རིག་གཞུང་དང་ཆོས་ལུགས་ཀྱི་ཐོབ་ཐང་།

བོད་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་བཀག་རྒྱ་ཡོད་པར་བརྟེན། བོད་མི་ཚོས་རིམ་བཞིན་ཆོས་ལུགས་དང་རིག་གཞུང་(རོལ་དབྱངས་དང་། དུས་སྟོན། སྐད་ཡིག་སོགས་བརྒྱུད་དེ) གི་ངོ་བོ་ཕྱིར་སྟོན་ཐབས་བྱས་ཏེ། སོ་སོའི་ཐོབ་ཐང་རྩོད་ལེན་དང་མི་རིགས་ཀྱི་ངོ་བོ་རྒྱུད་འཛིན་བྱེད་ཀྱི་ཡོད། སོ་སོའི་ངོ་བོ་གཙིག་ཏུ་འཛིན་པ་དེ་བོད་མི་ཚོ་དམ་དུ་སྦྲེལ་བྱེད་ཀྱི་མཐུན་སྒྲིལ་གྱི་ཨ་ལོང་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད།

བོད་མི་ཚོ་རྒྱའི་རིག་གཞུང་གི་ནང་འཐིམས་སུ་འཇུག་པར་འབད་རྩོལ་བྱེད་བཞིན་པའི་རྒྱ་ནག་གཞུང་གི་ཁྱབ་ཆེ་བའི་གནོན་ཤུགས་འོག་ཏུ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་སྐྱེལ་སྟངས་རྒྱུན་སྐྱོང་བྱེད་ཐབས་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད།

ཕྱི་ལོ་༢༠༠༩་ལོའི་ལོ་སར་དགའ་སྟོན་ལ་མ་རོལ་བ།

ཕྱི་ལོ་༢༠༠༩་ལོའི་ལོ་སར་སྐབས་སུ། བོད་མི་ཚོས་སྲོལ་རྒྱུན་གྱི་ལོ་སར་སྲུང་བརྩི་བྱེད་རྒྱུའི་ཚབ་ཏུ། ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ།རྒྱ་ནག་གི་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་པ་དང་།གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་དང་།མར་མེ་སྤར་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།

མང་ཙམ་ཀློགས།

བོད་མི་ཚོའི་ལྤགས་རིགས་མེར་བསྲེགས།

བོད་ས་ཡོངས་ཀྱི་བོད་མི་ཚོས་སོ་སོའི་རྩ་ཆེ་བའི་ལྤགས་རིགས་མེར་བསྲེགས་ཏེ།༧གོང་ས་རྒྱལ་བའི་དབང་པོ་དང་ཁོང་གི་སྟོངས་ལ་ཉེ་བའི་རི་དྭགས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ལ་གཅིག་གྱུར་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་ཡོད།

མང་ཙམ་ཀློགས།

ལོ་སར་དགའ་སྟོན་ལ་མི་རོལ་བའི་ལས་འགུལ།བོད་མི་ཚོས་ལོ་སར་སྲུང་བརྩི་མ་བྱས་པའི་སྐབས་སུ།

བོད་ཀྱི་སྲོལ་རྒྱུན་ལོ་སར་ནི། བོད་མི་ཚོས་ཐུགས་སྤྲོ་གཏོང་བའི་དུས་ཆེན་གལ་ཆེན་ཞིག་ཡིན། ཡིན་ནའང་། ཕྱི་ལོ་༢༠༠༩་ལོར། བོད་མི་ཚོས་དུས་ཆེན་དེ།ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ།རྒྱ་ནག་གི་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་པ་དང་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཚོར་མྱ་ངན་གུས་འདུད་བྱེད་ཆེད་དུ་བེད་སྤྱོད་བྱས་པ་རེད། བོད་མི་མང་ཆེ་བས། ཐུགས་སྤྲོ་གཏོང་རྒྱུའི་ཚབ་ཏུ་གསོལ་བ་སྨོན་ལམ་བཏབ་ཡོད། རྒྱ་ནག་སྲིད་གཞུང་གིས་ལྐོག་རྔན་སྤྲོད་པ་དང་འཇུ་བཟུང་བྱེད་པ་སོགས་ཞི་དྲག་ཟུང་གི་ཐབས་ལམ་བེད་སྤྱད་དེ།་བོད་མི་ཚོར་ལོ་སར་སྲུང་བརྩི་བྱེད་དུ་འཇུག་པར་འབད་རྩོལ་བྱས་ཡོད་ཀྱང་། བོད་ས་ཡོངས་ཀྱི་བོད་མི་ཚོས་དེ་ལ་རྒོལ་ལན་སློག་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྣེ་ཁྲིད་ཀྱི་རྗེས་བསྙེགས་ཏེ། ཐུན་མོང་གི་སྟོབས་ཤུགས་མངོན་གསལ་དོད་པོའི་ཐོག་ནས་ཕྱིར་བསྟན་ཡོད།དེ་ཡང་བོད་མི་ཟིན་བྲིས་པ་འོད་ཟེར་ལགས་ཀྱིས ༼ཕྱི་ལོ་༢༠༠༩་ལོའི་ལོ་སར་གྱིས་བོད་མི་ཡོངས་རྫོགས་རྨོངས་གཉིད་ལས་སད་པའི་རྣམ་པ་མཚོན་ཡོད༽་ཅེས་བརྗོད་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག

༡༽ཡོངས་ཁྱབ་ཀྱི་ཐོག་ནས་སོ་སོའི་རིག་གཞུང་གི་ངོ་བོ་གསལ་སྟོན།

༢༽ཕྱིར་ལྡོག་ལས་འགུལ།

༣༽ཁྲོམ་སྐོར་དང་། གསོལ་འདེབས་འདུ་འཛོམས།.

ལོ་སར་དགའ་སྟོན་ལ་མི་རོལ་བའི་ལས་འགུལ།བོད་མི་ཚོས་ལོ་སར་སྲུང་བརྩི་མ་བྱས་པའི་སྐབས་སུ།

སྤྱི་ལོ་༢༠༠༦ལོར་༧རྒྱལ་བ་རིན་པོ་ཆེས། བོད་མི་རྣམས་ལ་རྩ་ཆེའི་རི་དྭགས་ཀྱི་ལྤགས་རིགས་གྱོན་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་བའི་རྗེས་སུ། བོད་ཁམས་ཡོངས་སུ་བོད་མི་ཚོས་གཅིག་སྒྲིལ་གྱི་ཐོག་ནས་ལྤགས་རིགས་མེར་བསྲེགས་རྒྱ་ཆེར་བཏང་ཡོད་ལ། བོད་མི་ཚོའི་བྱ་སྤྱོད་དེས་རྒྱ་ནག་གི་འགོ་ཁྲིད་ཚོ་ཅི་བྱ་རྟོལ་མེད་དུ་བཏང་ཡོད། གང་ཡིན་ཞེ་ན། རྒྱ་ནག་ཕྱོགས་ནས་བོད་མི་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྲུང་བརྩི་བྱེད་བཞིན་པ་དེར་ལྟོས་ནས་བསྡད་ན་འགྲིག་གི་མེད་ལ།

ལྤགས་རིགས་མ་གྱོན་ན་འགྲིག་གི་མ་རེད་ཟེར་ནས་ཉེས་པ་བཏང་ནའང་དེ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་དེ་རེད། མང་ཚོགས་མཉམ་ཞུགས་བྱས་པའི་ལས་འགུལ་དེ་བཀག་འགོག་བྱ་ཐབས་བྲལ་བ་ཞིག་ཆགས་ཡོད་ལ། ཉེན་ཁ་ཆུང་ཡང་ནུས་པ་ཆེ་བའི་ལས་འགུལ་དེས། བོད་མིའི་ཐུན་མོང་གི་སྟོབས་ཤུགས་དང་། ཁོང་ཚོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆོད་སེམས། ད་དུང་། ༧རྒྱལ་བ་རིན་པོ་ཆེར་བཟུང་བའི་དད་གུས་སོགས་ཀྱང་གསལ་སྟོན་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག

༡༽ཡོངས་ཁྱབ་ཀྱི་ཐོག་ནས་སོ་སོའི་རིག་གཞུང་གི་ངོ་བོ་གསལ་སྟོན།

༢༽ཁྲོམ་སྐོར་དང་། གསོལ་འདེབས་འདུ་འཛོམས།

༣༽ཁྲོམ་བསྒྲགས་གསུང་བཤད།

Top