དྲ་བའི་ཉེན་སྲུང་།
བོད་མི་རྣམས་དང་མི་གཞན་པ་མང་པོར་མགོ་རྙོག་ཅན་གྱི་དྲ་འབུའི་འཇབ་རྒོལ་དམིགས་འབེན་ཏུ་བཟུང་ཡོད་ལ་དྲ་ཐོག་གི་གསང་མྱུལ་དེ་དག་གིས་ཁོང་ཚོའི་འབྲེལ་ལམ་ཁག་དང་ལས་དོན་ཁག་ཤེས་འདོད་བྱེད་ཀྱི་ཡོད་པ་རེད། འདི་ཡིས་ཁྱེད་རང་གཅིག་པོ་ཉེན་ཁའི་གནས་སུ་བསྐྱལ་བ་ཙམ་མ་ཡིན་པར། ཁྱོད་ཀྱི་དྲ་འབྲེལ་ཚང་མར་དཀའ་ངལ་སྤྲོད་ཀྱི་ཡོད། ཁྱོད་རང་དང་ཁྱོད་ཀྱི་ངོ་ཤེས་རྣམས་ཉེན་སྲུང་ཡོང་བའི་སླད་དུ་སོ་སོའི་གཤིས་སྤྱོད་བརྗེ་བསྒྱུར་བྱོས།
གཞན་གྱིས་གནོད་འཚེ་གཏོང་ཡུལ་ཞིག་མ་བྱེད།
ཧྥེ་ཞིན་(phishing)ཟེར་བ་དེ་ནི་ སྒེར་གྱི་གཞི་གྲངས་དང་། གསང་ཚིག དངུལ་ཁང་གི་གནས་ཚུལ་སོགས་སྒེར་གྱི་གནས་ཚུལ་རྐུ་བྱེད་ཀྱི་ཡོ་ཆས་ཤིག་ཡིན་ལ། ཀུན་སློང་དང་དམིགས་ཡུལ་འདྲ་མིན་་ལ་གཞིར་བཞག་ནས། ཡོ་ཆས་དེ་མི་སྡེའི་སྤྱི་ཚོགས་ཆེན་པོ་ཞིག་ལ་དམིགས་འབེན་བཟུང་སྟེ། དུས་གཅིག་ཏུ་ཁྱབ་ཆེ་བའི་འཇབ་རྒོལ་བྱེད་ཐུབ། …
ཡིག་ཆ་གསོག་ཉར་བྱེད་མཁན་ཞིག་མ་བྱེད།
ཁྱིམ་གྱི་གད་སྙིགས་རྣམས་གཙང་མ་བཟོ་བ་བཞིན་ཁྱེད་ཀྱིས་སོ་སོའི་དྲ་ཐོག་གི་མཛོད་སྒམ་གཙང་མ་བཟོ་གི་ཡོད་དམ། དྲ་ཐོག་གི་འགྲུལ་བཞུད་འགོ་བཙུགས་པ་ནས་བཟུང་། ཁྱེད་ཀྱིས་སོ་སོ་སྒེར་དང་ལས་ཀར་འབྲེལ་བ་ཡོད་པའི་གློག་འཕྲིན་གང་མང་ཞིག་གཏོང་ལེན་བྱས་ཡོད་ལ། གློག་འཕྲིན་དེ་དག་ཕལ་ཆེ་བའི་ནང་དུ་ཁྱེད་ལ་མི་དགོས་པའི་པར་རིས་དང་ཡིག་ཆ་སོགས་ཀྱང་འདུས་ཡོད། འོན་ཀྱང་དེ་དག་དྲ་ཐོག་ཏུ་གཏན་དུ་ཉར་ཚགས་བྱས་ཡོད་པ་རེད། དྲ་ཐོག་གི་འཇབ་རྒོལ་པས་ཁྱེད་ལ་གནོད་པ་སྐྱེལ་བ་དང་། ཁྱེད་ཀྱི་ལག་པ་ནས་དངུལ་གྱི་ཁེ་ཕན་བཟོ་ཕྱིར། …
རིམ་པ་གཉིས་ཅན་དེ་བེད་སྤྱོད།
ཁྱེད་ལ་སོ་སོའི་ངོ་དེབ་དང་གློག་འཕྲིན་ཡིག་ཟམ་ལ་སོགས་མི་གཞན་གྱིས་སྟངས་འཛིན་དང་འཇབ་རྒོལ་བྱེད་སྲིད་པའི་ཞེད་སྣང་དེ་འདྲ་སྐྱེས་མྱོང་ཡོད་དམ། ཁྱེད་ཀྱིས་སོ་སོ་རང་ཉིད་དྲ་ཐོག་ནས་སྲུང་སྐྱོབ་བྱེད་པའི་ཤེས་བྱ་གང་མང་མེད་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་དམ། དགའ་འོས་པའི་དོན་དག་ཞིག་ལ། རིམ་པ་གཉིས་ཀྱི་བདེན་དཔང་བརྒྱུད་ནས། ཁྱེད་ཀྱིས་རང་ཉིད་ལས་སླ་པོའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་དེ་རེད། གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་གསང་ཚིག་གཏོར་ཐུབ་ན་ཡང་། རིམ་པ་གཉིས་ཅན་གྱི་བདེན་དཔང་གི་མཐུན་རྐྱེན་དེས། …
ཁྱོད་ཀྱི་དགྲ་བོ་ཁྱོད་ཀྱི་གློག་འཕྲིན་གྱི་ཕྱི་ལ་བསྐྲོད།
HTTPS དང་ར་སྤྲོད་རིམ་པ་གཉིས་ཅན་ནི་ཁྱོད་ཀྱི་གློག་འཕྲིན་ལ་སོ་མྱུལ་བའི་སིམ་འཛུལ་མེད་པར་བདེ་འཇགས་ངང་ཉར་བ་ལ་ལག་ཆ་གལ་ཆེན་པོ་གཉིས་ཡིན། ཁྱོད་ཀྱིས་གློག་འཕྲིན་ནང་འཛུལ་བྱེད་དུས་གཅིག་པོ་མ་ཡིན་པར། ཁྱོད་ཀྱིས་གློག་འཕྲིན་གྱིས་དུས་རྟག་ཏུ་HTTPS བེད་སྤྱོད་གཏོང་གི་ཡོད་པ་བྱོས། ཁྱེད་རང་གློག་འཕྲིན་ནང་འཛུལ་སྐབས་དྲ་ཚིགས་ཀྱི་ཁ་བྱང་ལ་བརྟག་དཔྱད་བྱོས། གལ་སྲིད་ཁྱོད་ཀྱིས་ཁ་བྱང་ཁོངས་སུ་ HTTPS མི་མཐོང་ཚེ། གློག་འཕྲིན་ཞབས་ཞུ་བརྗེ་བོ་རྒྱོབས། རྗེ་མེལ་དང་ཡ་ཧོ། ཧོ་ཁྲི་མེལ་གསུམ་གྱིས་དུས་རྟག་ཏུ་HTTPS མཁོ་སྤྲོད་བྱེད་ཀྱི་ཡོད། …
དྲ་ཐོག་ཏུ་བདེ་འཇགས་ངང་སྡོད་པ་ལ་HTTPS བེད་སྤྱོད་ཐོངས།
དྲ་ཐོག་གི་བདེ་འཇགས་དང་ཉེན་སྲུང་། གསང་བ་བཅས་ཀྱི་སླད་དུ། HTTPS བེད་སྤྱོད་ཐོངས། ༡) ཁྱེད་རང་དྲ་ཐོག་ཉུལ་བའི་སྐབས་སུ། དྲ་ཚིགས་གི་ཁ་བྱང་ལ་བལྟོས། …
མ་བསྣུན་སྔོན་ལ་བསམ་བློ་ཐོངས།
ཁྱེད་རང་ལ་གློག་འཕྲིན་ནམ་ངོ་དེབ། ཡང་ན་Whatsapp,འཕྲུལ་སྒྲ་སོགས་བརྒྱུད་ནས་གཤམ་གྱི་འཕྲིན་ཐུང་ལྟ་བུའི་རིགས་འབྱོར་མྱོང་ངམ། དཔེར་ན། “ཁྱེད་ཀྱིས་རང་གི་བརྙན་པར་ཁྱད་མཚར་ཞིག་དྲ་ངོས་སུ་བཞག་འདུག་པ་དེ་མཐོང་བྱུང་ངམ།” “འདི་རུ་བསྣུན་ནས་ཛ་དྲག་ཆེ་བའི་བོད་ནང་གི་གནས་སྟངས་སྐོར་གྱི་གསར་འགྱུར་དེ་ཀློགས།” “༸རྒྱལ་བ་རིན་པོ་ཆེ་ནས་བརྡ་འཕྲིན་གལ་ཆེན་ཞིག” དེ་ཡིས་འབྲེལ་ཐག་འདི་དག་གི་སྟེང་ལ་བསྣུན་པར་བློ་འདོད་བྱེད་ཀྱི་འདུག …
HTTPS ཡིས་ཁྱེད་རང་ཉེན་སྲུང་དང་བདེ་འཇགས། གསང་བ་སྒོ་ནས་སྲུང་སྐྱོབ་བྱེད་གི་རེད།
གལ་སྲིད་ཁྱོད་ཀྱིས་དྲ་ཚིགས་གི་འགོ་བྱང་དུ་ HTTP མཐོང་ཚེ། དེའི་གོ་དོན་ནི། ཁྱོད་ཀྱིས་དྲ་ཐོག་ཏུ་ཅི་ཞིག་བྱེད་པ་ཚང་མར་གཞན་གྱི་ལྐོག་བལྟ་དང་བྱ་ར་བྱེད་ཐུབ་གི་རེད་ཟེར་གི་ཡོད། དཔེར་ན། ཁྱོད་ཀྱིས་གློག་འཕྲིན་གཏོང་བའམ་གླེང་མོལ་བྱེད་པ། …
ཟུར་སྣོན་དང་ཁ་བྲལ།
ངས་ཅིའི་ཕྱིར་འདི་གལ་ཆེན་ལ་བརྩི་དགོས་སམ། གལ་སྲིད་ཁྱེད་རང་། ང་ལ་ཅི་ཡང་སྦས་སྐུང་བྱེད་རྒྱུ་མེད། ང་ཅིའི་ཕྱིར་སྐྲག་དགོས་སམ། བསམ་མཁན་ཞིག་ཡིན་ཚེ། བསམ་བློ་བསྐྱར་དུ་ཐོངས་དང་། དྲ་ཐོག་གི་འཇབ་རྒོལ་མང་ཆེ་བའི་དམིགས་ཡུལ་ནི་གནས་ཚུལ་བརྐུ་འཁྱེར་བྱེད་རྒྱུ་དེ་རེད། …
བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།
ང་ཚོ་མང་ཆེ་བས་བཀོལ་སྤྱོད་བྱེད་བཞིན་པའི་གླེང་མོལ་བཀོལ་ཆས་ཁང་གི་ནང་དུ། གཤམ་གྱི་བརྗོད་གཞི་འདི་འདྲའི་སྒང་དུ་བརྙན་ཐུང་དང་འཕྲིན་ཐུང་རིགས་འབྱོར་གྱི་ཡོད།
ཧྥེ་ཞིན་(phishing)ཟེར་བ་དེ་ནི་ སྒེར་གྱི་གཞི་གྲངས་དང་། གསང་ཚིག དངུལ་ཁང་གི་གནས་ཚུལ་སོགས་སྒེར་གྱི་གནས་ཚུལ་རྐུ་བྱེད་ཀྱི་ཡོ་ཆས་ཤིག་ཡིན་ལ། ཀུན་སློང་དང་དམིགས་ཡུལ་འདྲ་མིན་་ལ་གཞིར་བཞག་ནས། ཡོ་ཆས་དེ་མི་སྡེའི་སྤྱི་ཚོགས་ཆེན་པོ་ཞིག་ལ་དམིགས་འབེན་བཟུང་སྟེ། དུས་གཅིག་ཏུ་ཁྱབ་ཆེ་བའི་འཇབ་རྒོལ་བྱེད་ཐུབ། འཇབ་རྒོལ་པས་མིང་གྲགས་ཆེ་བའི་ཚོགས་པ་དང་བཟོ་ཚོང་ཁང་སོགས་ལ་བརྫུས་ནས་གཞན་ལ་གློག་འཕྲིན་གཏོང་བ་དང་། དྲ་ངོས་གང་རུང་དུ་ནང་འཛུལ་བྱེད་སའི་ཤོག་ངོས་རྫུན་མ་བེད་སྤྱད་དེ། ཁྱེད་ལ་འབྱོར་བའི་གློག་འཕྲིན་དེ་དངོས་ནས་ཁྲིམས་མཐུན་གྱི་ཚོགས་པ་གང་རུང་ཞིག་གིས་བཏང་བ་ཡིན་པའི་ཡིད་ཆེས་བྱེད་དུ་འཇུག་གི་ཡོད།
དྲ་ཐོག་གི་འགྲུལ་བཞུད་འགོ་བཙུགས་པ་ནས་བཟུང་། ཁྱེད་ཀྱིས་སོ་སོ་སྒེར་དང་ལས་ཀར་འབྲེལ་བ་ཡོད་པའི་གློག་འཕྲིན་གང་མང་ཞིག་གཏོང་ལེན་བྱས་ཡོད་ལ། གློག་འཕྲིན་དེ་དག་ཕལ་ཆེ་བའི་ནང་དུ་ཁྱེད་ལ་མི་དགོས་པའི་པར་རིས་དང་ཡིག་ཆ་སོགས་ཀྱང་འདུས་ཡོད། འོན་ཀྱང་དེ་དག་དྲ་ཐོག་ཏུ་གཏན་དུ་ཉར་ཚགས་བྱས་ཡོད་པ་རེད། དྲ་ཐོག་གི་འཇབ་རྒོལ་པས་ཁྱེད་ལ་གནོད་པ་སྐྱེལ་བ་དང་། ཁྱེད་ཀྱི་ལག་པ་ནས་དངུལ་གྱི་ཁེ་ཕན་བཟོ་ཕྱིར། ཡིག་ཆ་དེ་དག་རྐུ་འཁྱེར་བྱེད་པར་དགའ་མོས་བྱེད་ཀྱི་ཡོད།
ཁྱོད་ཀྱི་གློག་འཕྲིན་དང་ངོ་དེབ་སོགས་ཀྱི་ཁ་བྱང་དེ་ནང་འཛུལ་་རིམ་པ་གཉིས་ཅན་གྱི་གོ་རིམ་དེ་བེད་སྤྱོད་ཐོངས།
ཁྱེད་ལ་སོ་སོའི་ངོ་དེབ་དང་གློག་འཕྲིན་ཡིག་ཟམ་ལ་སོགས་མི་གཞན་གྱིས་སྟངས་འཛིན་དང་འཇབ་རྒོལ་བྱེད་སྲིད་པའི་ཞེད་སྣང་དེ་འདྲ་སྐྱེས་མྱོང་ཡོད་དམ། ཁྱེད་ཀྱིས་སོ་སོ་རང་ཉིད་དྲ་ཐོག་ནས་སྲུང་སྐྱོབ་བྱེད་པའི་ཤེས་བྱ་གང་མང་མེད་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་དམ། དགའ་འོས་པའི་དོན་དག་ཞིག་ལ། རིམ་པ་གཉིས་ཀྱི་བདེན་དཔང་བརྒྱུད་ནས། ཁྱེད་ཀྱིས་རང་ཉིད་ལས་སླ་པོའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་དེ་རེད།
གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་གསང་ཚིག་གཏོར་ཐུབ་ན་ཡང་། རིམ་པ་གཉིས་ཅན་གྱི་བདེན་དཔང་གི་མཐུན་རྐྱེན་དེས། མི་དེ་ཁྱེད་ཀྱི་གློག་འཕྲིན་ཡིག་ཟམ་སོགས་ལ་འཛུལ་བར་བཀག་འགོག་བྱེད་ཀྱི་རེད། དེ་ནི་སྲུང་སྐྱོབ་ཀྱི་རིམ་པ་འཕར་མ་ཞིག་སྟེ། ཁྱེད་ཀྱི་ཁ་པར་སྟེང་གི་བཀོལ་ཆས་ཤིག་གམ་འཕྲིན་ཐུང་བརྒྱུད་ནས་ཁྱེད་རང་གཅིག་པོར་གསང་ཚིག་ཞིག་འབྱོར་གི་རེད།
གསང་ཉུལ་བ་དང་དྲ་ཐོག་གི་འཇབ་རྒོལ་པ་ཚོ་ཁྱེད་ཀྱི་ངོ་དེབ་དང་ཡིག་ཟམ་སོགས་ལས་ཕྱིར་བསྐྲོད་བྱེད་པར། རིམ་པ་གཉིས་ཀྱི་བདེན་དཔང་དེ་དགོས་གལ་ཆེན་པོ་ཆགས་ཡོད།
Gmail, Twitter, Facebook, Instagram, Snapchat སོགས་ཀྱིས་རིམ་པ་གཉིས་ཀྱི་བདེན་དཔང་གི་མཐུན་རྐྱེན་དེ་མཁོ་སྤྲོད་བྱེད་ཀྱི་ཡོད་པས། དེ་རིང་ནས་དེ་ཚོ་བྱེད་ལས་ཅན་ཏུ་བསྒྱུར།
གལ་སྲིད་ཁྱོད་ཀྱིས་དྲ་ཚིགས་གི་འགོ་བྱང་དུ་ HTTP མཐོང་ཚེ། དེའི་གོ་དོན་ནི། ཁྱོད་ཀྱིས་དྲ་ཐོག་ཏུ་ཅི་ཞིག་བྱེད་པ་ཚང་མར་གཞན་གྱི་ལྐོག་བལྟ་དང་བྱ་ར་བྱེད་ཐུབ་གི་རེད་ཟེར་གི་ཡོད། དཔེར་ན། ཁྱོད་ཀྱིས་གློག་འཕྲིན་གཏོང་བའམ་གླེང་མོལ་བྱེད་པ། དྲ་ཚིགས་ཉུལ་བ་སོགས་ཅི་ཞིག་བྱེད་གི་ཡོད་རུང་། གཞན་གྱིས་ལྐོག་ནས་ཁྱོད་ཀྱིས་དྲ་ལམ་བརྒྱུད་ནས་དྲ་ཚིགས་གང་ལ་བལྟ་གི་ཡོད་པ་དང་ཡི་གེ་དང་འདྲ་རིས་སོགས་ཅི་ཞིག་གཏོང་གི་ཡོད་པ་ཚང་མ་ཤེས་ཀྱི་ཡོད།
ཁྱོད་ཀྱིས་རྗེ་མལ་དང་ངོ་དེབ། དྲ་ཐོག་དངུལ་ཁང་སོགས་བེད་སྤྱོད་གཏོང་བའི་སྐབས་སུ་དོ་སྣང་བྱུང་ཡོད་པ་ལྟར། གལ་སྲིད་ཁྱོད་ཀྱིས་ HTTP ཡི་རྗེས་ལ”S”སྦྱར་ཡོད་པ་མཐོང་ཚེ། དེའི་གོ་དོན་ནི། ཁྱོད་རང་ལ་དྲ་ལམ་དུ་ཉེན་སྲུང་གི་མཐུན་རྐྱེན་ངེས་ཅན་ཞིག་ཡོད་པ་སྟོན་གྱི་ཡོད། “S”ཡི་གོ་དོན་ཉེན་སྲུང་(Security)ཡིན་། གལ་སྲིད་གཞན་ཞིག་གིས་ཁྱོད་རང་དྲ་ལམ་དུ་ཡོད་པ་ཧ་གོ་རུང་། ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་པ་དང་གླེང་བཞིན་པ་མི་ཤེས།
དྲན་པར་ཉེ་བར་འཇོག་རྒྱུ་ཞིག་ལ། གལ་སྲིད་ཁྱོད་ཀྱིས “S” ཡོད་པ་མ་མཐོང་ཚེ། ཁྱོད་ཀྱི་གསང་ཚིག་དང་གློག་འཕྲིན། གླེང་མོལ་འཕྲིན་ཐུང་་སོགས་དྲ་ཐོག་གི་བྱེད་ལས་ཚང་མར་གཞན་གྱིས་ལྐོག་ལྟ་དང་བྱ་ར་བྱེད་ཐུབ་གི་རེད།
སོ་སོའི་འཕྲིན་ཐུང་དང་བྱེད་ལས་ཁག་ཉེན་སྲུང་ཅན་ཏུ་བསྒྱུར་ཆེ། HTTPS བེད་སྤྱོད་གཏོང་བའི་དྲ་ཚིགས་དང་ཞབས་ཞུ་བེད་སྤྱོད་ཐོངས། དྲ་བའི་ཁ་བྱང་གི་ཁོངས་སུHTTPS་ཡོད་མེད་ལ་བལྟས་ནས་སོ་སོ་དྲ་ཐོག་ཏུ་ཉེན་སྲུང་དང་བེད་འཇགས་ཡོད་པ་བྱོས།
༡) ཁྱེད་རང་དྲ་ཐོག་ཉུལ་བའི་སྐབས་སུ། དྲ་ཚིགས་གི་ཁ་བྱང་ལ་བལྟོས། གལ་སྲིད་དྲ་ཚིགས་གི་འགོ་དེ HTTPS:// མ་ཡིན་པར HTTP:// ནས་འགོ་བཙུགས་ཡོད་ཚེ། ཁྱེད་ཀྱི་དྲ་ཐོག་ལས་ཀར་གཞན་གྱིས་ལྐོག་ལྟ་བྱེད་ཐུབ་གི་ཡོད་པ་ཤེས་དགོས་བ་མ་ཟད་དྲ་ཐོག་ཏུ་ཅི་ཞིག་ལས་དང་ཅི་ཞིག་བཤད་ལ་གཟབ་གཟབ་བྱོས།
༢) རྗེ་མེལ་ནང་(HTTPS)བྱེད་ལས་ཅན་བཟོས། རྗེ་མེལ་ (Gmail) གྱིས་དུས་རྟག་ཏུ་ (HTTPS) རང་བཞིན་ནས་བེད་སྤྱོད་གཏོང་གི་ཡོད་རུང་། ཁྱེད་ལ་རང་གི་བཤེར་ཆས་བརྒྱུད་ ”རྟག་ཏུ་ HTTPS བེད་སྤྱོད་ཐོངས་” (Always use HTTPS) ཟེར་བ་དེ་སྒྲིག་ཆོག་པའི་གདེམ་ཀ་ཡོད། ཁྱེད་རང་སོ་སོའི་རྗེ་མེལ་གློག་འཕྲིན་ཏུ་འཛུལ་ནས་ཐོག་མར་ ”སྒྲིག་བཟོ་” ( Settings)ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་ ”བཤེར་ཆས་འབྲེལ་ལམ་” (Browser Connection)ཟེར་བའི་སྒང་ལ་བསྣུན་ནས། ”རྟག་ཏུ་HTTPSབེད་སྤྱོད་ཐོངས་” (Always use HTTPS)ཟེར་བ་དེ་འདེམས།
༣) ཧོ་ཀྲི་མེལ་ནང་(HTTPS) བྱེད་ལས་ཅན་བཟོས། ཐོག་མར་ཁྱེད་རང་གློག་འཕྲིན་ (Hotmail) ནང་འཛུལ། དེ་ནས་ ”གདམ་ཀ་” (Options)ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་ ”གདམ་ཀ་འདི་ལས་མང་” (More Options) ཟེར་བའི་སྒང་ལ་བསྣུན། དེ་ནས་ ”ཁྱེད་ཀྱི་ཐོ་མཛོད་དོ་དམ་” (Manage your account) ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་ ”ཐོ་མཛོད་ཞིབ་ཕྲ་” (Account Details) ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་ ”གདམ་ཀ་གཞན་པ་” (Other Options)ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་HTTPSལ་མཐུད་པ་ཟེར་བ་དེའི་སྒང་ལ་བསྣུན་ཏེ་གྲུབ་པར་བྱོས།
༤) ངོ་དེབ་སྟེང་(HTTPS)བྱེད་ལས་ཅན་བཟོས།ཐོག་མར་ངོ་དེབ་དུ་ཡར་འཛུལ། དེ་ནས་པར་གཞིའི་གཡས་ཕྱོགས་ཀྱི་སྒང་ན་ཡོད་པའི་ ”ཐོ་མཛོད་སྒྲིག་བཟོ་” (Account Settings) ཟེར་བ་དེའི་སྒང་ལ་བསྣུན། དེའི་རྗེས་སུ། པར་གཞིའི་གཡོན་ཕྱོགས་སུ་ཡོད་པའི་ ”ཉེན་སྲུང་” (Security) ཟེར་བ་དེའི་སྒང་ལ་བསྣུན། དེ་ནས་ ”བཤེར་ཆས་ཉེན་སྲུང་” (Secure Browsing) ཟེར་བ་དེ་ཡི་རྗེས་སུ་ཡོད་པའི་ ”རྩོམ་སྒྲིག”(Edit) ཟེར་བ་དེའི་སྒང་ལ་བསྣུན་ཅིང་། ཉེན་སྲུང་བཤེར་ཆས་དེ་བྱེད་ལས་ཅན་ཏུ་བསྒྱུར།
༥) (Firefox Browser) ལྦ་མེའི་བཤེར་ཆས་དང་ Google Chrome ནང་(EFF)ཡི་ཡོངས་ཁྱབ་HTTPS (‘HTTPS Everywhere’)ཟེར་བ་དེ་ནང་འཇུག་བྱོས།
༦) འཛམ་གླིང་སྟེང་གི་དྲ་ཚིགས་དྲག་གྲས་བརྒྱ་ཙམ་ལ་(HTTPS་)བེད་སྤྱོད་གཏོང་འགོ་ཚུགས་རྒྱུར་རེ་འདོན་གྱི་འབོད་སྐུལ་ཞུ་ཡིག་དེར་མཚན་རྟགས་འཁོད། https://www.accessnow.org/page/s/ProtectOurPrivacy
དཔེར་ན།
-
“ཁྱེད་རང་གི་བརྙན་པར་ཁྱད་མཚར་ཞིག་དྲ་ཐོག་ཏུ་བཞག་འདུག་པ་དེ་ཁྱེད་ཀྱིས་མཐོང་སོང་ངམ།”
-
“འདི་རུ་བསྣུན་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་གསར་འགྱུར་དེ་ཀློགས།”
-
“༸རྒྱལ་བ་རིན་པོ་ཆེའི་བརྡ་འཕྲིན་གལ་ཆེན་ཞིག”
འབྲེལ་ཐག་འདི་དག་གི་སྟེང་ལ་བསྣུན་པའི་འདོད་པ་ཆེན་པོ་འདུག་གམ། མ་རེད་དམ།
ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ། དོན་དངོས་ཐོག་འབྲེལ་ཐག་དེ་དག་ནི་གནོད་འཚེ་ཅན་ཤ་སྟག་ཡིན་ཞིང་། དེ་དག་གིས་ཁྱེད་རང་དྲ་ངོས་གཞན་ཞིག་ཏུ་ཁྲིད་ཏེ། གནས་དེ་རུ་ཁྱེད་ཀྱི་གློག་ཀླད་དང་ཁ་པར་སོགས་ལ་དྲ་འབུའི་ནད་ཡམས་འགོས་སུ་འཇུག་ཐུབ།
ཁྱེད་ཀྱིས་་སོ་སོའི་གློག་འཕྲིན་དང་། ངོ་དེབ། ཡང་ན་ WhatsApp སོགས་འབྲེལ་མཐུད་ཀྱི་བཀོལ་ཆས་རིགས་བརྒྱུད་དེ་འབྱོར་བའི་འབྲེལ་མེད་ཀྱི་ཟུར་སྣོན་དང་འབྲེལ་ཐག་རིགས་རྩ་བ་ནས་ཁ་མ་འབྱེད།
ཁྱེད་ལ་གློག་འཕྲིན་དེ་འབྱོར་བའི་ངེས་གཏན་ཡོད་ན་མ་གཏོགས། ཟུར་སྣོན་དང་འབྲེལ་ཐག་གི་ཁོངས་སུ་དྲ་འབུ་བསྐུངས་ཡོད་ངེས་ལ། དེ་ཁྱེད་ཀྱིས་ཁ་ཕྱེས་བའི་དུས་སྐད་ཅིག་མ་དེར། ཁྱེད་ཀྱི་གློག་ཀླད་དང་ཁ་པར་སོགས་ལ་དྲ་འབུའི་གནོད་འཚེ་ཐེབས་འགྲོ
ངས་ཅིའི་ཕྱིར་འདི་གལ་ཆེན་ལ་བརྩི་དགོས་སམ།
གལ་སྲིད་ཁྱེད་རང་། ང་ལ་ཅི་ཡང་སྦས་སྐུང་བྱེད་རྒྱུ་མེད། ང་ཅིའི་ཕྱིར་སྐྲག་དགོས་སམ། བསམ་མཁན་ཞིག་ཡིན་ཚེ། བསམ་བློ་བསྐྱར་དུ་ཐོངས་དང་། དྲ་ཐོག་གི་འཇབ་རྒོལ་མང་ཆེ་བའི་དམིགས་ཡུལ་ནི་གནས་ཚུལ་བརྐུ་འཁྱེར་བྱེད་རྒྱུ་དེ་རེད། འོན་ཀྱང་། ང་ཚོ་མང་པོ་ཞིག་གིས་སོ་སོའི་ཉར་ཆས་སུ་ཡོད་པའི་གནས་ཚུལ་ལམ་ཡང་ན་སོ་སོར་ཡོད་པའི་དྲ་ཐོག་གི་དྲ་འབྲེལ་རྣམས་གནས་ཚུལ་ཡིན་པར་ངོས་འཛིན་ཐུབ་ཀྱི་ཡོད་མ་རེད།སྤྱིར་བཏང་ནས་ས་ཕྱོགས་གང་སར་ཡོད་པའི་མི་རྣམས་ལ་སོ་སོའི་དྲ་འབྲེལ་རྣམས་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་ཡོད་མོད། བོད་མི་རྣམས་ལ་དེ་ལས་ལྷག་པའི་འགན་འཁྲི་ཡོད་པ་རེད། ང་ཚོས་འདི་ལ་སྣང་ཆུང་ཤོར་བ་ཡིན་ན། འདིས་སོ་སོའི་དྲ་འབྲེལ་གྱི་ཁོངས་སུ་ཡོད་པའི་གྲོགས་པོའམ་ཡང་བོད་མི་གང་རུང་གི་མི་ཚེར་དཀའ་ངལ་འཕྲད་སྲིད་པ་རེད།
ཁྱོད་ཀྱིས་གློག་འཕྲིན་ནང་འཛུལ་བྱེད་དུས་གཅིག་པོ་མ་ཡིན་པར། ཁྱོད་ཀྱིས་གློག་འཕྲིན་གྱིས་དུས་རྟག་ཏུ་HTTPS བེད་སྤྱོད་གཏོང་གི་ཡོད་པ་བྱོས།
ཁྱེད་རང་གློག་འཕྲིན་ནང་འཛུལ་སྐབས་དྲ་ཚིགས་ཀྱི་ཁ་བྱང་ལ་བརྟག་དཔྱད་བྱོས། གལ་སྲིད་ཁྱོད་ཀྱིས་ཁ་བྱང་ཁོངས་སུ་ HTTPS མི་མཐོང་ཚེ། གློག་འཕྲིན་ཞབས་ཞུ་བརྗེ་བོ་རྒྱོབས།
རྗེ་མེལ་དང་ཡ་ཧོ། ཧོ་ཁྲི་མེལ་གསུམ་གྱིས་དུས་རྟག་ཏུ་HTTPS མཁོ་སྤྲོད་བྱེད་ཀྱི་ཡོད།
ཁྱོད་ཀྱི་གློག་འཕྲིན་ཆེད་དུ་ར་སྤྲོད་རིམ་པ་གཉིས་ཅན།
ཁྱོད་ཀྱིས་སོ་སོའི་གློག་འཕྲིན་ཁ་ཕྱེས་ཐེངས་རེར། ར་སྤྲོད་རིམ་པ་གཉིས་ཅན་གྱིས་ཁྱོད་ཀྱི་ལག་འཁྱེར་ཁ་པར་དུ་ཨང་ཚབ་ཞིག་གཏོང་གི་རེད། གལ་སྲིད་མི་ཞིག་གིས་ཁྱོད་ཀྱི་གསང་ཚིག་རྙེད་པ་ཡིན་རུང་། ཁོང་ཚོ་ཁྱེད་ཀྱི་གློག་འཕྲིན་ཁོངས་སུ་འཛུལ་མི་ཐུབ། རྒྱུ་མཚན། ཁོང་ཚོར་ཨང་ཚབ་དེ་མི་རེག
ར་སྤྲོད་རིམ་པ་གཉིས་ཅན་ནི་རྗེ་མེལ་དང་ཧོ་ཁྲི་མེལ་གཉིས་ཀས་བེད་སྤྱོད་གཏོང་གི་ཡོད། ཁྱོད་ཀྱི་སྒྲིག་བཟོའི་ཐོ་མཛོད་དུ་སོང་ནས་ར་སྤྲོད་རིམ་པ་གཉིས་ཅན་དེ་འདེམས།
- ཚྭ་བླུགས་ཡོད་པའི་ཆུ་དྲོད་འཇམ་བཏུངས་ན། ཏོག་དབྱིབས་ནད་དུག་གི་འབུ་ཕྲ་དེ་ཁྱེད་ཀྱི་གློ་བའི་ནང་དུ་འཛུལ་མི་ཐུབ།
- འཚོ་བཅུད་ཀྱི་སྨན་C་མང་པོ་མཆོད་དེ། གཟུགས་པོའི་ནང་གི་ནད་འགོག་ནུས་པ་ཆེ་རུ་བཏང་ན། ཁྱེད་ལ་ཏོག་དབྱིབས་ནད་དུག་འགོས་མི་ཐུབ།
- ༧གོང་ས་སྐྱབས་མགོན་མཆོག་གིས་ཇ་ནག་ཁུ་མཆོད་ན། ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཟེར།
- བོད་མི་ཞིག་གིས་བཤད་པའི་དྲང་བདེན་གྱི་སྐད་ཆའི་བརྙན་ཐུང་འདི་གང་མང་ལ་བརྒྱུད་སྐུར་བྱེད་རོགས།
ང་ཚོས་མི་གཞན་པ་གང་མང་ཞིག་ལ་ཕན་རེ་ཐོགས་ན་སྙམ་སྟེ། གནས་ཚུལ་འདི་རིགས་ལམ་སེང་བརྒྱུད་སྐུར་བྱེད་ཀྱི་ཡོད། འོན་ཀྱང་། གནས་ཚུལ་འདི་དག་མང་ཆེ་བ་ཞིག་རྫུན་མ་ཡིན་སྟབས། ཁྱེད་ཀྱིས་བརྒྱུད་བསྐུར་བྱས་པའི་གནས་ཚུལ་དེས་གཞན་ལ་ཕན་རྒྱུའི་ཚབ་ཏུ། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་གི་འཕྲོད་བསྟེན་ལ་དཀའ་ངལ་སྤྲོད་ཀྱི་ཡོད།
གནས་ཚུལ་འདི་འདྲ་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་གནས་ཚུལ་་ནོར་བ་ཡིན་རུང་། ཕན་སེམས་བཅངས་ཏེ་བརྒྱུད་བསྐུར་བྱས་པ་དེས། མི་གཞན་ལ་གནོད་པ་སྐྱེལ་ཡོད་པ་དང་། རིགས་གཞན་པ་དེས་གནས་ཚུལ་རྫུན་མ་བེད་སྤྱད་དེ་སྤྱི་ཚོགས་འཆམ་མཐུན་ལ་གནོད་སྐྱོན་གཏོང་གི་ཡོད།