ཞི་བའི་གདོང་ལེན་པ་བཞི་ལ་རྗེམ་སུ་ ལོ་སོན་གཟེངས་རྟགས་(James Lawson Award)ཐོབ་པ།

ནེ་ཐན་ སི་ཁ་ནིས་རྡར་( Nathan Schneider)གྱིས་བྲིས།

ཁ་སང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་རྩོད་རྙོག་ལྟེ་གནས་ཁང་(International Center on Nonviolent Conflict)གིས་། ཐེངས་དང་པོའི་རྗེམ་སུ་ལོ་སོན་གཟེངས་རྟགས་དེ་འཚེ་མེད་ཞི་བའི་ཡར་རྒྱས་ཆེད་གནང་འདུག མཛད་སྒོ་དེ་ནི་། (FSI) ཟེར་བའི་བདུན་གཅིག་རིང་གི་འཚེ་མེད་ཞི་བའི་རྩོད་རྙོག་ཐད་ཀྱི་ཟབ་སྦྱོང་དང་བསྟུན་ནས། རྒྱལ་སྤྱིའི་འཚེ་མེད་ཞི་བའི་རྩོད་རྙོག་ལྟེ་གནས་ཁང་གི་ལོ་འཁོར་མཇུག་སྡོམ་བརྒྱུད་། (Tufts)གཙུག་ལག་སློབ་ཁང་གི་ལས་འགུལ་སྣ་མང་སྤེལ་སའི་ཚོགས་ཁང་ཞིག་ཏུ་ཉིན་གུང་གསོལ་ཚིགས་སྐབས་སུ་འཚོགས་གནང་འདུག རྗེམ་སུ་ལོ་སོན་གཟེངས་རྟགས་འཐོབ་མཁན་བུད་མེད་བཞི་བྱུང་འདུག་ཅིང་། ཁོང་ཚོ་ཚང་མ་བདུན་གཅིག་རིང་གི་བགྲོ་གླེང་དང་ཟབ་སྦྱོང་དེར་མཉམ་ཞུགས་གནང་འདུག གཟེངས་རྟགས་བཞེས་མཁན་བུད་མེད་བཞི་ནི། མེ་རེས་ ཁིན་( Mary King)དང་རྒ་རྡ་ ཞ་རྦེན་སྒྲར།(Ghada Shahbender) བཀྲས་མཐོང་ལྷག་སྒྲོན། ན་རྡ་ ཨལ་བ་རྡེས་(Nada Alwadi) བཅས་རེད་།

(FSI)ཡིས་འཛམ་གླིང་ཁྱོན་ཡོངས་ནས་གཏམ་བཤད་པ་དང་འཛུལ་ཞུགས་པ་ཆེད་བསྐོང་གནང་ཞིང་། མི་སྣ་དེ་དག་ཀྱང་འབར་མ་(Burma)དང་མ་རྡ་སྒ་སི་ཁར།(Madagascar) སི་བིས་སྒྲིན།(Sweden) ཨ་རྫར་རྦེ་རྗེན་(Azerbaijan)བཅས་ནས་ཡོང་འདུག ཁོང་ཚོ་ནི་འཐབ་རྩོད་པ་དང་མཁས་པ། གསར་འགོད་པ། ཞི་བའི་གདོང་ལེན་པ། བཙོན་པ། སྐྱབས་བཅོལ་བ། གྲོང་གསེབ་པ་བཅས་རེད་། ཁང་པའི་ནང་དུ་དཔའ་མཛངས་ནི་སྤྱིར་བཏང་ལྟ་བུ་ཞིག་ཡིན་མོད་། ཚོར་བ་དེས་སྐད་ཅིག་ཉིད་ལ་རེ་བ་ནས་ཞུམ་པ་དང་། དགའ་སྟོན་ནས་མྱ་ངན་དབར་ཡོམ་ཡོམ་སྒུལ། དགོད་སྒྲའི་ཁྲོད་དུ། གཏམ་རྒྱུད་གཞན་པ་དེས་ཁྱེད་ལ་དེ་ནི་ཇི་འདྲའི་སྡུག་བསྔལ་བ་དང་བརྗོད་དཀའ་བ། ད་དུང་། དེ་ཡིས་འཁྱེར་བའི་ཚེ་སྲོག་བཅས་དྲན་སྐུལ་མ་གནང་བར་དུ། ཁྱེད་ཀྱིས་སེམས་སུ་དཔའ་མཛངས་སྐྱོང་བ་ནི་ལས་སླ་བོར་མཐོང་སྲིད་།

lawsonawardwinners

བདུན་གཅིག་རིང་གི་ཟབ་སྦྱོང་དེའི་ཁྲོད་། ཁོང་ཚོས་མནར་གཅོད་དང་བཙོན་འཇུག འདྲི་ཞིབ། རྒྱལ་ཁ། ཕ་ཡུལ་དྲན་པའི་སྡུག་བསྔལ་གྱི་ལོ་རྒྱུས་སོགས་ཀྱི་སྐོར་གཏམ་བཤད་གནང་། ཁོང་ཚོས་མཚམས་ལན་རེར་སྤྱན་ཆབ་བསིལ། འོན་ཀྱང་། དེ་ནི་སྤྱན་ཆབ་སྤྱིར་བཏང་བ་ཞིག་མིན། ཉི་མ་མང་པོར་ཞི་བའི་འགོག་རྒོལ་ཀྱི་ཐབས་ཇུས་ཐད་གྲོས་བསྡུར་གནང་རྗེས། ཁོང་ཚོ་ནི་ལག་ལེན་དང་མངོན་འགྱུར་གྱི་རེ་བས་བཅིངས་ནས་འདུག ཁང་པ་དེ་ཚོའི་ནང་དུ་མངོན་འདོད་ཀྱི་རེ་བས་ཁེངས་ཤིང་། དེ་ཡང་རེ་བ་ཙམ་མ་ཡིན་པར་རྒྱུ་མཚན་ཅན་གྱི་རེ་བའོ།

རྒྱལ་སྤྱིའི་འཚེ་མེད་ཞི་བའི་རྩོད་རྙོག་ཁང་གི་འགན་འཛིན་སྐུ་ཞབས་རྗེ་ཁུ་ སྒྲུའུ་བེལ་(Jack Duvall) གྱིས་། གཟེངས་རྟགས་བཞེས་མཁན་རྣམས་ངོ་སྤྲོད་གནང་ཞིང་རྗེམ་སི་ལོ་སོན་སྐུ་དངོས་སུ་ཕེབས་ནས་ཁོང་ཚོར་གཟེངས་རྟགས་གནང་། ལོ་སོན་ནི་ཨ་རིའི་མང་ཚོགས་དཀྱུས་མའི་ཐོབ་ཐང་ལས་འགུལ་གྱི་ཐབས་ཇུས་འདིངས་མཁན་གཙོ་བོའི་གྲས་ཡིན་ཞིང་། ཁོང་གི་བྱེད་སྒོ་ནི་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གྱི་ལས་འགུལ་( Nashville lunch counter sit-ins) ཁྲོད་གསལ་བར་གནས་ཡོད་། ལོ་ངོ་ལྔ་བཅུའི་གོང་དུ་། ཁོང་གིས་རང་དབང་ལས་འགུལ་གྱི་ཆ་ཤས་རྒྱ་ཆེར་བླངས་ཤིང་། དེ་ནས་བཟུང་། ཁོང་གིས་ཨ་རིས་འགོ་བསླངས་པའི་གོ་རི་ཡའི་དམག་འཐབ་ལ་དགག་བྱ་གནང་མཁན་གྱི་ལྟ་སྤྱོད་བསྐྱངས་ཤིང་། རྒྱ་གར་དུ་ཕྱིན་ནས་སེམས་དཔའ་ཆེན་པོ་གྷན་རྡི་ཡི་འཚེ་མེད་ཞི་བའི་ལྟ་སྤྱོད་ལ་སྦྱངས་བ་གནང་།

མེ་རེས་ ཁིན་( Mary King) གྱིས་མང་ཚོགས་དཀྱུས་མའི་ཐོབ་ཐང་ལས་འགུལ་ཁྲོད་དུ་། རྗེམ་སི་ ལོ་སོན་དང་(SNCC )ཚོགས་པ་གཉིས་ཀྱི་མཉམ་དུ་ཕྱག་ལས་གནང་ཡོད་། དེ་ཡང་། ཁོ་མོའི་ལས་འགུལ་ལ་ཆེ་བསྟོད་ཐོབ་པ་ཙམ་མ་ཡིན་པར་ཁོ་མོའི་བློ་གྲོས་དང་ཤེས་ཡོན་ལ་ཡང་ཆེ་བསྟོད་ཕུལ་བ་རེད་ཅེས་རྗེ་ཁུ་ སྒྲུའུ་བེལ་(Jack Duvall)གྱིས་གསུངས། ཁིན་ནི་མང་ཚོགས་འགོག་རྒོལ་གྱི་ལས་འགུལ་ཐད་ཆེད་ལས་ཀྱི་སྤྱི་ཚོགས་ཚན་རིག་པ་ཞིག་ཡིན་ཞིང་། འཚེ་མེད་ཞི་བའི་ལས་འགུལ་གྱི་དཔེ་མཚོན་ལྟ་བུར་། གཟའ་མིག་དམར་ཉིན་ཁོ་མོས་ཐེངས་དང་པོའི་པ་ལེ་སི་ཐན་གྱི་ཞི་བའི་ངོ་རྒོལ་སྐོར་ལ་གཏམ་བཤད་གནང་། “འདི་ནི་ཇི་འདྲའི་དམིགས་བསལ་བ་ཞིག་རེད་ཨང་།” ཁོ་མོས་རང་གི་དགེ་རྒན་ལ་འཐམ་བཞིན་དེ་སྐད་སྨྲས། “ལོ་ངོ་ལྔ་བཅུ་། དུས་རབས་ཕྱེད་ཀ།”

རྒ་རྡ་ ཞ་རྦེན་སྒྲར་(Ghada Shahbender)ཡིས་ལོ་ངོ་དྲུག་གི་སྔོན་སྟེ། ཐེངས་དང་པོར་ཨེ་ཇིབ་(Egypt) ཏུ་ལས་འགུལ་བའི་ངོ་བོར་ལས་ཀ་བྱེད་དུས་། ཁོ་མོའི་བུ་ཕྲུག་རྣམས་ཀྱིས་ཁོ་མོར་རྒྱབ་སྐྱོར་བྱས་མེད་། ཁོ་མོའི་ལས་འགུལ་གྱི་བྱེད་ལས་ཀྱི་རྐྱེན་པས། ཁོ་མོས་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་དེ་ཤོར་། ཁོ་མོས་གསུངས་རྒྱུར་། “ངའི་བུ་ཕྲུག་རྣམས་ཀྱིས་ངའི་ལས་ཀར་མཐའ་གཅིག་ཏུ་ངོ་རྒོལ་གནང་བྱུང་ལ། ཁོང་ཚོ་ཞེད་སྣང་ཅན་གྱི་རིག་གཞུང་གི་ཁོར་ཡུག་ཞིག་ཏུ་འཚར་ལོངས་བྱུང་བ་རེད་།”ཟེར་། དབང་འཛིན་པའི་བཙན་གནོན་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ། ཁོ་མོས་ཡིད་ཆད་དང་འགོག་རྐྱེན་མང་པོ་ཡང་ནས་བསྐྱར་དུ་བརྒྱུད་དགོས་བྱུང་ཡོད་། ཡིན་ན་ཡང་། འདི་ལོའི་ལོ་སྟོད་དུ་མོ་རྦ་ར་ཁིའི་(Mubarak)སྲིད་གཞུང་འགྱེལ་བའི་སྐབས་སུ་། ཞ་རྦེན་སྒྲར་གྱི་གསུངས་དོན་། “ཉིན་རེའི་དུས་ཚོད་སྐར་མ་རེ་རེ་ཡིན་ཡང་རིན་ཐང་ཡོད་པ་ཞིག་རེད”་ཟེར། ཁོ་མོར་ཟླ་ངོ་གཉིས་ཀྱི་སྔོན་ཚུན་དུ་འགྱུར་བ་ཡོང་གི་རེད་བསམ་པའི་ཚོད་དཔག་དེ་བྱུང་མི་འདུག དེ་དུས་ཁོ་མོའི་བུ་ཕྲུག་རྣམས་ཁོ་མོ་དང་མཉམ་དུ་བཀྲ་རེར་རུ་ཡོད་འདུག

རྒྱ་ནག་གི་བཙན་འོག་ནས་བོད་རང་བཙན་ལེན་པར་ལས་འགུལ་གྱི་སྣེ་འཁྲིད་མཁན་སྟེ། བཀྲས་མཐོང་ལྷག་སྒྲོན་ནི་བོད་དོན་ལས་འགུལ་ལྟེ་གནས་ཁང་(Tibet Action Institute)གི་འགན་འཛིན་ཡིན་ཞིང་། ཁོ་མོས་མཐོང་མ་མྱོང་བའི་རང་གི་ལུང་པ་ལ་རང་བཙན་རེག་ཆེད་ཞི་བའི་འཐབ་རྩོད་བྱེད་བཞིན་ཡོད་། ཕྱི་ལོ་༢༠༠༨ལོར་། པེ་ཅིང་དུ་ཞི་རྒོལ་བྱས་བར་བརྟེན་ཁོ་མོ་རྒྱ་ནག་གིས་བཀག་ཉར་བྱས་མྱོང་ལ་། ཁོ་མོས་བོད་དོན་ལས་འགུལ་བ་ཚོར་འཚེ་བའི་ཞི་བའི་ཐབས་ཇུས་ངོ་སྤྲོད་གནང་བཞིན་ཡོད་། “ང་ཚོ་ཁ་གཏད་ལས་རྒྱལ་ཐུབ་པའི་གདེང་ཚོད་ང་ལ་ཡོད་།” ཁོ་མོས་མིག་ཆུ་དང་མཉམ་དུ་གཏམ་བཤད་ཀྱི་སྐབས་སུ་དེ་ལྟར་གསུངས། ཁོ་མོས་ད་དུང་གསུངས་དོན་། “ང་ཚོས་རྗེམ་སི་ ལོ་སིན་(James Lawson) དང་ལུང་པ་འདི་ནས་མང་ཚོགས་དཀྱུས་མའི་ཐོབ་ཐང་གི་འཐབ་རྩོད་ཐད་སློབ་སྦྱོང་བྱེད་ཐུབ་།” ཟེར་།

ན་རྡ་ ཨལ་བ་རྡེས་( Nada Alwadi) ནི་རྦ་རེ་ནིའི་གསར་འགོད་པ་ཞིག་ཡིན་ཞིང་། ཉེ་བའི་ཆར་། ཁོ་མོས་དབང་བསྒྱུར་པས་སྲིད་གཞུང་ལ་རྒོལ་བའི་མི་མང་ལས་འགུལ་ལ་འགྲེལ་ལོག་བརྒྱབ་པར་སུན་འབྱིན་བྱས་པར་བརྟེན་། ཁོ་མོ་རང་གི་ལུང་པར་བཀག་ཉར་དང་འདྲི་བརྩད་བྱས་འདུག (FSI)ཡི་བདུན་ཕྲག་ཧྲིལ་བོར་། ཁོ་མོས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་རྦ་རེན་(Bahrain) སྐོར་གྱི་གནས་ཚུལ་མ་དག་པ་རྣམས་ལ་དག་བཅོས་བྱེད་ཀྱིན་བསྡད་། “ངས་རང་གི་ལས་ཀ་བྱེད་བཞིན་ཡོད་།” ཁོ་མོས་མིག་ཆུ་དང་མཉམ་དུ་དེ་ལྟར་གསུངས། ད་དུང་། ཁོ་མོས་གསུངས་རྒྱུར་། “ངས་གང་མཐོང་བ་དེ་གནས་ཚུལ་ལ་འགོད་རྒྱུའི་ལམ་དེ་བདམས་པ་ཡིན།” ཟེར་། རྒྱལ་སྤྱིའི་འཚེ་མེད་ཞི་བའི་རྩོད་རྙོག་ལྟེ་གནས་ཀྱིས་ཨ་རིའི་ནང་དུ་ཁོ་མོའི་བདེ་སྲུང་ཐད་རོགས་རམ་གནང་བཞིན་ཡོད་།

ཚང་མའི་སེམས་ལ་མིག་ཆུ་འཁྱིལ་ཞིང་ཚང་མ་བཤད་ཚར་བ་དང་གྲུབ་ཚར་བའི་རྗེས་སུ། རྗེམ་ སི་ ལོ་སིན་གྱིས་གླེང་སྟེགས་བཟུང་ཞིང་། ཐབས་ཇུས་བ་ཁོང་གིས་རང་ཉིད་ཆོས་ལུགས་ཀྱི་རྣམ་བཞག་སྨྲ་བ་ཞིག་ཡིན་པར་ཡང་འདོད་། “གལ་སྲིད་དཀོན་མཆོག་གིས་” ཁོང་གིས་དེ་ལྟར་གསུངས་བཞིན། “དཀོན་མཆོག་གི་དམིགས་འདུན་ནི་འགྲོ་བ་མི་ཚང་མས་སོ་སོའི་འདོད་མོས་དང་མི་ཚེའི་ འཆར་སྣང་ཁྲོད་དཔག་དཀའ་བའི་ནུས་བ་དག་བེད་སྤྱོད་གཏོང་རྒྱུ་དེ་རེད་། སྤྱོད་ཚུལ་ཇི་འདྲ་ཞིག་སེམས་ལ་ཉར་མིན་ནི་ནོར་འཁྲུལ་མ་རེད་།” དེ་ནས་། ཁོང་གིས་ལྷག་སྒྲོན་གྱི་སྐད་ཆ་དེ་རྗེས་ཟློས་བྱས་། “རེད་། ང་ཚོ་རྣམ་པར་རྒྱལ་ཐུབ།”

Top