Latest Blog Posts

Don’t Be a Hoarder

From the beginning of your journey online you have sent or received so many emails – personal and work-related. Many of these include photos and files that you do not need, but are now saved online forever! These are the kind of files that online attackers may be interested to steal for monetary gain, and possibly even use against you.

Learn how to protect yourself and clean your digital closet today!

Visit: https://www.cybersuperhero.net/dont-be-a-hoarder/

མི་དམངས་ཀྱི་སྟོབས་ཤུགས་ཅེས་པའི་ལས་རིམ་གསར་པ། དང་པོཿ པེ་ཅིན་གྱི་དུ་ཞགས།

༩༨༩ པེ་ཅིན་ནང་དམངས་གཙོའི་སྒེར་ལངས་ཀྱི་གནས་ཚུལ་བྱུང་ནས་ལོ་ངོ་༢༨འཁོར་བའི་དུས་དྲན་ལ་རྗེས་དྲན་ཞུ་བཞིན།  རྒྱ་ནག་ནང་གི་དམངས་གཙོ་འཐབ་རྩོད་པ་རྙིང་པ་དང་གསར་པ་ཡོངས་ལ་གུས་འདུད་ཞུ་བ་དང་ཆབས་གཅིག།  ལོ་འགའ་ཤས་སྔོན་དུ་པེ་ཅིན་དུ་དངོས་སུ་བྱུང་བའི་མི་མང་འཐབ་རྩོད་ཀྱི་སྒྲུང་གསར་པ་ཞིག་འདིར་འབུལ་ལམ་ཞུ་གྱི་ཡོད།

པེ་ཅིན་གྱི་དུ་ཞགས་“ཟེར་བའི་སྒྲུང་འདི་པེ་ཅིང་ནང་མཁའ་རླུང་གཙང་བཙོག་སྐོར་གྱི་གནས་ཚུལ་མི་དམངས་ལ་དྲང་པོ་གཤོད་དགོས་ཅེས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པའི་སྐོར་རེད། སྒྲུང་འདི་ནི་ང་ཚོའི་”མི་དམངས་ཀྱི་སྟོབས་ཤུགས་“ཅེས་པའི་ལས་རིམ་གྱི་ནང་ནས་ལེ་ཚན་དང་ཐོག་འདི་ཡིན།

“མི་སྣ་གྲགས་ཅན་གྱིས་གཙོས་པའི་མི་ཚོགས་སྟོང་ཕྲག་མང་པོས་དྲ་ཐོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་པ་དེས་སྲིད་གཞུང་ལ་ཞེ་དྲག་ཁག་པོ་བཟོས་པ་རེད།”

#peoplepower https://tibetaction.net/peoplepower

New People Power Series: Beijing Smog Comic

In honor of yesterday’s anniversary of the Tiananmen Square massacre and all the activists who struggled for rights and democracy in China then and now, we are launching a new “People Power” series this week to celebrate and learn from grassroots campaign victories in China and around the world.

Read and share the new comic “Beijing Smog,” which tells the story of how public pressure forced Chinese officials to begin accurate reporting of Beijing’s dangerous air pollution.

“With so many thousands speaking out, including celebrities, the government couldn’t just make this disappear and keep telling us lies.”

Read more at https://tibetaction.net/peoplepower

གསུམ་པའི་ཚེས་བཅུ། བོད་མིའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་ལེགས་སྐྱེས།

དེ་རིང་ནས་བརྩིས་བའི་ལོ་ངོ་བཅུའི་གོང་དེ་སྤྱི་ལོ་༢༠༠༨ལོར། ང་དགུ་ལོའི་བོད་མིའི་སྒེར་ལངས་ཀྱི་འཐབ་རྩོད་དེ་རྒྱུན་མཐུད་པའི་སླད་དུ། བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་སྒོས་ཁྲོམ་གཞུང་ལ་ཐོན་ནས་དྲང་བདེན་དང་རང་དབང་གི་སླད་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས། ལྷག་པར་དུ། ཁོང་ཚོའི་འཐབ་རྩོད་ཀྱི་དམིགས་འབེན་ལ་ཡང་པེ་ཅིང་སྲིད་གཞུང་གི་སྲིད་དབང་སྒེར་གཅོད་ལ་བརྩི་མེད་དང་རྒྱ་ནག་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་གྱི་བོད་མིའི་སྐད་འབོད་དེར་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་རྒྱུ་བཅས་གཙོར་བཟུང་བཅས་བྱས་ཡོད་ལ།  དེ་ཡིས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་གསར་བ་ཞིག་ཀྱང་བཏང་།

སྤྱི་ལོ་༢༠༠༨ལོའི་ཞི་བའི་གྱེན་ལངས་ནི་བོད་ཀྱི་འཐབ་རྩོད་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཆགས་ཡོད་ཅིང་། དུས་དེ་ནས་བཟུང་། ང་ཚོས་རྒྱ་ནག་གི་བཙན་གནོན་འོག་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་ཚོས་བོད་དོན་ལ་ལས་འགུལ་ལ་ཕྱོགས་སྣ་སྒོར་མོ་ནས་མཉམ་ཞུགས་དང་སྣེ་འཁྲིད་བྱེད་པ་དངོས་སུ་མཐོང་།

དེ་རིང་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བརྙན་ཐུང་འདི་བཀྲམས་ནས་བོད་མི་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྩི་བཀུར་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཆིག་སྒྲིལ་དང་ནུས་སྟོབས་ལ་ཡང་སྲུང་བརྩི་བྱེད་བཞིན་ཡོད། ལྷག་པར་དུ། ང་དགུ་ལོའི་བོད་མིའི་སྒེར་ལངས་ནས་བརྩིས་བའི་ལོ་ངོ་ང་དགུ་ཕྱིན་པའི་དུས་་འདིར། ང་ཚོས་བསྐྱར་དུ་ རྒྱ་ནག་གི་བོད་བཙན་བཟུང་དེ་མཇུག་རྫོགས་པའི་ཆེད་དུ་བོད་ཀྱི་རང་དབང་འཐབ་རྩོད་མུ་མཐུད་དུ་མདུན་སྐྱོད་ཐུབ་པ་དང་སྟོབས་ཤུགས་གསར་བ་བསྐྲུན་པ། དེ་སྔར་ལས་རྒྱ་ཇེ་ཆེར་གཏོང་བར་སོ་སོར་དམ་བཅའ་བརྟན་པོ་འཇོག་བཞིན་ཡོད། [English]

March 10th: A tribute to the indomitable Tibetan spirit

Ten years ago in March 2008, continuing the legacy of the 1959 Tibetan National Uprising, Tibetans from all three provinces of Tibet unanimously expressed their longing for freedom and justice by taking to the streets. United in their mission to reject Beijing’s authoritarian rule and seek international support for the Tibetan struggle in the lead up to China’s Olympic Games, their actions changed the course of history. The 2008 Uprising was a major turning point for the Tibet movement. Since then, we have witnessed the growth of creative mass participation movements in all parts of Tibet, mostly led by young people who were born after China’s invasion. Tibet Action Institute is releasing this video to pay tribute to the indomitable Tibetan spirit and to celebrate the unity and strength of the global Tibetan freedom movement. On this 59th anniversary of the 1959 Tibetan National Uprising, we recommit ourselves to the critical work of building, strengthening and reinvigorating our movement to end China’s illegal occupation of Tibet.  [བོད་ཡིག]