ངོ་དེབ་ཚང་དང་ཕན་ཚུན་མཉམ་སྤྱོད་བྱེད་ཀྱི་མི་འདུག། གཤམ་དུ་ཇི་ལྟར་བྱས་ཏེ་ Whatsapp གླེང་མོལ་བཀོལ་ཆས་ཀྱི་ཚོང་གཉེར་ཁ་བྱང་གིས་ངོ་དེབ་བེད་སྤྱོད་བཏང་སྟེ་དེའི་གླེང་མོལ་ཁག་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་གསལ་ཡོད།

གོང་གསལ་པར་དེའི་ནང་ Whatsapp གླེང་མོལ་བཀོལ་ཆས་ཀྱི་ཚོང་གཉེར་ཁ་བྱང་གིས་ངོ་དེབ་བེད་སྤྱོད་བཏང་སྟེ་དེའི་གླེང་མོལ་ཁག་ལ་སྟངས་འཛིན་བྱེད་ཀྱིན་པ་བསྟན་ཡོད།
གོང་གི་བརྙན་ངོས་བརྒྱུད་བཀོལ་སྤྱོད་པའི་མོས་མཐུན་གན་ཡིག་ནང་དུ་འཛད་སྤྱོད་པས་Whatsapp གླེང་མོལ་བཀོལ་ཆས་ཀྱི་ཚོང་གཉེར་ཁ་བྱང་ངེས་པར་སྤྱོད་དགོས་པ་སྟོན་ཡོད།

མཐའ་དོན། ངས་སོ་སོའི་ཁ་པར་ནང་གི་འབྲེལ་ཡོད་མི་སྣ་མང་དག་ཅིག་གིས་ Signal བཀོལ་སྤྱོད་གཏོང་བཞིན་ཡོད་པའི་བརྡ་ཁྱབ་མཐོང་སྐབས་སེམས་སྐུལ་ཐེབས་བྱུང་ཡང་། དོན་དངོས་སུ་ད་དུང་ཡིན་ཡང་ང་ཚོ་མང་པོ་ཞིག་གིས་མུ་མཐུད་ཕལ་ཆེར་Whatsapp གླེང་མོལ་བཀོལ་ཆས་བེད་སྤྱོད་གཏོང་གི་ཡོད། ང་ཚོས་Whatsapp བཀོལ་ཆས་ཀྱི་རང་ཆས་སྒྲིག་བཀོད་ཀྱི་སྣེ་གཉིས་བར་གྱི་གསང་སྡོམ་ཐོག་ཏུ་བཀོལ་ཆས་ཀྱི་ཉེན་སྲུང་མཐོར་འདེགས་གཏོང་ཆེད་རང་ངོས་ནས་ཐབས་ལམ་གྱི་གོམ་རིམ་འཕར་མ་ཁ་ཤས་ཤིག་བྱེད་དགོས།

 

དང་པོ། གོ་རིམ་གཉིས་ཅན་གྱི་བདེན་དཔང་ར་སྤྲོད་ཐུབ་པ་བྱོས། གལ་ཏེ་མི་ཞིག་གིས་ཁྱོད་ཀྱི་ཁ་པར་ཨང་གྲངས་བཀོལ་སྤྱོད་གཏོང་ཐུབ་པའི་དབང་དུ་བཏང་ཡང་། ཁྱོད་ཀྱིས་ཁོ་ཚོས་ཁྱོད་ཀྱི་ཁ་པར་ཨང་གྲངས་བཀོལ་ནས་ WhatsApp གླེང་མོལ་བཀོལ་ཆས་ཀྱི་ཁ་བྱང་རྫུན་མ་ཐོ་འགོད་བྱེད་མི་ཐུབ་པ་བཟོ་དགོས། ༼བོད་པའི་སྤྱི་ཚོགས་ནང་གནས་ཚུལ་འདི་ལྷག་ཡོད་སྟབས་གཟབ་གཟབ་བྱེད་གལ་ཆེ།༽

དང་པོ། གོ་རིམ་གཉིས་ཅན་གྱི་བདེན་དཔང་ར་སྤྲོད་ཐུབ་པ་བྱོས།

གཉིས་པ། གསང་དོན་སྒྲིག་འགོད་བྱོས། ཁྱོད་ཀྱིས་གོང་འཁོད་འཆར་ཤེལ་པར་རིས་ནང་གསལ་རང་ཉིད་ཀྱི་འབྲེལ་ཡོད་ཁོ་ན་མ་གཏོགས་གཞན་གྱིས་ཁྱེད་ཀྱི་༼མཇུག་མཐའི་ལྟ་ཐེངས། “Last Seen”, དང་ངོ་སྤྲོད་པར། “Profile Photo”, ད་ཡོད་ས་གནས་Live Location” ༽ལྟ་མི་ཐུབ་པ་བཟོ་དགོས་པ་དང་ཆབས་ཅིག་ཏུ་༼བརྙན་ཡོལ་སྒོ་རྒྱོབ།༽ཅེས་པའི་ཐོག་ཏུ་གནོན་དགོས།

གཉིས་པ། གསང་དོན་སྒྲིག་འགོད་བྱོས།

གསུམ་པ། ཁ་བརྡའི་འདྲ་བཤུས་མ་ལག་སྒོ་རྒྱོབ། ཁྱོད་ཀྱིས་ཁྱོད་ཀྱི་ཀུ་ཤུའི་ཁ་པར་གྱི་Icloud ཡང་ན་ཨན་ཊོ་མ་ལག་གི་གྷོ་གྷལ་Drive སྟེང་གི་ཁ་བརྡ་འདྲ་བཤུས་བྱེད་མཁན་གྱི་སྒྲིག་ཤོམ་སྒོ་རྒྱག་དགོས། གང་ལགས་ཞེ་ན། ཅི་སྟེ་དེ་སྒྲིག་ཤོམ་གྱི་ཕྱི་རོལ་དུ་གསོག་འཇོག་བྱས་ན་ཁ་བརྡ་འདྲ་བཤུས་ཀྱིས་སྣེ་གཉིས་བར་གྱི་གསང་སྡོམ་མེད་པ་བཟོ་ཡི་ཡོད།

གསུམ་པ། ཁ་བརྡའི་འདྲ་བཤུས་མ་ལག་སྒོ་རྒྱོབ།

བཞི་པ། ཁྱོད་ཀྱི་པར་རིགས་ལ་སྲུང་སྐྱོབ་བྱོས། ཁྱོད་ཀྱིས་སྒྲིག་ཤོམ་ལ་འགྱུར་བ་བཏང་ཚེ། ཁྱོད་ཀྱི་པར་རིགས་ཁ་པར་གྱི་པར་མཛོད་ནང་དུ་ཉར་འཚག་བྱེད་ཀྱི་མེད་པ་མ་ཟད། བཀོལ་སྤྱོད་མ་ལག་གཞན་ཁག་གིས་ཀྱང་དེར་ལྟ་སྤྱོད་བྱེད་མི་ཐུབ། དེར་བརྟེན་བརྙན་རིས་ཀྱི་ཡིག་སྣོད་རིགས་སྟེ་འདྲ་པར་རམ་ཡང་ན་བརྙན་དེ་དང་དེ་འདྲའི་རིགས་ལ་སྣེ་གཉིས་བར་གྱི་གསང་སྡོམ་བྱ་ཐུབ་ཀྱི་ཡོད།

བཞི་པ། ཁྱོད་ཀྱི་པར་རིགས་ལ་སྲུང་སྐྱོབ་བྱོས།

Leave a Reply

Your email address will not be published.

Solve : *
26 − 5 =


This site uses Akismet to reduce spam. Learn how your comment data is processed.

Top