དྲ་ཐོག་ཏུ་ཉེན་ཁར་དོགས་ཟོན།
གཞན་གྱིས་འཇབ་རྒོལ་བྱེད་སྲིད་པའི་ཁོར་ཡུག་ཅིག་གི་ནང་དུ་ཕྱག་ལས་གནང་གི་ཡོད་པའམ། ཡང་ན། ཉེན་ཁ་ཆེན་པོ་ཡོད་པའི་མི་སྣ་གལ་ཆེན་ཁག་དང་འབྲེལ་བའི་ལས་གཞི་ཁག་གི་ཁྲོད་དུ་ལས་ཀ་བྱེད་པའི་སྐབས་སུ། རང་ཉིད་དང་རང་ཉིད་ཀྱི་དྲ་བར་སྲུང་སྐྱོབ་བྱེད་ཆེད། དུས་རྟག་ཏུ་དོགས་ཟོན་བྱེད་རྒྱུ་གལ་ཆེ།
ཡིག་ཆ་གསོག་ཉར་བྱེད་མཁན་ཞིག་མ་བྱེད།
ཁྱིམ་གྱི་གད་སྙིགས་རྣམས་གཙང་མ་བཟོ་བ་བཞིན་ཁྱེད་ཀྱིས་སོ་སོའི་དྲ་ཐོག་གི་མཛོད་སྒམ་གཙང་མ་བཟོ་གི་ཡོད་དམ།
བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།
ང་ཚོ་མང་ཆེ་བས་བཀོལ་སྤྱོད་བྱེད་བཞིན་པའི་གླེང་མོལ་བཀོལ་ཆས་ཁང་གི་ནང་དུ། གཤམ་གྱི་བརྗོད་གཞི་འདི་འདྲའི་སྒང་དུ་བརྙན་ཐུང་དང་འཕྲིན་ཐུང་རིགས་འབྱོར་གྱི་ཡོད།
སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་ལ་བསྐྱར་དུ་བསམ་བློ་ཐོངས།
ཁྱོད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་སྐད་འཕྲིན་ཕབ་ལེན་བྱེད་པ་ནི་རྒྱ་ནག་གཞུང་སོ་སོའི་རྩར་ཉུལ་མ་བྱེད་པར་སྐད་གཏོང་བ་མཚུངས།
ཁྱེད་རང་གི་དགྲ་བོ་ཡིག་སྒམ་གྱི་ཕྱི་ལ་བསྐྲོད།
ཁྱེད་རང་ཡིག་ཟམ་ནང་འཛུལ་དུས་གཅིག་པུ་མ་ཡིན་པར། ཁྱེད་ཀྱི་ཡིག་ཟམ་གྱི་ཞབས་ཞུའི་ངོས་ནས་རྟག་དུ་HTTPS བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཁག་ཐེག་བྱོས།
ཁྱོད་ཀྱི་ཁ་པར་གྱིས་ཁྱེད་རང་ངོས་འཛིན་ཐུབ་གི་རེད།
ཁྱོད་ཀྱི་ཁ་པར་དེ་གོང་ཆེན་ཞིག་མིན་ན་ཡང་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ།
ཁྱེད་ཀྱི་ལག་འཁྱེར་ཁ་པར་ནི་ཁྱེད་རང་གི་སྡོད་གནས་གཞན་ལ་སྤྲོད་པའི་སླད་དུ་བཟོས་བ་ལྟ་བུ་རེད།
ཁྱོད་ཀྱི་ཁ་པར་དེ་གོང་ཆེན་ཞིག་མིན་ན་ཡང་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ།
ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱིས་ཁྱོད་ལ་ལྐོག་ཉན་བྱེད་ཀྱི་ཡོད།
ཁྱོད་ཀྱི་བསམ་པར། སོ་སོའི་ཁ་པར་དེ་གྲོགས་པོར་ཁ་བརྡ་དང་འཕྲིན་ཐུང་གཏོང་ཆེད་རེད་བསམ་མོད། ཁྱོད་ཀྱིས་ཁ་པར་གྱིས་ཁྱོད་ཀྱི་གླེང་མོལ་དག་ལ་ཉན་ཡང་ཐུབ་གི་རེད།
ཡིག་ཆ་གསོག་ཉར་བྱེད་མཁན་ཞིག་མ་བྱེད།
ཁྱིམ་གྱི་གད་སྙིགས་རྣམས་གཙང་མ་བཟོ་བ་བཞིན་ཁྱེད་ཀྱིས་སོ་སོའི་དྲ་ཐོག་གི་མཛོད་སྒམ་གཙང་མ་བཟོ་གི་ཡོད་དམ།
དྲ་ཐོག་གི་འགྲུལ་བཞུད་འགོ་བཙུགས་པ་ནས་བཟུང་། ཁྱེད་ཀྱིས་སོ་སོ་སྒེར་དང་ལས་ཀར་འབྲེལ་བ་ཡོད་པའི་གློག་འཕྲིན་གང་མང་ཞིག་གཏོང་ལེན་བྱས་ཡོད་ལ། གློག་འཕྲིན་དེ་དག་ཕལ་ཆེ་བའི་ནང་དུ་ཁྱེད་ལ་མི་དགོས་པའི་པར་རིས་དང་ཡིག་ཆ་སོགས་ཀྱང་འདུས་ཡོད། འོན་ཀྱང་དེ་དག་དྲ་ཐོག་ཏུ་གཏན་དུ་ཉར་ཚགས་བྱས་ཡོད་པ་རེད། དྲ་ཐོག་གི་འཇབ་རྒོལ་པས་ཁྱེད་ལ་གནོད་པ་སྐྱེལ་བ་དང་། ཁྱེད་ཀྱི་ལག་པ་ནས་དངུལ་གྱི་ཁེ་ཕན་བཟོ་ཕྱིར། ཡིག་ཆ་དེ་དག་རྐུ་འཁྱེར་བྱེད་པར་དགའ་མོས་བྱེད་ཀྱི་ཡོད།
བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།
ང་ཚོ་མང་ཆེ་བས་བཀོལ་སྤྱོད་བྱེད་བཞིན་པའི་གླེང་མོལ་བཀོལ་ཆས་ཁང་གི་ནང་དུ། གཤམ་གྱི་བརྗོད་གཞི་འདི་འདྲའི་སྒང་དུ་བརྙན་ཐུང་དང་འཕྲིན་ཐུང་རིགས་འབྱོར་གྱི་ཡོད།
- ཚྭ་བླུགས་ཡོད་པའི་ཆུ་དྲོད་འཇམ་བཏུངས་ན། ཏོག་དབྱིབས་ནད་དུག་གི་འབུ་ཕྲ་དེ་ཁྱེད་ཀྱི་གློ་བའི་ནང་དུ་འཛུལ་མི་ཐུབ།
- འཚོ་བཅུད་ཀྱི་སྨན་C་མང་པོ་མཆོད་དེ། གཟུགས་པོའི་ནང་གི་ནད་འགོག་ནུས་པ་ཆེ་རུ་བཏང་ན། ཁྱེད་ལ་ཏོག་དབྱིབས་ནད་དུག་འགོས་མི་ཐུབ།
- ༧གོང་ས་སྐྱབས་མགོན་མཆོག་གིས་ཇ་ནག་ཁུ་མཆོད་ན། ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཟེར།
- བོད་མི་ཞིག་གིས་བཤད་པའི་དྲང་བདེན་གྱི་སྐད་ཆའི་བརྙན་ཐུང་འདི་གང་མང་ལ་བརྒྱུད་སྐུར་བྱེད་རོགས།
ང་ཚོས་མི་གཞན་པ་གང་མང་ཞིག་ལ་ཕན་རེ་ཐོགས་ན་སྙམ་སྟེ། གནས་ཚུལ་འདི་རིགས་ལམ་སེང་བརྒྱུད་སྐུར་བྱེད་ཀྱི་ཡོད། འོན་ཀྱང་། གནས་ཚུལ་འདི་དག་མང་ཆེ་བ་ཞིག་རྫུན་མ་ཡིན་སྟབས། ཁྱེད་ཀྱིས་བརྒྱུད་བསྐུར་བྱས་པའི་གནས་ཚུལ་དེས་གཞན་ལ་ཕན་རྒྱུའི་ཚབ་ཏུ། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་གི་འཕྲོད་བསྟེན་ལ་དཀའ་ངལ་སྤྲོད་ཀྱི་ཡོད།
གནས་ཚུལ་འདི་འདྲ་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་གནས་ཚུལ་་ནོར་བ་ཡིན་རུང་། ཕན་སེམས་བཅངས་ཏེ་བརྒྱུད་བསྐུར་བྱས་པ་དེས། མི་གཞན་ལ་གནོད་པ་སྐྱེལ་ཡོད་པ་དང་། རིགས་གཞན་པ་དེས་གནས་ཚུལ་རྫུན་མ་བེད་སྤྱད་དེ་སྤྱི་ཚོགས་འཆམ་མཐུན་ལ་གནོད་སྐྱོན་གཏོང་གི་ཡོད།
དེར་བརྟེན། བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།
བརྒྱུད་སྐུར་མ་བྱས་གོང་། སོ་སོ་རང་ཉིད་ལ་དྲི་བ་ཁ་ཤས་དྲིས།
གནས་ཚུལ་འདི་བདེན་པ་ཡིན་ནམ། གནས་ཚུལ་འདི་ཁུངས་ལྡན་ཡིན་ནམ། གནས་ཚུལ་གྱི་ཡོངས་ཁུངས་དེ། དཔེར་ན། ཁུངས་སྐྱེལ་བྱས་པའི་འཕྲོད་བསྟེན་དྲ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བ། ཆ་འཕྲིན་དྲ་བ་སོགས་ཡིན་ནམ།
སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་ལ་བསྐྱར་དུ་བསམ་བློ་ཐོངས།
ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་སྐད་འཕྲིན་ནང་འཇུག་བྱེད་པ་ནི། ཁྱོད་ཀྱིས་རྒྱ་གཞུང་མགྲོན་འབོད་བྱས་ནས་སོ་སོར་སོ་ལྟ་བྱེད་དུ་འཇུག་པ་ལྟ་བུ་ཡིན།
རྒྱ་ནག་ཏུ་ཡོད་པའི་སྐད་འཕྲིན་གྱི་ཞབས་ཞུ་ལྟེ་བ་དེས། ཁྱོད་ཀྱི་སྐོར་དང་ཁྱེད་ཀྱི་འབྲེལ་མིང་ཁག ཁྱོད་ཀྱི་ཁ་པར་དང་འཕྲིན་ཐུང་ཁག ཁྱོད་ཀྱི་གླེང་མོལ་བཅས་ཚང་མར་གསོག་ཉར་དང་ཞིབ་ལྟ་གཉིས་ཀ་བྱེད་ཐུབ། རྒྱ་ནག་གི་ཚོང་ལས་སྡེ་ཚན་གཞན་པ་དག་ནང་བཞིན། སྐད་འཕྲིན་བཟོ་ཚོང་ཁང་གིས་ཀྱང་རྒྱ་གཞུང་ལ་མི་སྒེར་བའི་གནས་ཚུལ་སོགས་ལ་ལྐོག་ལྟ་བྱེད་འཇུག་གི་ཡོད།
- གལ་སྲིད་ཁྱོད་ཀྱི་ཁ་པར་སྟེང་དུ་སྐད་འཕྲིན་ཡོད་ཚེ། ཁྱོད་ཀྱིས་ཅི་ཞིག་བྱས་བ་དག་ལ་རྒྱ་གཞུང་གིས་ལྟ་རྟོག་བྱེད་གི་ཡོད་པ་མ་ཟད་དང་ཁྱོད་ཀྱིས་སོ་སོའི་འབྲེལ་བ་བྱེད་ས་ཁག་ཉེན་ཁའི་གནས་སུ་སྐྱེལ་གི་ཡོད་པ་ཤེས་དགོས། ལྷག་པར་དུ་། སྐད་འཕྲིན་སྟེང་དུ་ཅི་ཞིག་འབྲི་བ་དང་ཅི་ཞིག་གླེང་བ་སོགས་ལ་གཟབ་གཟབ་བྱོས།
- རབ་བྱུང་ན། སྐད་འཕྲིན་གྱི་ཚབ་ལ་ཉེན་སྲུང་ཅན་གྱི་ཁ་ཁོ་འཕྲིན་ཐུང་ཡོ་ཆས་སོགས་བེད་སྤྱོད་ཐོངས།
- སྐད་འཕྲིན་བེད་སྤྱོད་གཏོང་མཚམས་བཞག་ནས་ཉེན་སྲུང་ཅན་གྱི་འཕྲིན་ཐུང་མཉེན་ཆས་གཞན་པ་KaKaoལྟ་བུའི་རིགས་བེད་སྤྱོད་ཐོངས།
ཁྱེད་རང་གི་དགྲ་བོ་ཡིག་སྒམ་གྱི་ཕྱི་ལ་བསྐྲོད།
HTTPS དང་ར་སྤྲོད་རིམ་པ་གཉིས་ཅན་ནི་ཁྱོད་ཀྱི་གློག་འཕྲིན་ལ་སོ་མྱུལ་བའི་སིམ་འཛུལ་མེད་པར་བདེ་འཇགས་ངང་ཉར་བ་ལ་ལག་ཆ་གལ་ཆེན་པོ་གཉིས་ཡིན།
ཁྱོད་ཀྱིས་གློག་འཕྲིན་ནང་འཛུལ་བྱེད་དུས་གཅིག་པོ་མ་ཡིན་པར། ཁྱོད་ཀྱིས་གློག་འཕྲིན་གྱིས་དུས་རྟག་ཏུ་HTTPS བེད་སྤྱོད་གཏོང་གི་ཡོད་པ་བྱོས།
ཁྱེད་རང་གློག་འཕྲིན་ནང་འཛུལ་སྐབས་དྲ་ཚིགས་ཀྱི་ཁ་བྱང་ལ་བརྟག་དཔྱད་བྱོས། གལ་སྲིད་ཁྱོད་ཀྱིས་ཁ་བྱང་ཁོངས་སུ་ HTTPS མི་མཐོང་ཚེ། གློག་འཕྲིན་ཞབས་ཞུ་བརྗེ་བོ་རྒྱོབས།
རྗེ་མེལ་དང་ཡ་ཧོ། ཧོ་ཁྲི་མེལ་གསུམ་གྱིས་དུས་རྟག་ཏུ་HTTPS མཁོ་སྤྲོད་བྱེད་ཀྱི་ཡོད།
ཁྱོད་ཀྱི་གློག་འཕྲིན་ཆེད་དུ་ར་སྤྲོད་རིམ་པ་གཉིས་ཅན། ཁྱོད་ཀྱིས་སོ་སོའི་གློག་འཕྲིན་ཁ་ཕྱེས་ཐེངས་རེར། ར་སྤྲོད་རིམ་པ་གཉིས་ཅན་གྱིས་ཁྱོད་ཀྱི་ལག་འཁྱེར་ཁ་པར་དུ་ཨང་ཚབ་ཞིག་གཏོང་གི་རེད། གལ་སྲིད་མི་ཞིག་གིས་ཁྱོད་ཀྱི་གསང་ཚིག་རྙེད་པ་ཡིན་རུང་། ཁོང་ཚོ་ཁྱེད་ཀྱི་གློག་འཕྲིན་ཁོངས་སུ་འཛུལ་མི་ཐུབ། རྒྱུ་མཚན། ཁོང་ཚོར་ཨང་ཚབ་དེ་མི་རེག
ར་སྤྲོད་རིམ་པ་གཉིས་ཅན་ནི་རྗེ་མེལ་དང་ཧོ་ཁྲི་མེལ་གཉིས་ཀས་བེད་སྤྱོད་གཏོང་གི་ཡོད། ཁྱོད་ཀྱི་སྒྲིག་བཟོའི་ཐོ་མཛོད་དུ་སོང་ནས་ར་སྤྲོད་རིམ་པ་གཉིས་ཅན་དེ་འདེམས།
ཁྱོད་ཀྱི་ཁ་པར་གྱིས་ཁྱེད་རང་ངོས་འཛིན་ཐུབ་གི་རེད།
ཁྱོད་ཀྱི་ཁ་པར་དེ་གོང་ཆེན་ཞིག་མིན་ན་ཡང་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ།
དུས་ཚོད་གང་རུང་དུ། ཁྱོད་ལ་ཁ་པར་འབྱོར་བའམ་ཡང་ན་ཁྱོད་ཀྱིས་འཕྲིན་ཐུང་གཏོང་བ། ཁ་པར་བརྒྱུད་ནས་དྲ་རྒྱ་བསྔོགས་པ་སོགས་ཅི་ཞིག་བྱས་རུང་། ཁྱོད་ཀྱི་ལག་འཁྱེར་ཁ་པར་དེ་ལག་འཁྱེར་ཁ་པར་གྱི་དྲ་འབྲེལ་དང་སྦྲེལ་ནས་ཡོད་ཅིང་དེ་ཡིས་ལམ་ཁ་གཉིས་བརྒྱུད་ནས་ཁྱེད་རང་ངོས་འཛིན་ཐུབ་གི་རེད། ལམ་ཁ་གཉིས་ནི་གཤམ་གསལ།
དང་པོ། – ཁྱོད་ཀྱི་བྱང་བུ་ཡིས་ཁྱེད་རང་ངོས་འཛིན་ཐུབ་པའི་གནས་ཚུལ་ཉར་གི་ཡོད་ཅིང་། བྱང་བུ་རེ་ལ་དེ་མཁོ་སྤྲོད་བྱེད་མཁན་རེ་ཡོད། མཁོ་སྤྲོད་བྱེད་མཁན་དེ་ཡིས་བྱང་བུ་དེ་བེད་སྤྱོད་གཏོང་སའི་ཁ་པར་ཨང་གྲངས་དང་ཁྱོད་ཀྱིས་བྱང་བུ་ཉོ་བའི་སྐབས་སུ་ཁོང་ཚོར་སྤྲད་པའི་གནས་ཚུལ་དག་ཤེས་ཀྱི་ཡོད།
གཉིས། – ཁྱོད་ཀྱི་ལག་འཁྱེར་ཁ་པར་ལ་ཐུན་མོང་མ་ཡིན་པའི་ཨང་གྲངས་ཤིག་ཡོད་ཅིང་། ཨང་གྲངས་དེ་ཡི་མིང་ལ་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་གྱི་ངོས་འཛིན་ཨང་གྲངས་ (IMEI)ཟེར་གི་ཡོད། གཞན་གྱིས་ཨང་གྲངས་དེ་བརྒྱུད་ནས་དུས་རྟག་དུ་ཁྱེད་རང་རྗེས་འདེད་ཐུབ། ཁྱེད་ཀྱིས་ཨང་གྲངས (#06#) དེར་བསྣུན་པའམ་ཡང་ན་ལག་འཁྱེར་ཁ་པར་གྱི་གློག་རྫས་ངོས་སུ་བལྟས་ན་ཨང་གྲངས་དེ་རྙེད་ཐུབ།
ཉེན་སྲུང་ཡོད་པ་བྱོས།
༡) གལ་སྲིད་ཁྱེད་རང་ངོས་འཛིན་བཅུག་འདོད་མེད་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ཀ་བརྗེ་བོ་རྒྱོབས། དེ་གཉིས་ཀྱི་གང་རུང་གཅིག་བརྗེས་བ་ཙམ་གྱིས་གོ་མི་ཆོད།
༢) ཁྱོད་ཀྱི་མིང་དེབ་སྐྱེལ་མ་བྱས་བའི་བྱང་བུའི་རིགས་དངུལ་སྒོར་སྤྲོད་ནས་ཉོས།
༣) རིན་ཐུང་ཆུང་བའི་ལག་འཁྱེར་ཁ་པར་ཉོས། རྒྱུ་མཚན། དེ་རྗེས་སུ་གཡུག་དགོས་རུང་འགྱོད་སེམས་ཆུང་།
ཁྱེད་ཀྱི་ལག་འཁྱེར་ཁ་པར་ནི་ཁྱེད་རང་གི་སྡོད་གནས་གཞན་ལ་སྤྲོད་པའི་སླད་དུ་བཟོས་བ་ལྟ་བུ་རེད།
ཁྱོད་ཀྱི་ཁ་པར་དེ་གོང་ཆེན་ཞིག་མིན་ན་ཡང་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ།
དེ་ཡི་སྟེང་དུ་དྲ་འབྲེལ་འཚོལ་ཐེངས་རེར། ཁྱོད་ཀྱི་
ལག་འཁྱེར་ཁ་པར་གྱིས་ཐག་ཉེ་བའི་ལག་འཁྱེར་ཁ་པར་གྱི་ལྕགས་མདོང་ལ་མཚམས་མེད་དུ་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། དེས་ཁྱོད་ཀྱི་བྱང་བུ་དང་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་གཉིས་ཀ་དེབ་སྐྱེལ་བྱེད་ཀྱི་ཡོད་པ་མ་ཟད་ཁྱོད་ཀྱི་སྡོད་གནས་ཀྱང་རྙེད་གི་ཡོད།
དེང་སང་ལག་འཁྱེར་ཁ་པར་མང་པོར་ཕྱོགས་སྟོན་འཕྲུལ་ཆས་(GPS)ཡོད་ཅིང་དེ་ཡིས་ཁྱེད་རང་གི་སྡོད་གནས་གསལ་བོ་སྟོན་གི་རེད། དེ་ཡང་གཙོ་བོ་ཁྱེད་ཀྱིས་ཁ་པར་བརྒྱུད་ནས་བཏང་བའི་འདྲ་པར་དང་འཕྲིན་ཐུང་སོགས་ཀྱིས་ཁྱོད་ཀྱི་སྡོད་གནས་འཚོལ་བདེ་བར་གཏོང་གི་ཡོད།
ཉེན་སྲུང་ཡོད་པ་བྱོས།
༡) ཁྱེད་རང་གི་འགྲོ་འདུག་དང་སྡོད་གནས་སོགས་གཞན་ལ་ཤེས་བཅུག་འདོད་མེད་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱི་ལ་འདོན་དགོས། གང་ཡིན་ཞེ་ན། ཁ་པར་གཟིམས་པ་ཙམ་གྱིས་གོ་མི་ཆོད།
༢) གལ་སྲིད་ཁྱེད་རང་སོ་སོའི་སྡོད་གནས་རྗེས་འདེད་ཡོང་བར་སེམས་ཁྲལ་ཡོད་ཚེ། ཁ་པར་སྒང་གི་ཕྱོགས་སྟོན་འཕྲུལ་ཆས་དེ་གཟིམས།
ཁྱེད་ཀྱི་ལག་འཁྱེར་ཁ་པར་ནི་ཁྱེད་རང་གི་སྡོད་གནས་གཞན་ལ་སྤྲོད་པའི་སླད་དུ་བཟོས་བ་ལྟ་བུ་རེད།
ཁྱོད་ཀྱི་བསམ་པར། སོ་སོའི་ཁ་པར་དེ་གྲོགས་པོར་ཁ་བརྡ་དང་འཕྲིན་ཐུང་གཏོང་ཆེད་རེད་བསམ་མོད། ཁྱོད་ཀྱིས་ཁ་པར་གྱིས་ཁྱོད་ཀྱི་གླེང་མོལ་དག་ལ་ཉན་ཡང་ཐུབ་གི་རེད།
དེ་ཡི་སྟེང་དུ་དྲ་འབྲེལ་འཚོལ་ཐེངས་རེར། ཁྱོད་ཀྱི་
ལག་འཁྱེར་ཁ་པར་གྱིས་ཐག་ཉེ་བའི་ལག་འཁྱེར་ཁ་པར་གྱི་ལྕགས་མདོང་ལ་མཚམས་མེད་དུ་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། དེས་ཁྱོད་ཀྱི་བྱང་བུ་དང་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་གཉིས་ཀ་དེབ་སྐྱེལ་བྱེད་ཀྱི་ཡོད་པ་མ་ཟད་ཁྱོད་ཀྱི་སྡོད་གནས་ཀྱང་རྙེད་གི་ཡོད།
དེང་སང་ལག་འཁྱེར་ཁ་པར་མང་པོར་ཕྱོགས་སྟོན་འཕྲུལ་ཆས་(GPS)ཡོད་ཅིང་དེ་ཡིས་ཁྱེད་རང་གི་སྡོད་གནས་གསལ་བོ་སྟོན་གི་རེད།
དེ་ཡང་གཙོ་བོ་ཁྱེད་ཀྱིས་ཁ་པར་བརྒྱུད་ནས་བཏང་བའི་འདྲ་པར་དང་འཕྲིན་ཐུང་སོགས་ཀྱིས་ཁྱོད་ཀྱི་སྡོད་གནས་འཚོལ་བདེ་བར་གཏོང་གི་ཡོད།