ནམ་རྒྱུན་སྲིད་དབང་སྒེར་འཛིན་སྲིད་གཞུང་ཁག་མགོ་རྟིང་སློག་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་མཐོང་གི་ཡོད། འོན་ཀྱང་། མི་མང་མང་པོ་མཉམ་འཛོམས་དང་མཐུན་སྒྲིལ་བྱས་པ་ཡིན་ན། ཆེས་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་གི་འོག་ཏུའང་།སོ་སོའི་ཆབ་སྲིད་ཀྱི་ཐོབ་ཐང་མངོན་འགྱུར་བྱེད་དུ་འཇུག་ཐུབ་ཀྱི་ཡོད་པ་ལོ་རྒྱུས་ཀྱིས་ཁ་གསལ་པོ་སྟོན་གྱི་ཡོད། དེ་ཇི་ལྟར་བྱས་མིན་སྐོར་ལ་སློབ་སྦྱོང་བྱོས།
མི་མང་གི་སྟོབས་ཤུགས།
ལོ་རྒྱུས་ཀྱིས་བདེན་དཔང་ལྟར་ན། མི་མང་པོ་ཕྱོགས་གཅིག་ཏུ་འཛོམས་ནས་ཐབས་ཇུས་ལྡན་པ་དང་ཆིག་སྒྲིལ་ཡོད་པ། འཚེ་མེད་ཞི་བ་བཅས་ཀྱི་སྒོ་ནས་དབང་སྒྱུར་བ་ལ་ཁ་གཏད་གཅོག་སྐབས། མི་མང་གི་སྟོབས་ཤུགས་ལ་རྒྱལ་ཁ་ཐོབ་ཡོད།
གཤམ་གྱི་གནས་ཚུལ་གྱི་དཀྱིལ་འཁོར་འདི་ནི་མི་མང་དང་ཚོགས་སྡེ་ཁག་གིས་ཇི་ལྟར་ཐབས་ཇུས་ལྡན་པའི་ཞི་བའི་ལས་འགུལ་ལ་བརྟེན་ནས་རྒྱལ་ཁ་བླངས་བའི་སྐོར་ཡིན། འདི་ནས་སེམས་ཤུགས་དང་སྙིང་སྟོབས་སྒུམ་རོགས།
སྐད་ཡིག་གི་ཐོབ་ཐང་།
སྐད་ཡིག་ནི་འཛམ་གླིང་སྟེང་གི་མི་རིགས་འདྲ་མིན་གྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་སྤྱད་ཀྱི་གལ་ཆེའི་ལྡེ་མིག་དེ་ཡིན་ལ། བོད་ནང་ལ་ཆ་མཚོན་ན། རྒྱ་ནག་སྲིད་གཞུང་གིས་སྒྲིག་འཛུགས་རང་བཞིན་གྱི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བའི་རྩོལ་བ་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། བོད་མི་ཚོས་མུ་མཐུད་ནས་སོ་སོའི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད།
དཔལ་འབྱོར་སྙོམས་སྒྲིག
བོད་ནི་ཐོན་ཁུངས་ཧ་ཅང་ཕྱུག་པའི་ལུང་པ་ཞིག་ཡིན་ཀྱང་། རྒྱ་ནག་གིས་བཙན་འཛུལ་གྱི་ལམ་ཁ་བརྒྱུད་དེ་ཐོན་ཁུངས་དེ་དག་བཤུ་གཞོག་གཏོང་གི་ཡོད། བོད་པ་ཚོས་ཀྱང་ཚོགས་སྡེ་གཞན་ཁག་ནང་བཞིན། ཕྱི་ཕྱོགས་ཀྱི་ཚོང་ལས་སྡེ་ཁག་(བཟོ་ཚོང་ཁང་ཆེ་གྲས)་དང་སྲིད་གཞུང་ཁག་ལ་ཁེ་ཕན་བསྐྲུན་པའི་དཔལ་འབྱོར་གྱི་བྱེད་ལས་ཁག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། སོ་སོའི་དཔལ་འབྱོར་ལ་སྟངས་འཛིན་བྱེད་པའི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད།
རིག་གཞུང་དང་ཆོས་ལུགས་ཀྱི་ཐོབ་ཐང་།
ཆོས་ལུགས་དང་རིག་གཞུང་ནི་བོད་པའི་སྤྱི་ཚོགས་ཀྱི་ཉིང་བཅུད་ཡིན་ལ། བོད་མི་ཚོས་ཆོས་ལུགས་སོགས་དང་འབྲེལ་བའི་རང་དབང་རྩོད་ལེན་བྱེད་ཕྱིར། གཞས་སྣ་དང་། གྱོན་གོས།དུས་སྟོན་སོགས་རིག་གཞུང་གི་རྣམ་པ་ཕྱི་ལ་སྟོན་བྱེད་ཀྱི་ལམ་ཁ་འདི་དག་བརྒྱུད་དེ། རང་ཉིད་ཀྱི་ངོ་བོ་དག་སྐྱེལ་བྱེད་ཀྱི་ཡོད།
ཁོར་ཡུག་སྲུང་སྐྱོབ།
ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ད་ལྟའི་དུས་ཀྱི་འཛམ་གླིང་ཁྱོན་ཡོངས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན། འཛམ་གླིང་གི་ས་ཁུལ་གཞན་དག་དང་འདྲ་བར། བོད་ནང་དུའང་། སེམས་ཤུགས་དང་བློ་སྤོབས་སྦྱིན་མཁན་གྱི་མི་སྒེར་དང་ཚོགས་སྡེ་མང་པོ་ཞིག་གིས། གཏེར་ཁ་བསྔོག་འདོན་གྱི་རིགས་བཀག་འགོག་དང་། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ།ཁོར་ཡུག་ལ་མི་གནོད་པའི་ཡུལ་སྐོར་ལས་འཆར་སོགས་འགོ་འཛུགས་བྱེད་ཀྱི་ཡོད།
ལྷག་དཀར་སློབ་གཉེར། – སློབ་གྲྭའི་བོད་རིགས་མགོ་ཁྲིད་དང་འཕོ་འགྱུར་།
ལྷག་དཀར་སློབ་གཉེར་ལས་གཞི་ནི་སྤྱི་ལོ་ 2011 ལོར་མགོ་བཙུགས་ཤིང་། ཤེས་ཡོན་དང་མགོ་ཁྲིད་ཀྱི་ཉམས་མྱོང་ལྡན་པའི་བོད་རིགས་ན་གཞོན་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་ནུས་པ་མཐོར་འདེགས་བྱས་ཏེ། བོད་དུ་དམངས་གཙོ་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་ཡོང་བར་དམིགས་པའི་ཐབས་བྱུས་དང་སྲིད་བྱུས་སོགས་ཀྱི་སྦྱོང་བསྡར་སྤྲོད་ཀྱི་ཡོད།
རྒྱ་གར་གྱི་རང་བཙན་ལས་འགུལ་དང་ཨ་རི་བའི་ཞི་བའི་ཐོབ་ཐང་ལས་འགུལ་སྐབས་མགོ་ཁྲིད་དང་ལས་འགུལ་བ་རྣམས་ལ་ སྦྱོང་བསྡར་སྤྲད་པའི་རིགས་གཞི་རྩར་བཟུང་ནས། བདུན་ཕྲག་གསུམ་ནས་བཞིའི་དུས་ཡུན་གྱི་སློབ་གཉེར་དེས་དེང་རབས་འཛམ་གླིང་གི་ཆབ་སྲིད་དང་། ལོ་རྒྱུས་དང་བོད་རྒྱའི་གནས་སྟངས་བར་འབྲེལ་བ་ག་རེ་ཡོད་མེད་བཅས་ཀྱི་སྐོར་གསལ་རྟོགས་དང་། འཐབ་བྱུས་དང་འཚེ་མེད་ཞི་བའི་ཐབས་ལམ། སྲིད་བྱུས་དང་འགོག་རྒོལ། བདེ་འཇགས་ངང་བརྡ་འཕྲིན་བཀོལ་སྤྱོད་བྱེད་པ་དང་དྲ་རྒྱའི་ལག་རྩལ་བཅས་སྦྱོང་བསྡར་སྤྲོད་ཀྱི་ཡོད།
སྤྱི་ལོ་ 2019 ལོར། བོད་རིགས་ན་གཞོན་དང་ལས་འགུལ་གྱི་སྣེ་ཁྲིད་པ་གྲངས་ 113 ཟླ་གཅིག་དུས་ཡུན་གྱི་ལྷག་དཀར་སློབ་གཉེར་དང་སློབ་གྲྭའི་བོད་རིགས་མགོ་ཁྲིད་དང་འཕོ་འགྱུར་ལས་གཞི་དང་། ས་གནས་ཀྱི་ལྷག་དཀར་སློབ་གཉེར་བདུན་གཅིག་དུས་ཡུན་གྱི་ཟབ་སྦྱོང་ཐོན་ཡོད་པ་རེད། མགོ་ཁྲིད་དེ་རྣམས་ལས་ཐབས་བྱུས་པ། ལས་འགུལ་བ། གཏམ་བཤད་པ། གཞན་ལ་སྦྱོང་བསྡར་སྤྲོད་མཁན་སོགས་ཐོན་ཡོད། སྤྱིའི་ཆ་ནས་བྱས་ན། ཁོང་ཚོ་ནི་བོད་རང་དབང་ལས་འགུལ་གྱི་རྐང་འཛིན་རང་བཞིན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད།
ལྷག་དཀར་སློབ་གཉེར་ལས་འགུལ་གྱི་ལས་རིམ་ཁོངས་སུ་གཤམ་གྱི་འདི་དག་འདུ།
- བོད་མིའི་ངོ་བོ་དང་འགོག་རྒོལ།
- འཚེ་མེད་ཞི་བའི་འགོག་རྒོལ་སྟེ། སྟོབས་ཤུགས་དང་ཐབས་ཇུས། ཐབས་ལམ་ཁག
- རྒྱ་ནག་སྐོར་ཤེས་རྟོགས་བསྐྱེད་པ།
- མི་སྒེར་གྱི་འགོ་ཁྲིད་ནུས་པ།
- བརྒྱུད་ལམ་ཁག་དང་ལྷན་དུ་ལས་ཀ་བྱེད་པ་དང་གནས་ཚུལ་སྤེལ་བ།
- འབྲེལ་ལམ། བརྡ་འཕྲིན། ཉེན་སྲུང་།
འདི་རུ་ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་སྐོར་ལ་མང་ཙམ་མཁྱེན་ངེས།
ཅིའི་ཕྱིར་ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་གལ་ཆེའམ།
འཚེ་མེད་ཞི་བའི་ལྟ་ཚུལ་གྱིས་མི་མང་པོར་སྐུལ་སློང་བྱེད་ཐུབ། འདི་རུ་གང་ཞིག་འཚེ་མེད་ཞི་བའི་ཁྱད་ཆོས་ཡིན་པ་དང་གང་ཞིག་མ་ཡིན་པའི་སྐོར་གླེང་ཡོད། དེས་ང་ཚོས་འཐབ་རྩོད་ཀྱི་ཆེད་དུ་ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་འདེམས་དགོས་བའི་རྒྱུ་མཚན་དེ་གསལ་བར་ཆགས།
འཐབ་བྱུས་རང་བཞིན་ལྡན་པའི་འཚེ་བ་ཞི་བ་ཡིས།
- འཐབ་བྱུས་རང་བཞིན་ལྡན་པའི་འཚེ་བ་ཞི་བ་ཡིས།
- སེམས་ཁམས་དང་། སྤྱི་ཚོགས། དཔལ་འབྱོར། ཆབ་སྲིད་ཀྱི་ཐབས་ལམ་ཁག་ཤུགས་ཆེར་བེད་སྤྱོད་བྱེད་ངེས།
- ཁྱབ་ཆེ་བའི་མང་ཚོགས་ཀྱི་མཉམ་ཞུགས་བྱེད་ཐུབ།
- ནུས་པ་དང་སྟོབས་ཤུགས་ལ་བརྟེན་ནས་བཀའ་བརྩི་དང་ལེན་མི་བྱེད།
- མི་མང་ག་རེ་ལ་ཡིད་ཆེས་ཡོད་མེད་མ་ཡིན་པར། ཁོ་ཚོས་བརྩམས་པའི་ལས་འགུལ་གྱིས་ངོས་འཛིན་བྱེད་དགོས།
- བཀའ་བརྩི་དང་ལེན་དང་གཞན་དབང་གི་ལངས་ཕྱོགས།
- རང་ཉིད་ཀྱི་དགྲ་བོར་དགའ་མོས་བྱེད་པ།
- སྡར་མའི་འདེམས་པའི་ལམ་ཁ།
- ངག་ཐོག་གི་ཐབས་ལམ་གཅིག་པུར་གཞི་བཅོལ་བ།
- མི་ནི་རྩ་བའི་ཆ་ནས་ཡག་པོ་ཡིན་པར་ངོས་འཛིན་བྱེད་པ་སོགས་