གློག་ཀླད་ཀྱི་ཉེན་སྲུང་།

གོམས་གཤིས་སྟབས་བདེ་བོ་ཁ་ཤས་ཤིག་གི་ཐོག་ནས། དྲ་འབུ་དང་མཉེན་འབུའི་རིགས་བེད་སྤྱོད་བཏང་ནས་ཁྱོད་དང་ཁྱོད་ཀྱི་འབྲེལ་བ་བྱེད་ཡུལ་ཁག་ལ་གསང་མྱུལ་བྱེད་པའི་ལས་ཀའི་རིགས་བཀག་འགོག་བྱས་ཏེ་རང་ཉིད་ཀྱི་གློག་ཀླད་བརྟན་པོ་ཉར་ཐུབ།

སྒུག་ནས་མ་སྡོད་། གསར་སྣོན་བྱོས།

ཁྱེད་རང་གི་གློག་ཀླད་དང་ཁ་པར་གྱི་མཉེན་ཆས་མ་ལག་ཁག་དུས་ཐོག་ཏུ་གསར་སྣོན་བྱས་པ་ཡིན་ན། མཉེན་ཆས་བཟོ་སྐྲུན་མཁན་གྱིས་རྙེད་པའི་མ་ལག་རང་སྟེང་གི་སྐྱོན་ཆ་དང་ནོར་འཛོལ་རིགས་བཟོ་བཅོས་བྱེད་ཐུ

མུ་མཐུད་དུ་ཀློགས།

ཇག་པ་ཕྱི་ལ་བསྐྲོད།

མཉེན་ཆས་རྫུན་མ་(ཁྲིམས་མཐུན་མ་ཡིན་པའི་མཉེན་ཆས)་རིགས་ཉེན་ཁ་ཧ་ཅང་ཆེ་བས། ཡིད་ཆེས་བྱ་མི་འོས་ལ། བདེ་སྤྱོད་ཀྱང་བྱེད་མི་རུང་།

མུ་མཐུད་དུ་ཀློགས།

གསང་ཚིག་བརྟན་པོ་འཇོག

གསང་ཚིག་ཇི་ལྟར་མགོ་ཉོག་པོ་དང་རིང་པོ་ཡོད་ན། དེ་ཙམ་གྱི་བརྟན་པོ་ཡིན་པས། ་གཞན་གྱིས་ཚོད་དཔག་དང་རྐུ་འཁྱེར་བྱེད་དཀའ།

མུ་མཐུད་དུ་ཀློགས།

མཐེབ་འཇུག་ཕན་ཚུན་ལ་མ་གཡོར།

མཐེབ་འཇུག་ཕན་ཚུན་ལ་གཡར་རེས་བྱེད་པ་དེ་ནི། དྲ་འབྲེལ་མེད་པའི་ཐོག་ནས། མཉེན་འབུ་རིགས་གློག་ཀླད་ཅིག་ནས་གློག་ཀླད་གཞན་ཞིག་ལ་འགྲུལ་བཞུད་བྱེད་དུ་འཇུག་པའི་རྒྱུ་རྐྱེན་ལྟེ་བ་དེ་ཆགས་ཡོད།

མུ་མཐུད་དུ་ཀློགས།

ཉེན་སྲུང་ལྡན་པའི་ཡིག་ཆ་བརྗེ་ལེན།

མཐེབ་འཇུག་དང་ཟུར་སྣོན་རིགས་བེད་སྤྱོད་གཏོང་བའི་ཚབ་ཏུ། དྲ་ཐོག་གི་ཡིག་ཆ་བགོ་འགྲེམས་ཀྱི་གདམ་ཁ་གཞན་པ་དེ་དག་བེད་སྤྱོད་ཐོངས།

མུ་མཐུད་དུ་ཀློགས།

ཁྱེད་རང་གི་གློག་ཀླད་མཉེན་ཆས་དུས་ཐོག་ཏུ་གསར་སྣོན་བྱེད་རྒྱུ་ནི་དྲ་ཐོག་བཅོམ་རྐུན་འགོག་ཐབས་ལས་སླ་ཤོས་དེ་ཡིན།

ང་ཚོ་ཚང་མའི་གློད་ཀླད་ནང་། “མཉེན་ཆས་གསར་སྣོན་བྱེད་རྒྱུ་འདུག དུས་ཐོག་གསར་སྣོན་བྱེད། ༼ཡང་ན།༽ རྗེས་ལ་དྲན་གསོས།” ཞེས་པའི་དྲན་བརྡ་འབྱོར་མྱོང་ཡོད་བཞིན་པ་ལྟར། “དུས་ཐོག་གསར་སྣོན་བྱེད།” ཞེས་པ་འདེམས་རྒྱུ་ནི་དྲ་ཐོག་བདེ་སྲུང་གི་ཐབས་ཇུས་སྟབས་བདེ་ཤོས་དང་ནུས་པ་ཆེ་ཤོས་དེ་ཡིན།

གློག་ཀླད་ཀྱི་མ་ལག་སྒེའུ་ཁུང་དང་ཀུ་ཤུ་རྟགས་ཅན་གཙོས་པས་རྒྱུན་སྤྱོད་མཉེན་ཆས་ཚང་མ་དུས་ཡུན་རིང་པོའི་རྗེས་སུ་བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་འཕྲད་ཀྱི་ཡོད་པ་ཤེས་ཐུབ། བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་ཀྱི་དུས་ཡུན་དེའི་སྐབས་དྲ་རྒྱ་གཏོར་བཅོམ་པས་ཁེ་ཕན་ལེན་ཏེ། ཁྱེད་རང་གི་གློག་ཀླད་མཉེན་ཆས་ནང་ལས་སླ་པོར་གསང་འཛུལ་བྱེད་ཀྱི་ཡོད། བདེ་འཇགས་ཉེན་འཚབ་ཀྱི་དཀའ་ངལ་འདི་ལྟ་བུ་མཉེན་ཆས་བཟོ་ལས་ཁང་ཚོས་ཤེས་རྟོགས་བྱུང་སྟབས། ཁོང་ཚོས་ལེགས་གསོའི་མཉེན་ཆས་དྲ་རྒྱའི་ཐོག་མཁོ་གཏོང་བྱས་ཏེ། མཉེན་ཆས་ཀྱི་བདེ་འཇགས་སླར་གསོ་བྱས་པ་དང་ཆབས་ཅིག དྲ་རྒྱ་གཏོར་བཅོམ་པ་མཐའ་ཅིག་ཏུ་ཕྱིར་འགོག་ཐབས་བྱེད་ཀྱི་ཡོད།

Loader Loading...
EAD Logo Taking too long?
Reload Reload document
| Open Open in new tab

སྒེའི་ཁུང་གི་མ་ལག་(Microsoft Windows)ལྟ་བུའི་མཉེན་ཆས་རིགས་ཁྲིམས་མཐུན་མ་ཡིན་པའི་ཡོད་པའི་རིགས།དྲ་ཐོག་ནས་ཕབ་ལེན་བྱེད་པ་དང་། ཡང་ན་སྲང་ལམ་ནས་ཉོས་ཏེ་བེད་སྤྱོད་བཏང་ན་ཧ་ཅང་ཉེན་ཁ་ཆེ།

ཁྲིམས་མཐུན་མ་ཡིན་པའི་མཉེན་ཆས་བེད་སྤྱོད་གཏོང་བ་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད་། (དཔེར་ན། རིན་མེད་ཀྱི་ “Microsoft Windows” ལྟ་བུའམ་ཡང་ན་ཁྱེད་ཀྱིས་ཁྲོམ་སྲང་དུ་གང་ཉོས་བ་ལྟ་བུ།) དང་པོ། མཉེན་ཆས་དེ་ལ་བཟོ་བཅོས་བྱས་ནས་དེའི་ནང་དུ་དྲ་འབུ་ཡོད་སྲིད། གཉིས་པ། ཁྱོད་ལ་མཉེན་ཆས་བཟོ་མཁན་ངོ་མའི་རྩ་ནས། མཉེན་ཆས་ལ་ཁ་གསབ་བམ་གསར་སྣོན་གྱི་རིགས་གང་ཡང་འབྱོར་གི་མ་རེད། དེ་ལྟར་བྱུང་ཚེ། ཁྱོད་ཀྱིས་མཉེན་ཆས་ཀྱི་ཉེན་ཁའི་རིགས་ཀུན་ལ་སྒོ་ཕྱེས་ཡོད་པ་རེད།འདིའི་ཚབ་ལ། རིན་མེད་དང་བཅོས་བཟོ་ཐུབ་པའི་ལམ་ཁ་གཞན་ Microsoft Word ཡི་ཚབ་ལ་ OpenOffice འདེམས། Explorer ཡི་ཚབ་ལ་ Firefox དང་ Chrome བེད་སྤྱོད་ཐོངས། Microsoft ཡི་ཚབ་ལ་ Ubuntu བེད་སྤྱོད་ཐོངས།

ཁྲིམས་མཐུན་གྱི་མཉེན་ཆས་དེའི་འདྲ་བཤུས་ཐོབ་པ་བྱོས།

གསང་ཚིག་བརྟན་པོ་ཡོད་ན་དེས་ཁྱོད་རང་ལ་ཉེན་སྲུང་བསྐྲུན་གི་རེད། གསང་ཚིག་རིང་པོ་དང་མགོ་རྙོག་པ། ཐུན་མོང་མ་ཡིན་པར་བཟོ་དགོས་བ་མ་ཟད་། ད་དུང་གསང་ཚིག་དུས་ནས་དུས་སུ་བརྗེ་བོ་རྒྱག་དགོས། དུས་ནམ་ཡང་སོ་སོའི་གློག་འཕྲིན་ཐོ་བྱང་རང་བཞིན་ནང་འཛུལ་ཆོག་པ་མ་བཟོ།

དྲ་ཐོག་ཏུ་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན། གསང་ཚིག་ནི་མི་ཚེའི་ལྡེ་མིག་ལྟ་བུ་རེད། གང་ལྟར། ཁྱོད་ཀྱིས་གློག་ཀླད་དང་གློག་འཕྲིན། ངོ་དེབ་སོགས་ཚང་མའི་ཉེན་སྲུང་ཡག་པོ་ཡོང་བའི་སླད་དུ། གསང་ཚིག་རིང་པོ་དང་མགོ་རྙོག་པོ། ཐུན་མོང་མ་ཡིན་པ་བཅས་བཟོ་རྒྱུ་ཧ་ཅང་གལ་ཆེ།

གསང་ཚིག་བརྟན་པོ་ལ་ཚང་དགོས་བའི་ཆ་རྐྱེན་གཙོ་བོ་ཁག་ནི་གཤམ་གསལ།

  • ཡི་གེ (ཡིག་ཆུང་དང་ཡིག་ཆེན་གཉིས་ཀ་ཡོད་པ་བྱོས)
  • ཨང་གྲངས་ཡོད་པ་བྱོས།
  • མཚོན་རྟགས་ཡོད་པ་བྱོས།
  • ཉུང་མཐར་ཡང་ཡིག་འབྲུ་སོགས་བཅུ་གཉིས་ཡོད་པ་བྱོས།
  • ཁྱོད་ལ་འབྲེལ་བ་ཡོད་པའི་མིང་དང་ཟླ་ཚེས་སོགས་མེད་པ་བྱོས། (དཔེར་ན། Tenzin1985 or Rangzen59ཟེར་བ་ལྟ་བུའི་རིགས།)

 

མཐེབ་འཇུག་རིགས་རྩ་བ་ཉིད་ནས་བེད་སྤྱོད་མ་གཏོང་། དེ་མིན་ན། རྒྱུས་མེད་པའི་མཐེབ་འཇུག་རིགས་བེད་སྤྱོད་མ་བཏང་གོང་དུ། གཙང་བཟོ་དང་སྟོང་པ་བཟོས།

ཁྱེད་ལ་ཡོད་པའི་མཐེབ་འཇུག་རིགས། གཞན་གྱི་གློག་ཀླད་སྟེང་འཛུགས་པའམ། གཞན་ལ་བེད་སྤྱོད་གཏོང་བཅུག་ན། དྲ་འབུ་ཁྱབ་བརྡལ་དུ་འགྲོ་གི་ཡོད། གལ་སྲིད་ཁྱེད་ནས་སྤྱི་སྤྱོད་གློག་ཀླད་དང་གཞན་གྱི་གློག་ཀླད། ཇ་ཁང་ནང་གི་གློག་ཀླད་སོགས་བེད་སྤྱོད་གཏོང་གི་ཡོད་ན། གནས་སྟངས་འདི་འདྲ་འཕྲད་པ་ནི་དངོས་ཡོད་ཡིན།

གལ་སྲིད་ཁྱོད་ཀྱིས་མཐེབ་འཇུག་དེ་སྤྱི་སྤྱོད་གློག་ཀླད་ཁང་ལྟ་བུའི་ནང་དུ་བེད་སྤྱོད་གཏོང་གི་ཡོད་ཚེ། གོང་གི་གནད་དོན་འདི་བདེན་པ་རེད།

གལ་སྲིད་ཁྱོད་ཀྱིས་མཐེབ་འཇུག་དེ་དྲ་འབུས་སྐྱོན་ཤོར་ཡོད་པའི་གློག་ཀླད་ཞིག་གི་ཐོག་ཏུ་བེད་སྤྱོད་བཏང་ཚེ། དེ་ཡིས་གློག་ཀླད་དེར་ཡོད་པའི་དྲ་འབུ་ཚང་མ་འཁྱེར་ནས་ཡོང་ལ། དེའི་རྗེས་སུ་ཁྱོད་ཀྱིས་མཐེབ་འཇུག་དེ་གློག་ཀླད་གཞན་པ་གང་དང་མཉམ་དུ་བེད་སྤྱོད་བཏང་ན་དེ་ལ་ཡང་དྲ་འབུ་འགོ་གི་རེད།

དེ་རིང་སང་ཉིན་དྲ་ཐོག་ཏུ་ཡིག་ཆ་བགོ་ས་དང་ཉར་སའི་གདམ་ཁ་གཞན་པ་མང་པོ་ཡོད་པ་རེད། དེར་བརྟེན། ཁྱོད་ཀྱིས་མཐེབ་འཇུག་རིགས་བེད་སྤྱོད་གཏོང་བ་དང་དེ་དག་བརླག་གི་རེད་བསམ་པའི་སེམས་ཁྲལ་བྱེད་དགོས་དོན་ཡོད་མ་རེད།

བདེ་འཇགས་ཡོད་པ་བྱོས། མཐེབ་འཇུག་ཕན་ཚུན་ལ་མ་གཡོར།

 

ཉེན་སྲུང་ལྡན་པའི་ཡིག་ཆ་བརྗེ་ལེན།

 

ཟུར་སྣོན་དང་མཐེབ་འཇུག་རིགས་བེད་སྤྱོད་གཏོང་རྒྱུ་མཚམས་བཞག་ནས་དྲ་ཐོག་ཏུ་ཉེན་སྲུང་ཡོད་པ་བྱེད་དགོས། གང་ཡིན་ཞེ་ན། དེ་དག་གིས་དྲ་འབུ་དང་འཇག་རྒོལ་བར་ཁྱོད་ལ་གཏོར་བཅོམ་གཏོང་བའི་སྒོ་ཕྱེས་ནས་འཇོག་གི་རེད། དེ་དག་གི་ཚབ་ལ་དྲ་ཐོག་ན་ཡིག་ཆ་བགོ་བཤའ་བྱེད་པའི་གདམ་ཁ་གཞན་པ་མང་པོ་ཡོད་པ་རེད་ལ་དེ་དག་བེད་སྤྱོད་ཀྱང་གཏོང་སླ་བ་ཡོད།

གློག་འཕྲིན་ཁ་བྱང་མང་པོས་ Google Drive་དང་ Microsoft SkyDrive ནང་བཞིན། སྤྲིན་གྱི་བང་མཛོད་(Cloud storage) ཟེར་བ་ཞིག་བེད་སྤྱོད་གཏོང་གི་ཡོད། ཁྱོད་ཀྱིས་ད་དུང་ Dropbox དང www.Ge.ttTransferBigFiles.com ལྟ་བུའི་རིགས་བཅས་ཀྱང་བེད་སྤྱོད་གཏོང་ཆོག་གི་རེད།

Top