ལས་འགུལ་ཁག

ཀུ་ཤུ་བཟོ་ཚོང་ཁང་།

མུ་མཐུད་དུ་ཀློགས།

ཁུང་ཙི་སློབ་གླིང་ཁག་སྒོ་རྒྱག་བཞིན་པ།

མུ་མཐུད་དུ་ཀློགས།

ཀུ་ཤུ་བཟོ་ཚོང་ཁང་ : འགྲོ་བ་མིའི་རང་དབང་རྡོག་རྫིས་གཏོང་བའི་རྒྱ་ནག་གི་བྱེད་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱས་།

བོད་དང་། ཡུ་གུར། ཧོང་ཀོང་། རྒྱ་ནག ཐེ་ཝན་བཅས་ཀྱི་མི་མང་ཚོ་དང་མཉམ་དུ་ཡར་ལོངས་ཤོག

ཀུ་ཤུ་བཟོ་ཚོང་ཁང་ནི་ལོ་ངོ་མང་པོའི་རིང་དུ། དྲ་རྒྱ་མཁོ་སྤྲོད་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་ཡིན་པ་མ་ཟད། མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ཀྱི་ཐད་ལ་ཤུགས་ཆེར་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། འོན་ཀྱང་། རྒྱ་ནག་གི་ནང་དུ། བཟོ་ཚོང་ཁང་དེ་ག་ལེར་སྲིད་དབང་སྒེར་འཛིན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་འགྱུར་བཞིན་ཡོད།

རྒྱ་ནག་གི་གནོན་ཤུགས་འོག  ཀུ་ཤུ་བཟོ་ཚོང་ཁང་གིས་ཧོང་ཀོང་གི་ཀུ་ཤུའི་བིམ་མཛོད་ནས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐོར་གྱི་གནས་ཚུལ་སྤེལ་མཁན་གྱི་Quartz གསར་ཁང་གི་གསར་འགྱུར་གྱི་བཀོལ་ཆས་དང་། ངོ་རྒོལ་ལས་འགུལ་དང་ཉེན་རྟོག་པའི་ས་གནས་སོགས་ངོས་འཛིན་ཐུབ་པའི་HKmap.live་ཟེར་བའི་བཀོལ་ཆས་སོགས་བཀག་སྡོམ་བྱས་ཏེ། ཧོང་ཀོང་ནང་གི་རྒྱ་ནག་གི་གདུག་རྩུབ་ལ་ཤུགས་ཆེར་རྒྱབ་སྐྱོར་བྱེད་བཞིན་ཡོད།

དེ་བཞིན་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ནས་VPN གྲངས་༡༠༠༠ ལྷག་ཙམ་བཀག་སྡོམ་བྱས་ཏེ། མི་མང་ཚོས་རང་དབང་གི་སྒོ་ནས་དྲ་མྱུལ་བྱེད་པའི་རང་དབང་གི་ལམ་ཁ་མེད་པར་བཟོས་ཡོད། VPN  ཡིས་བོད་པ་དང་། ཡུ་གུར་བ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་བཅས་ལ་བདེ་འཇགས་ཀྱི་ཐོག་ནས་འབྲེལ་མཐུད་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་གི་བྱེད་ལས་ཁག་ཡར་ཞུ་བྱེད་སའི་གལ་འགངས་ཆེ་བའི་ལམ་ཁ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།

ཕྱི་ལོ་༢༠༡༨ ལོར། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ནང་གི་ཀུ་ཤུའི་སྤྲིན་མཛོད་བཀོལ་སྤྱོོད་བྱེད་མཁན་ཚོའི། སྤྲིན་མཛོད་ཀྱི་གཞི་གྲངས་གསོག་ཉར་བྱེད་སའི་ས་ཆ་ཨ་རི་ནས་རྒྱ་ནག་ལ་གནས་སྤོར་བྱས་ཏེ། རྒྱ་ནག་གཞུང་གི་དྲ་ཐོག་གི་ཉེས་རྡུང་དང་གསང་མྱུལ་རིགས་སྟབས་བདེ་རུ་གཏོང་བར་མཐུན་རྐྱེན་སྦྱར་ཡོད།

རྒྱ་ནག་གཞུང་གིས་ཐེ་ཝན་གླིང་ཕྲན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་། གླིང་ཕྲན་དེ་དྲག་ཤུགས་ཀྱི་ཐོག་ནས་དབང་སྒྱུར་བྱེད་འདོད་ཡོད་པ་བཞིན། ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུའི་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་iOS 13 ནང་དུ། ཐེ་ཝན་གྱི་རྒྱལ་དར་མཚོན་པའི་(emoji)་རྟགས་དེ་མེད་པར་བཟོས་ཡོད། 

བཀོལ་ཆས་འདི་དག་བཀག་སྡོམ་དང་། རྒྱ་ནག་སྲིད་གཞུང་གི་དགོས་འདུན་ཁག་ཆ་ཚང་ཁས་ལེན་བྱས་པའི་ཐོག་ནས། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རྫིས་གཏོང་བའི་བྱེད་ལས་ཁག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། མ་འོངས་པའི་འཛམ་གླིང་ཡོངས་ཁྱབ་ཀྱི་དྲ་རྒྱའི་རང་དབང་ལ་ཉེན་ཚབས་རང་བཞིན་ལྡན་པའི་མིག་དཔེ་ངན་པ་ཞིག་བསྟན་ཡོད།  

པེ་ཅིན་སྲིད་གཞུང་གིས་རྒྱ་ནག་སྐམ་ས་དང་དེ་བཞིན་སོ་སོས་སྟངས་འཛིན་འོག་ཡོད་པའི་ས་ཁོངས་ཡོངས་རྫོགས་ཀྱི་ནང་དུ། འགྲོ་བ་མིའི་རང་དབང་གི་ཐོག་ཏུ་་སྔར་ལས་ལྷག་པའི་འཇབ་རྒོལ་བྱེད་ཀྱི་ཡོད་དེ། དཔེར་ན། རྒྱ་མི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲངས་མེད་བཙོན་འཇུག་བྱེད་པ་དང་། ཧོང་ཀོང་ནང་གི་དྲག་གནོན་ལ་རྒྱབ་སྐྱོར་བྱེད་པ། ཉུང་མཐར་ཡང་། ཡུ་གུར་བ་ས་ཡ་གཅིག་ལྷག་གཅིག་སྡུད་བཙོན་སྒར་དུ་བཀག་ཉར་བྱེད་པ། བོད་ནང་དུ་ཁྱབ་ཆེ་བའི་ཆབ་སྲིད་ཀྱི་དྲག་གནོན་ལས་གཞི་སྤེལ་གྱི་ཡོད་པ་སོགས་སོ།།

ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས། ངེས་པར་དུ། རྒྱ་ནག་གིས་འགྲོ་བ་མིའི་ཆ་འཕྲིན་རེག་ཐབས་ཀྱི་ལམ་ཁ་དང་། བདེ་འཇགས་ཀྱི་འབྲེལ་མཐུད། བསམ་ཚུལ་ལྷུག་བརྗོད་ཀྱི་རང་དབང་སོགས་བཀག་སྡོམ་བྱེད་པའི་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱེད་དགོས། གང་ཡིན་ཞེ་ན། བྱེད་ལས་འདིས་རྒྱ་ནག་སྒེར་གཅོད་སྲིད་གཞུང་གི་དབང་སྒྱུར་གྱི་ཀ་བ་གལ་ཆེན་ཞིག་ལ་ཐད་ཀར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཀུ་ཤུ་བཟོ་ཚོང་ཁང་གིས་ངེས་པར་དུ་རང་ཉིད་ཀྱིས་དམ་བཅས་པའི་རིན་ཐང་ཁག་གཙིག་འཛིན་བྱེད་དགོས་པ་དང་། འཛམ་གླིང་གི་ས་ཕྱོགས་ཡུལ་གྲུ་སོ་སོའི་ནང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱེད་དགོས།

ཀུ་ཤུའི་ཉེར་སྤྱོད་པ་དང་། འབྲེལ་ཡོད་ཀྱི་མི་སེར། ཚོགས་སྡེ་ཁག་གིས། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས། རྒྱ་ནག་གི་གནས་ཚུལ་བཀག་སྡོམ་བྱེད་པའི་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུ་མཚམས་བཞག་སྟེ། འགྲོ་བ་མིའི་ཆེ་མཐོང་དང་ཆབ་སྲིད་ཀྱི་རང་དབང་གཙིག་འཛིན་བྱེད་དགོས་པའི་རེ་སྐུལ་ནན་མོ་ཞུ་བཞིན་ཡོད།

ཁུང་ཙི་སློབ་གླིང་ཁག་སྒོ་རྒྱག་བཞིན་པ།

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཨ་རི་གཙོ་བོར་བྱས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་གྲྭ་དང་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བཙུགས་ཡོད་པའི་ཁུང་ཙི་སློབ་གླིང་ཁག་བཀག་སྡོམ་བྱེད་པར་ལས་འགུལ་ཤུགས་ཆེ་སྤེལ་ཡོད། ཕྱི་ལོ་ 2017 ལོའི་ལོ་མཇུག་ལ་སྤོ་སི་ཊོན་ནས་ལས་འགུལ་སྤེལ་མགོ་ཚུགས་པ་ནས་བཟུང་། སློབ་གྲྭ་གསུམ་དམིགས་ཚད་དུ་བཟུང་བའི་ལས་འགུལ་སྤེལ་ཡོད། དེར་བརྟེན། མཱ་ས་ཆི་ཊི་སི་སྦོ་སི་ཊོན་གཙུག་ལག་སློབ་གཉེར་ཁང་ University of Massachusetts-Boston དང་། ཁེམ་པུ་རེ་ཇི་རན་ཇི་དང་ལ་ཊིན་སློབ་གྲྭ་ཆེན་མོ་ Cambridge Rindge & Latin High School གཉིས་ཀྱི་ནང་ཡོད་པའི་ཁུང་ཙི་སློབ་གླིང་སྒོ་རྒྱག་ཐུབ་ཡོད། སློབ་གྲྭ་གསུམ་པ་ཊ་ཧྥུ་ཊིས་གཙུག་ལག་སློབ་གཉེར་ཁང་ Tufts University ནི་གནད་དོན་འདིར་ཞིབ་འཇུག་གི་གནས་སྐབས་ཤིག་ན་ཡོད་སྟབས། ནམ་ཞིག་སྒོ་རྒྱག་པའི་ཐག་གཅོད་བྱེད་སྲིད་པ་རེད། སྦོ་སི་ཊོན་གྱི་ལས་འགུལ་སྐོར་གསར་འགྱུར་བརྒྱུད་ལམ་ཆེ་གྲས་སུ་ཐོན་པ་ཁག་ནི།          <<སྦོ་སི་ཊོན་གྱི་འཛམ་གླིང་>>ཞེས་པའི་ཚགས་པར་གྱི་ཤོག་ངོས་མདུན་མར།

https://www.bostonglobe.com/metro/2018/01/15/chinese-institute-umass-boston-accused-promoting-censorship/U5nL824cIpKTFF7h186TSP/story.html

<<རྒྱ་ནག་གི་གསང་མྱུལ་དང་གཡོ་ཁྲམ། སྡིག་སྐུལ་>>ཞེས་པའི་དངོས་བྱུང་བརྙན་ཐུང་ནང་འཁོད་ཡོད་པ། AL jazeera བརྙན་འཕྲིན་ཁང་གི་ཤར་ཕྱོགས་ལེ་ཚན་ 101 ནང་།   https://youtu.be/UrTln_0Xw4w.

སྦོ་སི་ཊོན་ས་གནས་སུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་སེ་ཐི་མོལ་ཊོན་ Seth Moulton དང་མཱེ་ཁི་ཁ་པོན་ནོ Mike Capuano གཉིས་ནས་རྒྱབ་སྐྱོར་གསལ་བསྒྲགས་དང་ངོ་རྒོལ་ཡི་གེ་སྤེལ་ཡོད།

ཁུང་ཙི་སློབ་གླིང་ནི་རྒྱ་ནག་གཞུང་གིས་བོད་དང་ཐེ་ཝན། གནམ་བདེ་སྒོ་མོ་ཆེ་བཅས་ཀྱི་སྐོར་ལ་གནས་ཚུལ་རྫུན་མ་སྤེལ་གྱི་ཡོད་པར་རོགས་འདེགས་བྱེད་མཁན་ཡིན་ནའང་། གནད་དོན་དེ་དག་གི་སྐོར་ལ་བགྲོ་གླེང་བྱ་སའི་སྡིངས་ཆ་དམིགས་བསལ་བ་མེད། དེ་ཚོས་ནི་འཛམ་གླིང་ཡོངས་ནང་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་སྤེལ་གཏོང་གི་ཡོད། དཔེར་ན། སྨྲ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་ལ་ཚོད་འཛིན་བྱེད་ཀྱི་ཡོད།

ཁུང་ཙི་སློབ་གླིང་སྒོ་རྒྱག་པའི་ལས་འགུལ་ལ་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་པ་རེད། ལོ་སྔོན་མའི་ནང་ལ། ཉུང་མཐར་སློབ་གླིང་བཅུ་ཡིས་ཁུང་ཙི་སློབ་གླིང་སྒོ་རྒྱག་པར་མདུན་བསྐྱོད་བྱས་ཡོད། ཁ་ན་ཊའི་མངའ་སྡེ་ New Brunswick ནང་གི་སློབ་གྲྭ་ཁག་ཉེར་བརྒྱད་ནང་ཁུང་ཙི་སློབ་གླིང་སྒོ་རྒྱག་རྒྱུའི་འཆར་གཞི་ཡོད་པ་རེད།

གྷོ་གལ་ GOOGLE བཀག་སྡོམ་བྱེད་རྒྱུ་མཚམས་འཇོག

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་རྒྱལ་སྤྱིའི་རྒྱབ་སྐྱོར་བ་འདྲ་མིན་དང་ལྷན་དུ་ལས་ཀ་བྱེད་ཀྱི་ཡོད། དཔེར་ན། ཞིན་ཅང་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་འཛད་སྤྱོད་པའི་ཞིབ་འཇུག་ཚོགས་པ་སོགས། དེ་རྣམས་དང་ལྷན་དུ་ལས་ཀ་བྱས་ནས་གྷོ་གལ་གྱི་ Dragonfly ལས་འཆར་མཚམས་འཇོག་བྱེད་པར་གནོན་ཤུགས་སྤྲོད་ཀྱི་ཡོད། གྷོ་གལ་གྱི་ Dragonfly ལས་འཆར་ནི་ལོ་སྔོན་མའི་ནང་གསང་བའི་སྒོ་ནས་བཟོས་ཤིང་དེའི་དམིགས་ཡུལ་ནི། རྒྱ་ནག་གཅིག་པུར་དམིགས་ཏེ་སྟངས་འཛིན་དམ་པའི་འཚོལ་བཤེར་འཕྲུལ་ཆས་གྷོ་གལ་ལྟ་བུ་ཞིག་བཟོ་སྐྲུན་བྱ་རྒྱུ་དེ་ཡིན།

ང་ཚོའི་ལས་འགུལ་དེ་ཐོག་མར་སྤྱི་ལོ་ ༢༠༡༨ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་དྲ་ཐོག་ནས་རྒྱུས་སྟོན་གྱི་འགྲེལ་བཤད་གཉིས་དང་བཅས་ཏེ་མགོ་བཙུགས་པ་ཡིན། ལས་འགུལ་དེས་བོད་ཀྱི་གནད་དོན་གཞི་རྩར་བཟུང་ནས། པེ་ཅིང་གིས་རྒྱལ་སྤྱིའི་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་ལ་དོ་ཕོག་གཏོང་བའི་འཆར་གཞི་དེར་ཁ་གཏད་གཅོག་གི་ཡོད།

Top