འཕྲུལ་རིག་བདེ་འཇགས།

འཕྲུལ་ཆས་གསར་པ་དེ་ཚོ་ལས་གཞི་བཀོད་སྒྲིག་དང་། བསམ་ཚུལ་བརྗེ་ལེན་བྱེད་སྤྱད་ཀྱི་ཡོ་ཆས་ནུས་སྟོབས་ཅན་ཤ་སྟག་ཡིན། འོན་ཀྱང་། འཕྲུལ་རིགས་གསར་པ་དེ་ཉེན་ཁ་ཆེན་པོའང་ཡོད། གང་ཡིན་ཞེ་ན། རྒྱ་ནག་སྲིད་གཞུང་གིས་བོད་པ་ཚོ་དམིགས་ཏུ་བཟུང་སྟེ་གསང་མྱུལ་དང་མཉེན་འབུའི་འཇབ་རྒོལ་བྱེད་ཀྱི་ཡོད། མང་ཚོགས་གོ་རྟོགས་ཀྱི་ལས་འགུལ་དང་སྦྱོང་བརྡར་གྱི་ལམ་ཁ་བརྒྱུད་དེ། ང་ཚོས་འཕྲུལ་རིགས་ཀྱི་ཉེན་ཁ་དང་དེ་སེལ་ཐབས་ཀྱི་ཐབས་ལམ་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད།

དྲ་ཐོག་ཏུ་བདེ་འཇགས་རྒྱུན་འཁྱོངས།

ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱེད་སྒོ་མང་དག་ཅིག་དྲ་རྒྱ་ལ་བརྟེན་ཡོད་སྟབས། དྲ་ཐོག་ཏུ་བདེ་འཇགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། དྲ་རྒྱའི་བདེ་འཇགས་རྒྱུན་འཁྱོངས་བྱེད་པར། གཞི་རྩའི་ལག་ལེན་ཁག་ཅིག་ཡོད་པ་དེ་དག་ལ་གོམས་སུ་བཅུག་སྟེ། ལག་ལེན་དེ་དག་རང་ཉིད་ཀྱི་གོམས་གཤིས་སུ་བསྒྱུར་དགོས།

མུ་མཐུད་དུ་ཀློགས།

དྲ་ཐོག་ཏུ་ཉེན་སྲུང་འགན་ལེན།

དྲ་ཐོག་གི་སྡིངས་ཆའི་ཉེན་སྲུང་འགན་ལེན་བྱེད་པར། ང་ཚོས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ཏེ་སོ་སོའི་བདེ་འཇགས་རྒྱུན་འཁྱོངས་བྱེད་དགོས། གཞི་རྩའི་ལག་ལེན་ཡག་ཤོས་ཁག་ཕུད། གཤམ་གྱི་དྲན་སྐུལ་འདི་དག་གིས་དྲ་ཐོག་ཏུ་ཉེན་སྲུང་འགན་ལེན་བྱེད་པར་རོགས་པ་བྱེད་ཐུབ། འདི་ལྟར་ང་ཚོས་དྲ་ཐོག་གི་འཇབ་རྒོལ་ཁག་ལས་རང་ཉིད་དང་རང་ཉིད་ཀྱི་དྲ་བར་སྲུང་སྐྱོབ་བྱེད་ཐུབ།

མུ་མཐུད་དུ་ཀློགས།

དྲ་ཐོག་ཏུ་ཉེན་ཁར་དོགས་ཟོན།

གཞན་གྱིས་འཇབ་རྒོལ་བྱེད་སྲིད་པའི་ཁོར་ཡུག་ཅིག་གི་ནང་དུ་ཕྱག་ལས་གནང་གི་ཡོད་པའམ། ཡང་ན། ཉེན་ཁ་ཆེན་པོ་ཡོད་པའི་མི་སྣ་གལ་ཆེན་ཁག་དང་འབྲེལ་བའི་ལས་གཞི་ཁག་གི་ཁྲོད་དུ་ལས་ཀ་བྱེད་པའི་སྐབས་སུ། རང་ཉིད་དང་རང་ཉིད་ཀྱི་དྲ་བར་སྲུང་སྐྱོབ་བྱེད་ཆེད། དུས་རྟག་ཏུ་དོགས་ཟོན་བྱེད་རྒྱུ་གལ་ཆེ།

མུ་མཐུད་དུ་ཀློགས།

དྲ་རྙིའི་ནང་དུ་ཚུད་མ་འཇུག

དྲ་ཐོག་གི་མགོ་སྐོར་གཏོང་མཁན་དང་། ཇག་རྐུན་ཚོས་ཉྭ་འཛིན་ཟེར་བའི་བྱེད་ཐབས་བེད་སྤྱད་དེ། མི་སྒེར་དང་། འབྲེལ་ཡོད་ལས་ཁུངས་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད།

ཧྥེ་ཞིན་(phishing)ཡང་ན། ཉྭ་འཛིན་ཟེར་བ་དེ་ནི། སྒེར་གྱི་གཞི་གྲངས་དང་། གསང་ཚིག དངུལ་ཁང་གི་གནས་ཚུལ་སོགས་སྒེར་གྱི་གནས་ཚུལ་རྐུ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ལ། ཀུན་སློང་དང་དམིགས་ཡུལ་འདྲ་མིན་ལ་གཞིར་བཞག་ནས། བྱེད་ཐབས་དེ་སྤྱད་དེ། མི་སྡེའི་སྤྱི་ཚོགས་ཆེན་པོ་ཞིག་ལ་དམིགས་འབེན་དུ་བཟུང་བའི་ཐོག་ནས། དུས་གཅིག་ཏུ་ཁྱབ་ཆེ་བའི་འཇབ་རྒོལ་བྱེད་ཐུབ། འཇབ་རྒོལ་པས་མིང་གྲགས་ཆེ་བའི་ཚོགས་པ་དང་བཟོ་ཚོང་ཁང་། དཔེར་ན། གྷོ་གྷིལ་དང་།Citibank་དངུལ་ཁང་སོགས་ལ་བརྫུས་ནས་གཞན་ལ་གློག་འཕྲིན་གཏོང་བ་དང་། དྲ་ངོས་གང་རུང་དུ་ནང་འཛུལ་བྱེད་སའི་ངོས་ཤོག་རྫུན་མའི་ནང་དུ་ཁྱེད་རང་གི་སྒེར་གྱི་གནས་ཚུལ་བསྐང་དུ་འཇུག་གི་ཡོད།

དམིགས་འབེན་དུ་བཟུང་བའི་འཇབ་རྒོལ་ཡིན་ན། འཇབ་རྒོལ་པ་ཚོ་ཁྱེད་རང་ནམ་རྒྱུན་ཡིད་ཆེས་ཡོད་སའི་འབྲེལ་ཡོད་མི་སྒེར་དང་ཚོགས་པ་གང་རུང་ལ་བརྫུས་ཀྱི་ཡོད། དཔེར་ན།  བོད་ཀྱི་ཚོགས་པ་ཞིག་ལྟ་བུ།

ག་དུས་དོགས་པ་ཟ་དགོས་མིན་དང་། ཇི་ལྟར་བྱས་ནས་ཉྭ་འཛིན་གྱི་འཇབ་རྒོལ་ལ་ཡ་ལན་སློག་དགོས་མིན་སྐོར་འཚོལ་ཞིབ་བྱོས།

ཟབ་སྦྱོང་།

TibCERT

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)གིས། དངོས་གཞིའི་མཉམ་འབྲེལ་གཞིར་བཟུང་གི་སྒྲོམ་གཞི་ཞིག་གི་འོག་ཏུ། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུ་དང་། བོད་ནང་གི་དྲ་རྒྱ་བཀག་སྡོམ་དང་གསང་མྱུལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱི་ཐོག་ཏུ། བོད་མི་ཚོའི་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་ལ། མཐའ་དོན། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཚད་མཐོ་ བའི་དྲ་ཐོག་གི་རང་དབང་དང་བདེ་འཇགས་ཁག་ཐེག་བྱེད་རྒྱུ་དེ་ཡིན།

འཕྲུལ་རིག་བདེ་འཇགས་ཀྱི་སྐུ་ཚབ།

བཙན་བྱོལ་ནང་གི་བོད་མི་ཚོ་ལོ་མང་རིང་དྲ་རྒྱའི་ཐོག་གི་འཇབ་རྒོལ་བྱ་སའི་དམིགས་འབེན་ཞིག་ཆགས་ཡོད་པ་བཞིན། འཕྲུལ་རིག་བདེ་འཇགས་ཀྱི་སྐུ་ཚབ་ལས་འཆར་ཟེར་བ་འདིས། གློག་ཀླད་དང་འབྲེལ་བའི་སློབ་སྦྱོང་གི་རྒྱབ་ལྗོངས་ཡོད་མཁན་གྱི་བོད་མི་སྐུ་ཚབ་བཞི་ངྷ་རམ་ས་ལ་དང་། རྡེ་ར་ལྡུན། སྦེལ་གོབ། མོན་གྷོ་འདོད་རྒུ་གླིང་ས་གནས་བཅས་སུ་བསྐོ་བཞག་བྱས་ཏེ། དྲ་ཐོག་གི་འཇབ་རྒོལ་ལ་གདོང་ལེན་བྱེད་པར་ཤུགས་སྣོན་རྒྱག་བཞིན་ཡོད་ལ། འཕྲུལ་རིག་བདེ་འཇགས་ཀྱི་སྐུ་ཚབ་ཚོས་བོད་ནང་ལ་དུས་རྒྱུན་འབྲེལ་བ་བྱེད་མཁན་གྱི་བོད་མི་རྣམས་དང་། ས་གནས་དེ་དག་གི་ནང་གི་ཚོགས་པ་ཁག་ལ་འཕྲུལ་རིག་གི་ཟབ་སྦྱོང་དང་། དེ་འབྲེལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཚོ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)་གི་མགྱོགས་མྱུར་ཡ་ལན་རུ་ཁག་གི་ཆ་ཤས་ཤིག་ཡིན།

Top