ང་ཚོའི་ཚོགས་མི་དག་གི་ལོ་རྒྱུས།

བསྟན་འཛིན་ཆོས་སྒྲོན། (བསྟན་ཆོས)

བསྟན་འཛིན་ཆོས་སྒྲོན། (བསྟན་ཆོས)

སློབ་གསོའི་སྣེ་ཁྲིད་འགོ་འཛིན།

བསྟན་འཛིན་ཆོས་སྒྲོན་ནི། ལོ་ན་ཆུང་དུས་ནས་བོད་དོན་ལས་འགུལ་གྱི་མགོ་ཁྲིད་བྱས་མྱོང་མཁན་ཞིག་ཡིན། ཁོང་རྒྱ་གར་གྱི་རྡི་ལིར་སློབ་གྲྭ་ཆེན་མོ་འགྲིམས་སུ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མིར་ཞུགས་པ་དང་། སྤྱི་ལོ་ 2006 ནས་ 2011 བར་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ལས་དོན་སྒྲུབ། དེ་ཡང་དང་པོར་ལས་རིམ་གོ་སྒྲིག་པ་དང་དེ་ནས་རྒྱལ་ཡོངས་འགན་འཛིན་གྱི་ལས་ཀ་བྱས། བསྟན་ཆོས་ལགས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་དྲ་རྒྱའི་མྱུལ་མ་དང་དྲིལ་བསྒྲགས། དེ་མིན་གསར་བཏོད་རང་བཞིན་གྱི་ཇུས་གཞི་སོགས་ཀྱི་དགོས་མཁོ་དངོས་ལ་མྱོང་རྟོགས་ཡོད་པ་དང་། སྤྱི་ལོ་ 2011ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་དོན་སྒྲུབ་སྟེ་ཇུས་གཞི་གསར་བཏོད་དང་མི་དམངས་ལ་ལ་གོ་རྟོགས་སྤེལ་ཐབས་བྱས་དང་བྱེད་མུས་ཡིན།

བསྟན་འཛིན་རྡོ་རྗེ།

བསྟན་འཛིན་རྡོ་རྗེ།

ཞིབ་འཇུག་རྒན་པ་དང་འཐབ་ཇུས་པ།

བསྟན་འཛིན་རྡོ་རྗེ་ནི། རྒྱ་གར་རྡ་རམ་ས་ལ་རུ་སྐྱེས་པ་དང་དེ་ག་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཁོང་གིས་སྤྱི་ལོ་ 2014 ནས་བཟུང་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱེད་མགོ་ཚུགས་པ་དང་། ད་ལྟ་ཁོ་ལིམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་ COLUMBIA UNIVERSITY གི་རིགས་གཅིག་རྐང་འཛིན་གྱི་འོས་མིར་འདམས་ཐོན་བྱུང་ཡོད་པ་ཞིག་ཡིན། སྤྱི་ལོ་ 2004 ནས་ 2009 བར་བོད་རང་བཙན་སློབ་ཕྲུག་ཚོགས་པར་ལས་ཀ་བྱས་པ་དང་། སྤྱི་ལོ་ 2009 ནས་ 2012 བར་དེའི་འཛིན་སྐྱོང་འགན་འཛིན་གནང་། བསྟན་རྡོར་ལགས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་དང་འབྲེལ་བའི་བོད་དབྱིན་གྱི་གཏམ་བཤད་བྱེད་ཀྱི་ཡོད། སྤྱི་ལོ་ 2007 གྱི་ཕྱི་ཟླ་ 4པའི་ནང་ཇོ་མོ་གླང་མའི་སྒར་སར་ལས་འགུལ་བ་འགས་རྒྱ་ནག་གིས་ཇོ་མོ་གླང་མར་དཔལ་འབར་འཁྱེར་ཡོང་བའི་འཆར་གཞིར་ངོ་རྒོལ་མཚོན་ཆེད་འཕྲེད་དར་འཕྱར་ལས་འགུལ་སྤེལ་མཁན་གྲས་ཀྱི་བོད་པ་གཅིག་པུ་དེ་ཡིན། ལས་འགུལ་དེའི་་སྐོར་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་འཕེལ་བྱུང་ཡོད། བསྟན་རྡོར་ནི་བཙན་བྱོལ་ནང་སྐྱེས་པའི་བོད་རིགས་ཁྲོད་ནས་བོད་ནང་སོང་སྟེ་ལས་འགུལ་སྤེལ་མཁན་དང་པོ་དེ་ཆགས་ཡོད། ཁོང་ནི་ལས་འགུལ་བ་ཡིན་པ་ཙམ་མ་ཟད་གཞས་པ་ཞིག་ཀྱང་ཡིན། བོད་དང་ནུབ་ཕྱོགས་གཉིས་ཀྱི་གཞས་ལ་བྱང་ཆ་དོད་པ་དང་། རྩོམ་པ་པོ་ཞིག་ཀྱང་ཡིན། བསྟན་རྡོར་ལགས་ཀྱིས་་ཁོ་ལིམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་ཚན་རིག་ཐོག་འབུམ་རམས་སློབ་གཉེར་བྱེད་མུས་སུ་ཡོད།

ནེ་ཐན་ཧྤི་རེ་ཁྲ་སི།

ནེ་ཐན་ཧྤི་རེ་ཁྲ་སི།

འཕྲུལ་ལས་རིག་པའི་འགན་འཛིན།

ན་ཐན་ཕི་རིས་ཊེས་ནི། བོད་དོན་ལས་འགུལ་བསྟི་གནས་ཁང་གསར་འཛུག་བྱེད་མཁན་གྲས་ཀྱི་གཅིག་ཡིན་པ་དང་། ཁ་པར་གྱི་མཉེན་ཆས་གསར་སྐྲུན་པ་ཞིག་ཀྱང་ཡིན། ཁེ་ལས་པ་ཡིན་པའི་སྐབས་སུ་ཁོང་གིས་ཁ་པར་གྱི་མཉེན་ཆས་གསར་བཏོད་བྱས་ཤིང་རྗེས་ལ་ཕི་ལིན་ཨིན་ཁི PALM INC ལ་བཙོང་། ཕི་ལིམ་ཨིན་ཁི་ནི་ཁ་པར་གྱི་མཉེན་ཆས་ཚོང་ལས་སྡེ་ཁག་ཅིག་ཡིན་པ་དང་སྦི་ལེ་ཁི་སྦེ་རི་འཕྲུལ་རིག་ཞབས་ཞུ་ RIM BLACKBERRY ENTERPRISE SERVER དང་འགྲན་རྩོད་པ་ཞིག་ཀྱང་ཡིན། ད་ལྟའི་ཆར་ཁོང་གིས་གྷར་ཌིན་ལས་འཆར RIM BLACKBERRY ENTERPRISE SERVER དང་འགྲན་རྩོད་པ་ཞིག་ཀྱངང་ཡིན། ད་ལྟའི་ཆར་ཁོང་གིས་གྷར་ཌིན་ལས་འཆར GUARDIAN PROJECT གྱི་མགོ་ཁྲིད་དང་ལས་འགུལ་བ། གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ལ་བདེ་འཇགས་དྲ་བ་ཞིག་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་རེད། གཞན་ཁོང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ནང་ལོ་བཞིའི་རིང་ལས་ཀ་བྱས་པ་དང་། སྤྱི་ལོ་ 2001 ནས་བཟུང་དྭང་བླངས་དང་འཕྲུལ་ལས་རིག་པའི་སློབ་སྟོན་པ་བྱས་དང་བྱེད་བཞིན་ཡོད། སྤྱི་ལོ་ 2008 ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་སྐབས་རྒྱལ་སྤྱིའི་སྟེང་གསར་འགྱུར་ཆེན་པོ་ཆགས་པའི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་སྐབས་སུ། གོ་སྒྲིག་པ་དག་གི་བར་འབྲེལ་བ་བྱེད་སའི་དྲ་བ་དང་འབྲེལ་བ་བྱེད་སྟངས་སོགས་ཀྱི་ཐད་ཁོང་གིས་ལས་ཀ་རླབས་ཆེ་བ་སྒྲུབ་ཡོད། ན་ཐན་ལགས་ཀྱི་མི་ཚེའི་ནང་རིག་གཞུང། ཁེ་ལས། སྲིད་གཞུང་དང་ཁེ་མེད་ཚོགས་པ་སོགས་ཀྱི་ནང་ལས་དོན་སྒྲུབ་ཡོད། དུས་རྒྱུན་འཕྲུལ་ཆས་གསར་པ་དང་རིག་པ་གསར་པ་བེད་སྤྱོད་བྱེད་མཁན་ཞིག་ཡིན།

བསྟན་འཛིན་བློ་བཟང་།

བསྟན་འཛིན་བློ་བཟང་།

འཛིན་སྐྱོང་འགན་འཛིན།

བསྟན་འཛིན་བློ་བཟང་གིས་སྤྱི་ལོ་ 2015 ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་སྒྲུབ་ཀྱི་ཡོད། ཁོང་གིས་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་ UNIVERSITY OF OTTAWA དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་གཞི་ཞིག་མགོ་བཙུགས་ཤིང་། དེ་ནས་རིམ་པས་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་མཉམ་ཞུགས་གནང་། སྤྱི་ལོ་ 2006 ནས་ 2008 བར་ཁེ་ན་ཊའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འབྲེལ་ལམ་ཞུས་ཏེ་ཁེ་ན་ཊའི་གྲོས་ཚོགས་ནང་གྲོས་ཚོགས་གོང་མའི་འཐུས་མི་ཁོན་སིག་ལིའོ་དྲི་ནི་ནོ་ Consiglio Di Nino མཆོག་གི་ཡིག་ཚང་ནང་ལས་དོན་སྒྲུབ། དེར་ཁོང་གིས་ཁེ་ན་ཊའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོང་ཚོགས་པ་རུ་དངོས་གཞིའི་སྦྱོང་བརྡར་ཐོག་མ་དེ་བྱས། དངོས་སྦྱོང་དེའི་རྗེས་འབྲེལ་དུ་བོད་རིགས་གཞོན་སྐྱེས་བཅུ་གཉིས་ཙམ་ལ་གྲོས་ཚོགས་མཐུས་མིའི་ཡིག་ཚང་ནང་ལས་ཀ་བྱེད་རྒྱུའི་གོ་སྐབས་ཐོབ་པ་བྱུང་ཡོད། དེ་ནས་སྤྱི་ལོ་ 2009 ནས་ 2011 བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་གྱི་ལས་ཁུར་དང་། ཁོང་ལ་ཨོ་ཊ་ལྦ་གཙུག་ལག་སློབ་གཉེར་ཁང་གི་རྩིས་གཉེར་ཚོང་དོན་སློབ་དཔོན་གྱི་ལག་འཁྱེར་ཐོབ་ཡོད།

ཧྥུ་རི་ཡ ཕོཊ

ཧྥུ་རི་ཡ ཕོཊ

ལས་འཆར་འགན་འཛིན།

ཁཱ་ཊི་ཡིས་སྤྱི་ལོ་ 2010 ལོ་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱས། མོ་རང་གིས་བོད་རང་དབང་སློག་ཕྲུག་ཚོགས་པས་ 2008 ལོའི་པེ་ཅིང་ཨོ་ལིན་ཕིག་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཚུད་པའི་བོད་ཀྱི་ལས་འགུལ་ཤུགས་རྐྱེན་ཅན་འགའ་ལ་སྣེ་ཁྲིད་བྱས། མོ་རང་ནི་བོད་རིགས་དང་གཞོན་སྐྱེས་ཁྲོད་འཚེ་མེད་ཞི་བའི་སྦྱོང་བརྡར་སྤྲོད་པ་དང་། ཐབས་བྱུས་འཚོལ་བ། བརྡ་འཕྲིན་ཁྱབ་སྤེལ། མགོ་ཁྲིད་ཀྱི་ནུས་པ་སྐྱེད་བསྲིང་བཅས་ལ་ལོ་ངོ་བཅུ་ཕྲག་གི་ཉམས་མྱོང་ལྡན་པ་ཞིག་ཡིན། རྒྱ་ནག་ནང་ལོ་གཅིག་རིང་ལས་ཀ་བྱས་པ་དང་། སྤྱི་ལོ་ 1999 ལོར་བོད་ནང་ལྟ་སྐོར་ལ་བསྐྱོད་རྗེས་ནས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དོ་ཁུར་བྱས། སྦི་སི་གཙུག་ལག་སློབ་གཉེར་ཁང་ UBC ནས་ཆབ་སྲིད་ཚན་རིག་གི་གཙུག་ལག་རབ་འབྱམས་པ་ཐོན། དེ་རྗེས་ཁ་ན་ཊའི་ནང་གི་བོད་རང་དབང་སློབ་ཕྲུག་ཚོགས་པར་ལས་ཀ་བྱེད་མགོ་ཚུགས་ནས། དེར་ལོ་གསུམ་རིང་སྒྲིག་འཛུགས་འགན་འཛིན་དང་། སྤྱི་ལོ་ 2009-2013 བར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་གྱི་ལས་ཁུར་བླངས།

རྡོ་རྗེ་ཕུན་ཚོགས།

རྡོ་རྗེ་ཕུན་ཚོགས།

TibCERT ཡི་འབྲེལ་མཐུད་པ།

རྡོ་རྗེ་ཕུན་ཚོགས་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་ལམ་བདེ་འཇགས་ཟབ་སྦྱོང་སྤྲོད་མཁན་དང་། TibCERT ཡི་རམ་འདེགས་པ་ཡང་ཡིན། ཁོང་གིས་དུས་རྒྱུན་རྒྱ་གར་ནང་དྲ་ལམ་བདེ་འཇགས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད། དེར་ལོ་གཉིས་ཀྱི་ཉམས་མྱོང་ལྡན་པ་ཞིག་ཡིན། དེ་སྔོན་རྡོ་རྗེ་ཡིས་རྡ་རམ་ས་ལར་དམངས་ཁྲོད་ཚོགས་པ་ཆེ་གྲས་ཀྱི་དྲ་ལམ་བདེ་འཇགས་སློབ་སྟོན་པ་དང་། ཚོགས་པའི་དྲ་བ་བདེ་འཇགས་ཀྱི་འགན་འཁུར་མྱོང་ཡོད། རྡོ་རྗེ་ལ་ཏུམ་ཀུར་ TUMKUR ནང་རྟེན་གཞི་བྱས་ཡོད་པའི་ཤྲི་སི་ཌ་ར་སློབ་གཉེར་ཁང་ SRI SIDDHARTHA INSTITUTE ནས་འཕྲུལ་ཆས་བཟོ་སྐྲུན་པའི་ལག་འཁྱེར་ཐོབ་ཡོད།

ཟླ་བ་དཔལ་འབྱོར།

ཟླ་བ་དཔལ་འབྱོར།

དྲ་རྒྱ་དོ་དམ་པ།

ཟླ་བ་དཔལ་འབྱོར་གྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་རྒྱར་དོ་དམ་བྱེད་པ་དང་། དེ་མ་ཟད་པར་རིས་ཇུས་འགོད་དང་ཚོགས་པར་རྒྱུ་ཆ་གསར་བསྐྲུན་སོགས་བྱེད་ཀྱིན་ཡོད། ཁོང་གིས་དེ་སྔར་ལོ་ངོ་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་པའི་བོད་ཀྱི་ལས་རིགས་ལྟེ་གནས་སུ་གློག་ཀླད་སྦྱོང་བརྡར་སྤྲོད་པའི་ལས་དོན་སྒྲུབ། ཁོང་ནི་འབྲུག་ཡུལ་ནས་སྐྱེས་ཤིང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་སློབ་མཐར་ཕྱིན་རྗེས་ཏཱ་ལའི་བླ་མ་མཐོ་སློབ་ནས་གློག་ཀླད་ཆེད་ལས་པའི་ལག་འཁྱེར་ཐོབ་ཡོད་མཁན་ཞིག་ཡིན།

བློ་བཟང་རྒྱ་མཚོ།

བློ་བཟང་རྒྱ་མཚོ།

བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན།

བློ་བཟང་རྒྱ་མཚོ་ནི། བཙན་བྱོལ་ནང་སྐྱེས་ཤིང་། བོད་ཕྱི་ནང་གི་བོད་མི་རྣམས་ལ་དྲ་རྒྱའི་བདེ་འཇགས་ཀྱི་གོ་རྟོགས་སྤེལ་བའི་ལས་ཀ་བྱེད་བཞིན་ཡོད། སྤྱི་ལོ་ 2011 ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱས། ཁོང་གིས་ས་གནས་ཀྱི་གནས་བབ་དང་འཚམ་པའི་འཕྲུལ་ཆས་མང་པོ་གསར་བཏོད་དང་སློབ་སྦྱོང་དང་སྦྱོང་བརྡར་སྤྲོད་པ། གོ་རྟོགས་སྤེལ་བ་བཅས་ཀྱི་ལས་དོན་མང་པོ་སྒྲུབ་ཡོད། བློ་བཟང་ནི་སྔོན་མ་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཀྱི་ཚོགས་མི་ཡིན་པ་དང་། བདེ་འཇགས་ཐབས་བྱུས་བསྐྱར་ཞིབ་ལྷན་ཚོགས་ནང་ཞུགས་མྱོང་ཡོད། བདེ་འཇགས་ཐབས་ཇུས་ཞེས་པ་དེ་ནི་དྲ་རྒྱར་མཁས་པ་རྣམས་ཀྱིས་བཙུགས་པ་དང་དྲ་རྒྱའི་བདེ་འཇགས་སྐོར་དང་བེད་སྤྱོད་ལམ་སྟོན་བྱེད་པ་ཞིག་ཡིན། ད་ལྟ་ཁོང་གིས་ཁ་ལི་ཕོར་ནི་ཡ་སྦེ་ཀ་ལི་གཙུག་ལག་སློབ་གཉེར་ཁང་ UNIVERSITY OF CALIFORNIA BERKELEY གི་ཁོངས་སུ་ཡོད་པ་ CITIZEN CLINIC མི་དམངས་སྨན་ཁང་ཞེས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གྱི་སྨན་ཁང་ལྟ་བུ་དེའི་སློབ་སྟོན་པ་ཡིན། བློ་བཟང་གིས་བོད་པའི་སྤྱི་ཚོགས་ནང་གི་གནས་ཚུལ་སྤེལ་མཁན་གཙོ་བོ་རྣམས་དང་དེ་མིན་ཚོགས་པ་ཆེ་ཁག་མང་པོའི་མཉམ་དུ་ལས་ཀ་བྱེད་ཀྱིན་ཡོད།

བཀྲས་མཐོང་ལྷག་སྒྲོན།

བཀྲས་མཐོང་ལྷག་སྒྲོན།

འགན་འཛིན།

བཀྲས་མཐོང་ལྷག་སྒྲོན་ནི། བོད་དོན་ལས་འགུལ་བསྟི་གནས་ཁང་གསར་འཛུགས་གནང་མཁན་གྲས་ཀྱི་གཅིག་ཡིན་པ་དང་། གཞོན་སྐྱེས་བོད་དོན་ལས་འགུལ་བ་གྲགས་ཅན་དང་ཤུགས་རྐྱེན་ཅན་གྱི་གྲས་ཡིན་པ་མ་ཟད། རྒྱལ་སྤྱིའི་འཚེ་མེད་ཞི་བའི་འཐབ་རྩོད་བསྟི་གནས་ཁང་གིས་ JAMES LARSON AWARD FOR NONVIOLENT ACHIEVEMENT ཇཱམ་སི་ལར་སོན་འཚེ་མེད་ཞི་བའི་གྲུབ་འབྲས་གཟེངས་རྟགས་ཐོབ་མྱོང་། ཁོང་མོ་ནི་ཁ་ན་ཊར་སྐྱེས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཛིན་སྐྱོང་འགན་འཛིན་བྱས་མྱོང་མཁན་ཞིག་ཀྱང་ཡིན། རྒྱལ་ཁབ་དང་ས་གནས་ག་ས་གང་ལ་བསྐྱོད་ནས་བོད་དོན་དང་འབྲེལ་བའི་འཚེ་མེད་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་བ་མ་ཟད། དཔལ་འབྱོར་དང་ཆབ་སྲིད་ཀྱི་ལས་འགུལ་མང་པོ་སྤེལ་ནས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་ཡོད། སྤྱི་ལོ་ 2008 ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་སྐབས་རྒྱལ་སྤྱི་རང་བཞིན་གྱི་གསར་འགྱུར་ཆེན་པོ་ཆགས་པའི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བ་དང་། སྐབས་དེར་ས་གནས་ས་ཐོག་གི་གནས་ཚུལ་དང་འཆར་འགོད་རྣམས་རང་གི་དྲ་ངོས་ཟིན་བྲིས་ BeijingWideOpen.org སྟེང་སྤེལ་ཡོད། དེ་ནས་རིམ་པས་རྒྱ་ནག་གིས་འཇུ་བཟུང་གིས་ཕྱིར་འབུད་བྱས། གཞན་ཡང་དྲ་རྒྱའི་བརྒྱུད་ལམ་དུ་བོད་དོན་སྐོར་གྱི་གཏམ་བཤད་མང་པོ་གནང་ནས་བོད་རང་དབང་འཐབ་རྩོད་ཀྱི་མགྲིན་ཚབ་པ་ལྟ་བུ་བྱེད་བཞིན་ཡོད།

བསྟན་འཛིན་ཚེ་རིང་།

བསྟན་འཛིན་ཚེ་རིང་།

རྒྱ་གར་ནང་ལས་འགུལ་རོགས་འདེགས་པ།

བསྟན་འཛིན་ཚེ་རིང་གིས་རྒྱ་གར་དུ་ཡོད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཡིག་ཚང་དང་། རྩིས་པ་དང་འཛིན་སྐྱོང་དོ་དམ་པ་བྱེད་ཀྱིན་ཡོད། ཁོང་གིས་དྲ་ལམ་བདེ་འཇགས་ཀྱི་ཟབ་སྦྱོང་གོ་སྒྲིག་དང་། གཞན་རྒྱ་གར་ནང་ཡོད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བྱེད་སྒོ་ཁག་འཆར་འགོད་ཀྱང་བྱེད་ཀྱི་ཡོད། བསྟན་འཛིན་ཚེ་རིང་ནི་ཤོག་སི་ཧྥོར་ཊི་གཙུག་ལག་སློབ་གཉེར་ OXFORD COLLEGE ནས་ཚོང་ལས་རིག་པའི་གཙུག་ལག་སློབ་ཐོན་ལག་འཁྱེར་དང་། སྦེང་ལོར་ཡི་ཤུའི་གཙུག་ལག་སློབ་གཉེར་ཁང་ CHRIST UNIVERSITY BANGALORE ནས་ཚོང་དོན་རབ་འབྱམས་པའི་ལག་འཁྱེར་ཐོབ་ཡོད་མཁན་ཞིག་ཡིན།

བསྟན་འཛིན་མཐའ་ཡས།

བསྟན་འཛིན་མཐའ་ཡས།

དྲ་ལམ་བདེ་འཇགས་ལྟ་ཞིབ་པ།

བསྟན་འཛིན་མཐའ་ཡས་ནི། སྤྱི་ལོ་ 2016 ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱས་ཏེ། བོད་པ་རྣམས་ལ་དྲ་རྒྱ་དང་འཕྲུལ་ཆས་སྐོར་གྱི་སློབ་སྟོན་དང་། དྲ་རྒྱའི་བདེ་འཇགས་སྐོར་གྱི་ཟབ་སྦྱོང་མང་པོ་སྤེལ་ཡོད། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཆ་ཤས་ཤིག་ཡིན་པའི་ཁོང་གིས་བོད་ཀྱི་གཞོན་ནུ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་མཐུད་དང་སྒྲིག་འཛུགས་དོ་དམ་པའི་འགན་ཁུར་ནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་རྣམས་ལ་རོགས་རམ་རྒྱབ་སྐྱོར་གྱི་ལས་འགན་སྒྲུབ་ཀྱི་ཡོད།

ཁེ་ཁྲི་བོའོ་རྫི་ནོ།

ཁེ་ཁྲི་བོའོ་རྫི་ནོ།

འགན་འཛིན།

ཁཱ་ཊི་ཡིས་སྤྱི་ལོ་ 2010 ལོ་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱས། མོ་རང་གིས་བོད་རང་དབང་སློག་ཕྲུག་ཚོགས་པས་ 2008 ལོའི་པེ་ཅིང་ཨོ་ལིན་ཕིག་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཚུད་པའི་བོད་ཀྱི་ལས་འགུལ་ཤུགས་རྐྱེན་ཅན་འགའ་ལ་སྣེ་ཁྲིད་བྱས། མོ་རང་ནི་བོད་རིགས་དང་གཞོན་སྐྱེས་ཁྲོད་འཚེ་མེད་ཞི་བའི་སྦྱོང་བརྡར་སྤྲོད་པ་དང་། ཐབས་བྱུས་འཚོལ་བ། བརྡ་འཕྲིན་ཁྱབ་སྤེལ། མགོ་ཁྲིད་ཀྱི་ནུས་པ་སྐྱེད་བསྲིང་བཅས་ལ་ལོ་ངོ་བཅུ་ཕྲག་གི་ཉམས་མྱོང་ལྡན་པ་ཞིག་ཡིན། རྒྱ་ནག་ནང་ལོ་གཅིག་རིང་ལས་ཀ་བྱས་པ་དང་། སྤྱི་ལོ་ 1999 ལོར་བོད་ནང་ལྟ་སྐོར་ལ་བསྐྱོད་རྗེས་ནས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དོ་ཁུར་བྱས། སྦི་སི་གཙུག་ལག་སློབ་གཉེར་ཁང་ UBC ནས་ཆབ་སྲིད་ཚན་རིག་གི་གཙུག་ལག་རབ་འབྱམས་པ་ཐོན། དེ་རྗེས་ཁ་ན་ཊའི་ནང་གི་བོད་རང་དབང་སློབ་ཕྲུག་ཚོགས་པར་ལས་ཀ་བྱེད་མགོ་ཚུགས་ནས། དེར་ལོ་གསུམ་རིང་སྒྲིག་འཛུགས་འགན་འཛིན་དང་། སྤྱི་ལོ་ 2009-2013 བར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་གྱི་ལས་ཁུར་བླངས།

ང་ཚོའི་ཚོགས་མི་འགའ་ཤས་ཀྱིས་བདེ་འཇགས་ཀྱི་རྒྱུ་མཚན་གཙོ་བོར་བཟུང་ནས་མིང་དང་ལོ་རྒྱུས་སོགས་འདི་རུ་བཀོད་མེད།

Top