ཁ་པར་གྱི་ཉེན་སྲུང་།
ལག་འཁྱེར་ཁ་པར་ནི་ཕན་ཚུན་ལ་འབྲེལ་བ་བྱེད་པར་ནུས་ཤུགས་ཆེས་ཆེ་བའི་ལག་ཆ་ཞིག་ཡིན་མོད། ཉེན་སྲུང་དེ་ཙམ་མི་བརྟན། ང་ཚོ་མང་པོ་ཞིག་ལ་མཚོན་ན་དེ་ནི་སོ་སོ་འབྲེལ་བའི་ཁ་པར་ཡིན་པས་ཉེན་སྲུང་བརྟན་པོ་བྱེད་རྒྱུ་གལ་ཆེ། ཇི་ལྟར་སོ་སོ་རང་ཉིད་དང་རང་གི་གནས་ཚུལ། རང་གི་གྲོགས་པོ་དང་ནང་མི་བཅས་བདེ་འཇགས་ངང་ཉར་སྟངས་སྐོར་སྦྱངས་རོགས།
སྒུག་ནས་མ་སྡོད་། གསར་སྣོན་བྱོས།
ཁྱོད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་གྱི་མཉེན་ཆས་དང་བཀོལ་ཆས་རིགས་ཡར་རྒྱས་སུ་བཏང་ན། དེས་དེ་དག་ལ་ཡོད་པའི་ཉེན་སྲུང་གི་དཀའ་ངལ་ཞིག་སེལ་ཐུབ།
ཁྱོད་ཀྱི་ཁ་པར་གྱིས་ཁྱེད་རང་ངོས་འཛིན་ཐུབ་གི་རེད།
ཁྱོད་ཀྱི་ཁ་པར་དེ་གོང་ཆེན་ཞིག་མིན་ན་ཡང་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ།
ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱིས་ཁྱེད་རང་རྗེས་འདེད་གཏོང་ཐུབ།
ཇི་སྲིད་ཁྱེད་ཀྱི་ཁ་པར་དེ་ལྕགས་སྡོང་དང་སྦྲེལ་ཡོད་ན། ཁྱེད་ཀྱི་སྡོད་གནས་དེ་གཞན་གྱིས་བརྩད་གཅོད་ཐུབ།
ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱིས་ཁྱོད་ལ་ལྐོག་ཉན་བྱེད་ཀྱི་ཡོད།
ཁྱོད་ཀྱི་བསམ་པར། སོ་སོའི་ཁ་པར་དེ་གྲོགས་པོར་ཁ་བརྡ་དང་འཕྲིན་ཐུང་གཏོང་ཆེད་རེད་བསམ་མོད། ཁྱོད་ཀྱིས་ཁ་པར་གྱིས་ཁྱོད་ཀྱི་གླེང་མོལ་དག་ལ་ཉན་ཡང་ཐུབ་གི་རེད།
སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་ལ་བསྐྱར་དུ་བསམ་བློ་ཐོངས།
ཁྱོད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་སྐད་འཕྲིན་ཕབ་ལེན་བྱེད་པ་ནི་རྒྱ་ནག་གཞུང་སོ་སོའི་རྩར་ཉུལ་མ་བྱེད་པར་སྐད་གཏོང་བ་མཚུངས།
བཀོལ་ཆས་ངན་པས་སོ་སོའི་ལས་ཀ་གཏོར་བརླག་བྱེད་དུ་མ་འཇུག
ཁྱོད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་དོགས་གཞི་ཅན་གྱི་བཀོལ་ཆས་ཕབ་ལེན་བྱས་ཚེ་དེས་ཁྱོད་ཀྱི་གནས་ཚུལ་བརྐུ་ཐུབ།
ལག་འཁྱེར་ཁ་པར་སྟེང་དུ་ཁྱེད་རང་བདེ་འཇགས་ངང་གནས་བ་ལ་གཤམ་གྱི་གནད་དོན་འདི་དག་ཡིད་ལ་ཟུངས།
སེམས་ལ་ཉར་དགོས་བའི་ལག་འཁྱེར་བདེ་འཇགས་ཐད་ཀྱི་གནད་དོན་འགའ།
དེང་དུས་ལྟ་བཟོ་དོད་པའི་ཁ་པར་ཚང་མས་རང་སྐུལ་གྱི་ཐོག་ནས་མ་ལག་མཉེན་ཆས་ལེགས་གསོ་བྱ་དགོས་པའི་དྲན་བརྡ་དུས་ལྟར་གཏོང་གི་ཡོད་པ་མ་ཟད། བཀོལ་ཆས་ཁག་ཀྱང་ལེགས་གསོ་དགོས་པའི་དྲན་བརྡ་ཡང་ཡང་གཏོང་གི་ཡོད།
གློག་ཀླད་དམ་རྩིས་འཁོར་འདྲ་བའི་ཀུ་ཤུ་རྟགས་ཅན་གྱི་ iOS མ་ལག་དང་། Android ༼ཨེན་ཊོ་རྱེ་ཊ་༽མ་ལག དེ་བཞིན་སྒེའུ་ཁུང་རྟགས་ཅན་གྱི་ཁ་པར་དང་བཀོལ་ཆས་སོགས་ལ་འང་དུས་ཡུན་རིང་པོའི་རྗེས་སུ་བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་འཕྲད་ཀྱི་ཡོད། བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་དེ་དག་ཁ་པར་མཉེན་ཆས་དང་བཀོལ་ཆས་བཟོ་ཚོང་ཁང་ཁག་གིས་ཤེས་རྟོགས་བྱུང་བ་དང་སྦྲགས། བདེ་འཇགས་དམ་སྲུང་ཆེད་ཀྱི་ལེགས་གསོའི་མཉེན་ཆས་བཟོ་སྐྲུན་གནང་ཏེ། དྲ་རྒྱ་དང་ཁ་པར་བརྒྱུད་ལམ་ཐོག་ཁྱབ་སྤེལ་བྱེད་ཀྱི་ཡོད།
དུས་ཚོད་གང་རུང་དུ། ཁྱོད་ལ་ཁ་པར་འབྱོར་བའམ་ཡང་ན་ཁྱོད་ཀྱིས་འཕྲིན་ཐུང་གཏོང་བ། ཁ་པར་བརྒྱུད་ནས་དྲ་རྒྱ་བསྔོགས་པ་སོགས་ཅི་ཞིག་བྱས་རུང་། ཁྱོད་ཀྱི་ལག་འཁྱེར་ཁ་པར་དེ་ལག་འཁྱེར་ཁ་པར་གྱི་དྲ་འབྲེལ་དང་སྦྲེལ་ནས་ཡོད་ཅིང་དེ་ཡིས་ལམ་ཁ་གཉིས་བརྒྱུད་ནས་ཁྱེད་རང་ངོས་འཛིན་ཐུབ་གི་རེད། ལམ་ཁ་གཉིས་ནི་གཤམ་གསལ།
དང་པོ། – ཁྱོད་ཀྱི་བྱང་བུ་ཡིས་ཁྱེད་རང་ངོས་འཛིན་ཐུབ་པའི་གནས་ཚུལ་ཉར་གི་ཡོད་ཅིང་། བྱང་བུ་རེ་ལ་དེ་མཁོ་སྤྲོད་བྱེད་མཁན་རེ་ཡོད། མཁོ་སྤྲོད་བྱེད་མཁན་དེ་ཡིས་བྱང་བུ་དེ་བེད་སྤྱོད་གཏོང་སའི་ཁ་པར་ཨང་གྲངས་དང་ཁྱོད་ཀྱིས་བྱང་བུ་ཉོ་བའི་སྐབས་སུ་ཁོང་ཚོར་སྤྲད་པའི་གནས་ཚུལ་དག་ཤེས་ཀྱི་ཡོད།
གཉིས། – ཁྱོད་ཀྱི་ལག་འཁྱེར་ཁ་པར་ལ་ཐུན་མོང་མ་ཡིན་པའི་ཨང་གྲངས་ཤིག་ཡོད་ཅིང་། ཨང་གྲངས་དེ་ཡི་མིང་ལ་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་གྱི་ངོས་འཛིན་ཨང་གྲངས་ (IMEI)ཟེར་གི་ཡོད། གཞན་གྱིས་ཨང་གྲངས་དེ་བརྒྱུད་ནས་དུས་རྟག་དུ་ཁྱེད་རང་རྗེས་འདེད་ཐུབ། ཁྱེད་ཀྱིས་ཨང་གྲངས (#06#) དེར་བསྣུན་པའམ་ཡང་ན་ལག་འཁྱེར་ཁ་པར་གྱི་གློག་རྫས་ངོས་སུ་བལྟས་ན་ཨང་གྲངས་དེ་རྙེད་ཐུབ།
ཉེན་སྲུང་ཡོད་པ་བྱོས།
༡) གལ་སྲིད་ཁྱེད་རང་ངོས་འཛིན་བཅུག་འདོད་མེད་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ཀ་བརྗེ་བོ་རྒྱོབས། དེ་གཉིས་ཀྱི་གང་རུང་གཅིག་བརྗེས་བ་ཙམ་གྱིས་གོ་མི་ཆོད།
༢) ཁྱོད་ཀྱི་མིང་དེབ་སྐྱེལ་མ་བྱས་བའི་བྱང་བུའི་རིགས་དངུལ་སྒོར་སྤྲོད་ནས་ཉོས།
༣) རིན་ཐུང་ཆུང་བའི་ལག་འཁྱེར་ཁ་པར་ཉོས། རྒྱུ་མཚན། དེ་རྗེས་སུ་གཡུག་དགོས་རུང་འགྱོད་སེམས་ཆུང་།
ཁྱེད་ཀྱི་ལག་འཁྱེར་ཁ་པར་ནི་ཁྱེད་རང་གི་སྡོད་གནས་གཞན་ལ་སྤྲོད་པའི་སླད་དུ་བཟོས་བ་ལྟ་བུ་རེད།
དེ་ཡི་སྟེང་དུ་དྲ་འབྲེལ་འཚོལ་ཐེངས་རེར། ཁྱོད་ཀྱི་
ལག་འཁྱེར་ཁ་པར་གྱིས་ཐག་ཉེ་བའི་ལག་འཁྱེར་ཁ་པར་གྱི་ལྕགས་མདོང་ལ་མཚམས་མེད་དུ་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། དེས་ཁྱོད་ཀྱི་བྱང་བུ་དང་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་གཉིས་ཀ་དེབ་སྐྱེལ་བྱེད་ཀྱི་ཡོད་པ་མ་ཟད་ཁྱོད་ཀྱི་སྡོད་གནས་ཀྱང་རྙེད་གི་ཡོད།
དེང་སང་ལག་འཁྱེར་ཁ་པར་མང་པོར་ཕྱོགས་སྟོན་འཕྲུལ་ཆས་(GPS)ཡོད་ཅིང་དེ་ཡིས་ཁྱེད་རང་གི་སྡོད་གནས་གསལ་བོ་སྟོན་གི་རེད། དེ་ཡང་གཙོ་བོ་ཁྱེད་ཀྱིས་ཁ་པར་བརྒྱུད་ནས་བཏང་བའི་འདྲ་པར་དང་འཕྲིན་ཐུང་སོགས་ཀྱིས་ཁྱོད་ཀྱི་སྡོད་གནས་འཚོལ་བདེ་བར་གཏོང་གི་ཡོད།
ཉེན་སྲུང་ཡོད་པ་བྱོས།
༡) ཁྱེད་རང་གི་འགྲོ་འདུག་དང་སྡོད་གནས་སོགས་གཞན་ལ་ཤེས་བཅུག་འདོད་མེད་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱི་ལ་འདོན་དགོས། གང་ཡིན་ཞེ་ན། ཁ་པར་གཟིམས་པ་ཙམ་གྱིས་གོ་མི་ཆོད།
༢) གལ་སྲིད་ཁྱེད་རང་སོ་སོའི་སྡོད་གནས་རྗེས་འདེད་ཡོང་བར་སེམས་ཁྲལ་ཡོད་ཚེ། ཁ་པར་སྒང་གི་ཕྱོགས་སྟོན་འཕྲུལ་ཆས་དེ་གཟིམས།
དེ་ཡི་སྟེང་དུ་དྲ་འབྲེལ་འཚོལ་ཐེངས་རེར། ཁྱོད་ཀྱི་
ལག་འཁྱེར་ཁ་པར་གྱིས་ཐག་ཉེ་བའི་ལག་འཁྱེར་ཁ་པར་གྱི་ལྕགས་མདོང་ལ་མཚམས་མེད་དུ་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། དེས་ཁྱོད་ཀྱི་བྱང་བུ་དང་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་གཉིས་ཀ་དེབ་སྐྱེལ་བྱེད་ཀྱི་ཡོད་པ་མ་ཟད་ཁྱོད་ཀྱི་སྡོད་གནས་ཀྱང་རྙེད་གི་ཡོད།
དེང་སང་ལག་འཁྱེར་ཁ་པར་མང་པོར་ཕྱོགས་སྟོན་འཕྲུལ་ཆས་(GPS)ཡོད་ཅིང་དེ་ཡིས་ཁྱེད་རང་གི་སྡོད་གནས་གསལ་བོ་སྟོན་གི་རེད། དེ་ཡང་གཙོ་བོ་ཁྱེད་ཀྱིས་ཁ་པར་བརྒྱུད་ནས་བཏང་བའི་འདྲ་པར་དང་འཕྲིན་ཐུང་སོགས་ཀྱིས་ཁྱོད་ཀྱི་སྡོད་གནས་འཚོལ་བདེ་བར་གཏོང་གི་ཡོད།
ཉེན་སྲུང་ཡོད་པ་བྱོས།
༡) ཁྱེད་རང་གི་འགྲོ་འདུག་དང་སྡོད་གནས་སོགས་གཞན་ལ་ཤེས་བཅུག་འདོད་མེད་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱི་ལ་འདོན་དགོས། གང་ཡིན་ཞེ་ན། ཁ་པར་གཟིམས་པ་ཙམ་གྱིས་གོ་མི་ཆོད།
༢) གལ་སྲིད་ཁྱེད་རང་སོ་སོའི་སྡོད་གནས་རྗེས་འདེད་ཡོང་བར་སེམས་ཁྲལ་ཡོད་ཚེ། ཁ་པར་སྒང་གི་ཕྱོགས་སྟོན་འཕྲུལ་ཆས་དེ་གཟིམས།
རྒྱ་ནག་ཏུ་ཡོད་པའི་སྐད་འཕྲིན་གྱི་ཞབས་ཞུ་ལྟེ་བ་དེས། ཁྱོད་ཀྱི་སྐོར་དང་ཁྱེད་ཀྱི་འབྲེལ་མིང་ཁག ཁྱོད་ཀྱི་ཁ་པར་དང་འཕྲིན་ཐུང་ཁག ཁྱོད་ཀྱི་གླེང་མོལ་བཅས་ཚང་མར་གསོག་ཉར་དང་ཞིབ་ལྟ་གཉིས་ཀ་བྱེད་ཐུབ། རྒྱ་ནག་གི་ཚོང་ལས་སྡེ་ཚན་གཞན་པ་དག་ནང་བཞིན། སྐད་འཕྲིན་བཟོ་ཚོང་ཁང་གིས་ཀྱང་རྒྱ་གཞུང་ལ་མི་སྒེར་བའི་གནས་ཚུལ་སོགས་ལ་ལྐོག་ལྟ་བྱེད་འཇུག་གི་ཡོད།
-
- གལ་སྲིད་ཁྱོད་ཀྱི་ཁ་པར་སྟེང་དུ་སྐད་འཕྲིན་ཡོད་ཚེ། ཁྱོད་ཀྱིས་ཅི་ཞིག་བྱས་བ་དག་ལ་རྒྱ་གཞུང་གིས་ལྟ་རྟོག་བྱེད་གི་ཡོད་པ་མ་ཟད་དང་ཁྱོད་ཀྱིས་སོ་སོའི་འབྲེལ་བ་བྱེད་ས་ཁག་ཉེན་ཁའི་གནས་སུ་སྐྱེལ་གི་ཡོད་པ་ཤེས་དགོས། ལྷག་པར་དུ་། སྐད་འཕྲིན་སྟེང་དུ་ཅི་ཞིག་འབྲི་བ་དང་ཅི་ཞིག་གླེང་བ་སོགས་ལ་གཟབ་གཟབ་བྱོས།
- རབ་བྱུང་ན། སྐད་འཕྲིན་གྱི་ཚབ་ལ་ཉེན་སྲུང་ཅན་གྱི་ཁ་ཁོ་འཕྲིན་ཐུང་ཡོ་ཆས་སོགས་བེད་སྤྱོད་ཐོངས།
- སྐད་འཕྲིན་བེད་སྤྱོད་གཏོང་མཚམས་བཞག་ནས་ཉེན་སྲུང་ཅན་གྱི་འཕྲིན་ཐུང་མཉེན་ཆས་གཞན་པ་KaKaoལྟ་བུའི་རིགས་བེད་སྤྱོད་ཐོངས།
བཀོལ་ཆས་ཤིག་ནང་འཇུག་མ་བྱས་པའི་སྔོན་དུ། ཁྱེད་ཀྱིས་བཀོལ་ཆས་དེ་ནང་འཇུག་བྱེད་པར་ཆོག་མཆན་གང་དག་སྤྲོད་དགོས་ཀྱི་ཡོད་མེད་སྐོར་ཀློག་མྱོང་ཡོད་དམ། ང་ཚོ་མང་ཆེ་བར་དེ་དག་ཀློག་པའི་གོམ་གཤིས་མེད། གལ་ཏེ་ཀློག་པ་ཡིན་ན། བཀོལ་ཆས་གང་ཞིག་གིས་བཀོལ་ཆས་ཀྱི་བྱེད་ལས་དང་འབྲེལ་བ་གཏན་ནས་མེད་པའི་ཆོག་མཆན་རིགས་སློང་གི་ཡོད་པ་དེས། ང་ཚོ་ཧ་ལས་སུ་འཇུག་ངེས།
དཔེར་ན། གློག་འོད་བཀོལ་ཆས་ཀྱི་དམིགས་ཡུལ་ནི་གློག་འོད་གྱི་མཐུན་རྐྱེན་སྦྱོར་རྒྱུ་དེ་ཡིན། དེར་བརྟེན། བཀོལ་ཆས་དེས་ཁ་པར་སྟེང་གི་པར་ཆས་ཀྱི་གློག་འཁྱུག་དེ་བེད་སྤྱོད་བཏང་སྟེ་གློག་འོད་བསྐྲུན་དགོས་ཀྱི་ཡོད་སྟབས། ཁ་པར་གྱི་པར་ཆས་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་ཡོད། འོན་ཀྱང་། ཅིའི་ཕྱིར་གློག་འོད་བཀོལ་ཆས་ཤིག་ལ་ང་ཚོའི་ཁ་པར་གྱི་ལོ་རྒྱུས་དང་། པར་མཛོད། འབྲེལ་གཏུགས་མི་སྣ་སོགས་ལ་ལྟ་ཀློག་བྱེད་པའི་ཆོག་མཆན་དགོས་པ་རེད།
འདི་འདྲ་བའི་བཀོལ་ཆས་མང་དག་ཅིག་གིས་ཉེན་ཚབས་ཆེ་བའི་མཉེན་ཆས་ངན་པའི་རིགས་དང་ཆ་འདྲ་བའི་ཐོག་ནས་བྱེད་ལས་རྩོམ་གྱི་ཡོད། བཀོལ་ཆས་འདི་དག་ང་ཚོའི་ཁ་པར་གྱི་གཞི་གྲངས་ལ་དགའ་་མོས་བྱེད་ཀྱི་ཡོད།
ལག་འཁྱེར་ཁ་པར་སྟེང་དུ་ཁྱེད་རང་བདེ་འཇགས་ངང་གནས་བ་ལ་གཤམ་གྱི་གནད་དོན་འདི་དག་ཡིད་ལ་ཟུངས།
༡)ཁྱོད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཉར་བའི་གནས་ཚུལ་ཚང་མ་བོར་བརླགས་སླ་བ་ཡོད་ཅིང་། དེའི་ཁོངས་སུ་འདྲ་པར་དང་བརྙན་ཐུང་། འབྲེལ་མིང་། གློག་འཕྲིན། འཕྲིན་ཐུང་སོགས་ཚང་མ་ཚུད་ཡོད་། དེར་བརྟེན། སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཅི་ཞིག་ཉར་མིན་ལ་ཡིད་གཟབ་བྱོས།
༢)སྐུད་མེད་དྲ་འབྲེལ་(WiFi)དང་སོ་ལྗང་དྲ་འབྲེལ་(Bluetooth)སོགས་བེད་སྤྱོད་གཏོང་གི་མེད་པའི་སྐབས་སུ་གཟིམས་ན་ཡག
༣)གློག་ཀླད་སྟེང་དུ་ཅི་ཞིག་གིས་ཁྱེད་རང་ཉེན་སྲུང་བྱེད་པ་དེས་ཁྱེད་རང་ལག་འཁྱེར་ཁ་པར་སྟེང་དུ་ཡང་དེ་ལྟར་བྱེད་ངེས། དེ་ཡང་།
-
- མ་བསྣུན་སྔོན་ལ་བསམ་བློ་ཐོངས། འབྲེལ་ཐག་དང་ཟུར་སྣོན་གང་རུང་ལ་མ་བསྣུན།
- ཟུར་སྣོན་བེད་སྤྱོད་གཏོང་མཚམས་ཞོག ཡིག་ཆ་བགོ་འགྲེམས་བྱེད་པར། གློག་འཕྲིན་གྱི་ཟུར་སྣོན་སོགས་བེད་སྤྱོད་གཏོང་མཚམས་བཞག་ནས་ (Dropbox)ལྟ་བུའི་རིགས་བེད་སྤྱོད་ཐོངས།
- ཁྱོད་ཀྱི་གསང་ཚིག་དེ་རིང་པོ་དང་བརྟན་པོ་བཟོས། གསང་ཚིག་ལ་ཡིག་འབྲུ་ཉུང་མཐར་ཡང་བཅུ་གཉིས་ཡོད་པ་བཟོས། ད་དུང་དེའི་ཁོངས་སུ་ཡིག་ཆེན་དང་ཡིག་ཆུང་།
- ཨང་གྲངས་སོགས་འདྲེས་མ་བེད་སྤྱོད་ཐོངས། ལྷག་པར་དུ་། གསང་ཚིག་དེ་སོ་སོའི་ལག་འཁྱེར་ཁ་པར་དང་སྦྲེལ་ན་ཡག
- HTTPS ཡིས་ཁྱེད་རང་བདེ་འཇགས་དང་གསང་བ། ཉེན་སྲུང་ཡོད་པ་བཅས་བྱེད་གི་རེད་། HTTPS རྟག་པར་བེད་སྤྱོད་གཏོང་མཁན་གྱི་དྲ་ཚིགས་དང་གློག་འཕྲིན་སོགས་བེད་སྤྱོད་ཐོངས།
༤) https://guardianproject.info/apps ནས་ཉེན་སྲུང་ཅན་གྱི་ཉེར་སྤྱོད་མ་ལག་ཕབ་ལེན་དང་བེད་སྤྱོད་གཏོང་འགོ་ཚུགས།