དྲ་ཐོག་ཏུ་བདེ་འཇགས་རྒྱུན་འཁྱོངས།

ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱེད་སྒོ་མང་དག་ཅིག་དྲ་རྒྱ་ལ་བརྟེན་ཡོད་སྟབས། དྲ་ཐོག་ཏུ་བདེ་འཇགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། དྲ་རྒྱའི་བདེ་འཇགས་རྒྱུན་འཁྱོངས་བྱེད་པར། གཞི་རྩའི་ལག་ལེན་ཁག་ཅིག་ཡོད་པ་དེ་དག་ལ་གོམས་སུ་བཅུག་སྟེ། ལག་ལེན་དེ་དག་རང་ཉིད་ཀྱི་གོམས་གཤིས་སུ་བསྒྱུར་དགོས།

མ་བསྣུན་སྔོན་ལ་བསམ་བློ་ཐོངས།

ཁྱེད་རང་ལ་གློག་འཕྲིན་ནམ་ངོ་དེབ། ཡང་ན་Whatsapp,འཕྲུལ་སྒྲ་སོགས་བརྒྱུད་ནས་གཤམ་གྱི་འཕྲིན་ཐུང་ལྟ་བུའི་རིགས་འབྱོར་མྱོང་ངམ། དཔེར་ན། “ཁྱེད་ཀྱིས་རང་གི་བརྙན་པར་ཁྱད་མཚར་ཞིག་དྲ་ངོས་སུ་བཞག་འདུག་པ་དེ་མཐོང་བྱུང་ངམ།” …

མུ་མཐུད་དུ་ཀློགས།

ཟུར་སྣོན་དང་ཁ་བྲལ།

ངས་ཅིའི་ཕྱིར་འདི་གལ་ཆེན་ལ་བརྩི་དགོས་སམ། གལ་སྲིད་ཁྱེད་རང་། ང་ལ་ཅི་ཡང་སྦས་སྐུང་བྱེད་རྒྱུ་མེད། ང་ཅིའི་ཕྱིར་སྐྲག་དགོས་སམ། བསམ་མཁན་ཞིག་ཡིན་ཚེ། བསམ་བློ་བསྐྱར་དུ་ཐོངས་དང་། དྲ་ཐོག་གི་འཇབ་རྒོལ་མང་ཆེ་བའི་དམིགས་ཡུལ་ནི་གནས་ཚུལ་བརྐུ་འཁྱེར་བྱེད་རྒྱུ་དེ་རེད། …

མུ་མཐུད་དུ་ཀློགས།

སྒུག་ནས་མ་སྡོད་། གསར་སྣོན་བྱོས།

ཁྱེད་རང་གི་གློག་ཀླད་དང་ཁ་པར་གྱི་མཉེན་ཆས་མ་ལག་ཁག་དུས་ཐོག་ཏུ་གསར་སྣོན་བྱས་པ་ཡིན་ན། མཉེན་ཆས་བཟོ་སྐྲུན་མཁན་གྱིས་རྙེད་པའི་མ་ལག་རང་སྟེང་གི་སྐྱོན་ཆ་དང་ནོར་འཛོལ་རིགས་བཟོ་བཅོས་བྱེད་ཐུབ་ཀྱི་ཡོད།

མུ་མཐུད་དུ་ཀློགས།

གསང་ཚིག་བརྟན་པོ་འཇོག

གསང་ཚིག་ཇི་ལྟར་མགོ་ཉོག་པོ་དང་རིང་པོ་ཡོད་ན། དེ་ཙམ་གྱི་བརྟན་པོ་ཡིན་པས། ་གཞན་གྱིས་ཚོད་དཔག་དང་རྐུ་འཁྱེར་བྱེད་དཀའ།

མུ་མཐུད་དུ་ཀློགས།

རིམ་པ་གཉིས་ཅན་དེ་བེད་སྤྱོད།

ཁྱེད་ལ་སོ་སོའི་ངོ་དེབ་དང་གློག་འཕྲིན་ཡིག་ཟམ་ལ་སོགས་མི་གཞན་གྱིས་སྟངས་འཛིན་དང་འཇབ་རྒོལ་བྱེད་སྲིད་པའི་ཞེད་སྣང་དེ་འདྲ་སྐྱེས་མྱོང་ཡོད་དམ། 

མུ་མཐུད་དུ་ཀློགས།

མ་བསྣུན་སྔོན་ལ་བསམ་བློ་ཐོངས།

ཁྱེད་རང་ལ་གློག་འཕྲིན་དང་། ངོ་དེབ། འཕྲུལ་སྒྲ ཡང་ན་Whatsapp སོགས་འབྲེལ་མཐུད་ཀྱི་བཀོལ་ཆས་རིགས་བརྒྱུད་ནས་གཤམ་གྱི་འཕྲིན་ཐུང་འདི་ལྟ་བུའི་རིགས་འབྱོར་མྱོང་ཡོད་དམ།

དཔེར་ན།

  • “ཁྱེད་རང་གི་བརྙན་པར་ཁྱད་མཚར་ཞིག་དྲ་ཐོག་ཏུ་བཞག་འདུག་པ་དེ་ཁྱེད་ཀྱིས་མཐོང་སོང་ངམ།”
  • “འདི་རུ་བསྣུན་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་གསར་འགྱུར་དེ་ཀློགས།”
  • “༸རྒྱལ་བ་རིན་པོ་ཆེའི་བརྡ་འཕྲིན་གལ་ཆེན་ཞིག”

འབྲེལ་ཐག་འདི་དག་གི་སྟེང་ལ་བསྣུན་པའི་འདོད་པ་ཆེན་པོ་འདུག་གམ།  མ་རེད་དམ།

ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ། དོན་དངོས་ཐོག་འབྲེལ་ཐག་དེ་དག་ནི་གནོད་འཚེ་ཅན་ཤ་སྟག་ཡིན་ཞིང་། དེ་དག་གིས་ཁྱེད་རང་དྲ་ངོས་གཞན་ཞིག་ཏུ་ཁྲིད་ཏེ།  གནས་དེ་རུ་ཁྱེད་ཀྱི་གློག་ཀླད་དང་ཁ་པར་སོགས་ལ་དྲ་འབུའི་ནད་ཡམས་འགོས་སུ་འཇུག་ཐུབ།

ཁྱེད་ཀྱིས་་སོ་སོའི་གློག་འཕྲིན་དང་། ངོ་དེབ། ཡང་ན་ WhatsApp སོགས་འབྲེལ་མཐུད་ཀྱི་བཀོལ་ཆས་རིགས་བརྒྱུད་དེ་འབྱོར་བའི་འབྲེལ་མེད་ཀྱི་ཟུར་སྣོན་དང་འབྲེལ་ཐག་རིགས་རྩ་བ་ནས་ཁ་མ་འབྱེད། 

ཁྱེད་ལ་གློག་འཕྲིན་དེ་འབྱོར་བའི་ངེས་གཏན་ཡོད་ན་མ་གཏོགས། ཟུར་སྣོན་དང་འབྲེལ་ཐག་གི་ཁོངས་སུ་དྲ་འབུ་བསྐུངས་ཡོད་ངེས་ལ། དེ་ཁྱེད་ཀྱིས་ཁ་ཕྱེས་བའི་དུས་སྐད་ཅིག་མ་དེར། ཁྱེད་ཀྱི་གློག་ཀླད་དང་ཁ་པར་སོགས་ལ་དྲ་འབུའི་གནོད་འཚེ་ཐེབས་འགྲོ

ཟུར་སྣོན་དང་ཁ་བྲལ།

 གློག་འཕྲིན་ཡིག་ཟམ་ནང་དུ་ཟུར་སྣོན་རིགས་མ་གཏོང་། དེ་དག་གི་ནང་དུ་ཉེན་ཚབས་ཆེ་བའི་མཉེན་ཆས་རིགས་སྦས་ཡོད་སྲིད་ལ། དེས་ཁྱེད་ཀྱི་གློག་ཀླད་སྟངས་འཛིན་བྱས་ཏེ། གསང་བ་ཚང་མ་བརྐུ་སྲིད།

ངས་ཅིའི་ཕྱིར་འདི་གལ་ཆེན་ལ་བརྩི་དགོས་སམ།

གལ་སྲིད་ཁྱེད་རང་། ང་ལ་ཅི་ཡང་སྦས་སྐུང་བྱེད་རྒྱུ་མེད། ང་ཅིའི་ཕྱིར་སྐྲག་དགོས་སམ། བསམ་མཁན་ཞིག་ཡིན་ཚེ། བསམ་བློ་བསྐྱར་དུ་ཐོངས་དང་། དྲ་ཐོག་གི་འཇབ་རྒོལ་མང་ཆེ་བའི་དམིགས་ཡུལ་ནི་གནས་ཚུལ་བརྐུ་འཁྱེར་བྱེད་རྒྱུ་དེ་རེད། འོན་ཀྱང་། ང་ཚོ་མང་པོ་ཞིག་གིས་སོ་སོའི་ཉར་ཆས་སུ་ཡོད་པའི་གནས་ཚུལ་ལམ་ཡང་ན་སོ་སོར་ཡོད་པའི་དྲ་ཐོག་གི་དྲ་འབྲེལ་རྣམས་གནས་ཚུལ་ཡིན་པར་ངོས་འཛིན་ཐུབ་ཀྱི་ཡོད་མ་རེད།སྤྱིར་བཏང་ནས་ས་ཕྱོགས་གང་སར་ཡོད་པའི་མི་རྣམས་ལ་སོ་སོའི་དྲ་འབྲེལ་རྣམས་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་ཡོད་མོད། བོད་མི་རྣམས་ལ་དེ་ལས་ལྷག་པའི་འགན་འཁྲི་ཡོད་པ་རེད། ང་ཚོས་འདི་ལ་སྣང་ཆུང་ཤོར་བ་ཡིན་ན། འདིས་སོ་སོའི་དྲ་འབྲེལ་གྱི་ཁོངས་སུ་ཡོད་པའི་གྲོགས་པོའམ་ཡང་བོད་མི་གང་རུང་གི་མི་ཚེར་དཀའ་ངལ་འཕྲད་སྲིད་པ་རེད།

སྒུག་ནས་མ་སྡོད་། གསར་སྣོན་བྱོས།

ཁྱེད་རང་གི་གློག་ཀླད་མཉེན་ཆས་དུས་ཐོག་ཏུ་གསར་སྣོན་བྱེད་རྒྱུ་ནི་དྲ་ཐོག་བཅོམ་རྐུན་འགོག་ཐབས་ལས་སླ་ཤོས་དེ་ཡིན།

ང་ཚོ་ཚང་མའི་གློད་ཀླད་ནང་། “མཉེན་ཆས་གསར་སྣོན་བྱེད་རྒྱུ་འདུག དུས་ཐོག་གསར་སྣོན་བྱེད། ༼ཡང་ན།༽ རྗེས་ལ་དྲན་གསོས།” ཞེས་པའི་དྲན་བརྡ་འབྱོར་མྱོང་ཡོད་བཞིན་པ་ལྟར། “དུས་ཐོག་གསར་སྣོན་བྱེད།” ཞེས་པ་འདེམས་རྒྱུ་ནི་དྲ་ཐོག་བདེ་སྲུང་གི་ཐབས་ཇུས་སྟབས་བདེ་ཤོས་དང་ནུས་པ་ཆེ་ཤོས་དེ་ཡིན།

གློག་ཀླད་ཀྱི་མ་ལག་སྒེའུ་ཁུང་དང་ཀུ་ཤུ་རྟགས་ཅན་གཙོས་པས་རྒྱུན་སྤྱོད་མཉེན་ཆས་ཚང་མ་དུས་ཡུན་རིང་པོའི་རྗེས་སུ་བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་འཕྲད་ཀྱི་ཡོད་པ་ཤེས་ཐུབ། བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་ཀྱི་དུས་ཡུན་དེའི་སྐབས་དྲ་རྒྱ་གཏོར་བཅོམ་པས་ཁེ་ཕན་ལེན་ཏེ། ཁྱེད་རང་གི་གློག་ཀླད་མཉེན་ཆས་ནང་ལས་སླ་པོར་གསང་འཛུལ་བྱེད་ཀྱི་ཡོད། བདེ་འཇགས་ཉེན་འཚབ་ཀྱི་དཀའ་ངལ་འདི་ལྟ་བུ་མཉེན་ཆས་བཟོ་ལས་ཁང་ཚོས་ཤེས་རྟོགས་བྱུང་སྟབས། ཁོང་ཚོས་ལེགས་གསོའི་མཉེན་ཆས་དྲ་རྒྱའི་ཐོག་མཁོ་གཏོང་བྱས་ཏེ། མཉེན་ཆས་ཀྱི་བདེ་འཇགས་སླར་གསོ་བྱས་པ་དང་ཆབས་ཅིག དྲ་རྒྱ་གཏོར་བཅོམ་པ་མཐའ་ཅིག་ཏུ་ཕྱིར་འགོག་ཐབས་བྱེད་ཀྱི་ཡོད།

གསང་ཚིག་བརྟན་པོ་འཇོག

གསང་ཚིག་བརྟན་པོ་ཡོད་ན་དེས་ཁྱོད་རང་ལ་ཉེན་སྲུང་བསྐྲུན་གི་རེད། གསང་ཚིག་རིང་པོ་དང་མགོ་རྙོག་པ། ཐུན་མོང་མ་ཡིན་པར་བཟོ་དགོས་བ་མ་ཟད་། ད་དུང་གསང་ཚིག་དུས་ནས་དུས་སུ་བརྗེ་བོ་རྒྱག་དགོས། དུས་ནམ་ཡང་སོ་སོའི་གློག་འཕྲིན་ཐོ་བྱང་རང་བཞིན་ནང་འཛུལ་ཆོག་པ་མ་བཟོ།

དྲ་ཐོག་ཏུ་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན། གསང་ཚིག་ནི་མི་ཚེའི་ལྡེ་མིག་ལྟ་བུ་རེད། གང་ལྟར། ཁྱོད་ཀྱིས་གློག་ཀླད་དང་གློག་འཕྲིན། ངོ་དེབ་སོགས་ཚང་མའི་ཉེན་སྲུང་ཡག་པོ་ཡོང་བའི་སླད་དུ། གསང་ཚིག་རིང་པོ་དང་མགོ་རྙོག་པོ། ཐུན་མོང་མ་ཡིན་པ་བཅས་བཟོ་རྒྱུ་ཧ་ཅང་གལ་ཆེ།

གསང་ཚིག་བརྟན་པོ་ལ་ཚང་དགོས་བའི་ཆ་རྐྱེན་གཙོ་བོ་ཁག་ནི་གཤམ་གསལ།

  • ཡི་གེ (ཡིག་ཆུང་དང་ཡིག་ཆེན་གཉིས་ཀ་ཡོད་པ་བྱོས)
  • ཨང་གྲངས་ཡོད་པ་བྱོས།
  • མཚོན་རྟགས་ཡོད་པ་བྱོས།
  • ཉུང་མཐར་ཡང་ཡིག་འབྲུ་སོགས་བཅུ་གཉིས་ཡོད་པ་བྱོས།
  • ཁྱོད་ལ་འབྲེལ་བ་ཡོད་པའི་མིང་དང་ཟླ་ཚེས་སོགས་མེད་པ་བྱོས། (དཔེར་ན། Tenzin1985 or Rangzen59ཟེར་བ་ལྟ་བུའི་རིགས།)

ཁྱོད་ཀྱི་གློག་འཕྲིན་དང་ངོ་དེབ་སོགས་ཀྱི་ཁ་བྱང་དེ་ནང་འཛུལ་་རིམ་པ་གཉིས་ཅན་གྱི་གོ་རིམ་དེ་བེད་སྤྱོད་ཐོངས།

ཁྱེད་ལ་སོ་སོའི་ངོ་དེབ་དང་གློག་འཕྲིན་ཡིག་ཟམ་ལ་སོགས་མི་གཞན་གྱིས་སྟངས་འཛིན་དང་འཇབ་རྒོལ་བྱེད་སྲིད་པའི་ཞེད་སྣང་དེ་འདྲ་སྐྱེས་མྱོང་ཡོད་དམ།  ཁྱེད་ཀྱིས་སོ་སོ་རང་ཉིད་དྲ་ཐོག་ནས་སྲུང་སྐྱོབ་བྱེད་པའི་ཤེས་བྱ་གང་མང་མེད་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་དམ།  དགའ་འོས་པའི་དོན་དག་ཞིག་ལ། རིམ་པ་གཉིས་ཀྱི་བདེན་དཔང་བརྒྱུད་ནས། ཁྱེད་ཀྱིས་རང་ཉིད་ལས་སླ་པོའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་དེ་རེད།

གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་གསང་ཚིག་གཏོར་ཐུབ་ན་ཡང་།  རིམ་པ་གཉིས་ཅན་གྱི་བདེན་དཔང་གི་མཐུན་རྐྱེན་དེས། མི་དེ་ཁྱེད་ཀྱི་གློག་འཕྲིན་ཡིག་ཟམ་སོགས་ལ་འཛུལ་བར་བཀག་འགོག་བྱེད་ཀྱི་རེད།  དེ་ནི་བདེ་འཇགས་ཀྱི་རིམ་པ་འཕར་མ་ཞིག་སྟེ།  ཁྱེད་ཀྱི་ཁ་པར་སྟེང་གི་བཀོལ་ཆས་ཤིག་གམ་འཕྲིན་ཐུང་བརྒྱུད་ནས་ཁྱེད་རང་གཅིག་པོར་གསང་ཚིག་ཞིག་འབྱོར་གི་རེད།

གསང་ཉུལ་བ་དང་དྲ་ཐོག་གི་འཇབ་རྒོལ་པ་ཚོ་ཁྱེད་ཀྱི་ངོ་དེབ་དང་ཡིག་ཟམ་སོགས་ལས་ཕྱིར་བསྐྲོད་བྱེད་པར། རིམ་པ་གཉིས་ཀྱི་བདེན་དཔང་དེ་དགོས་གལ་ཆེན་པོ་ཆགས་ཡོད།

Gmail, Twitter, Facebook, Instagram, Snapchat སོགས་ཀྱིས་རིམ་པ་གཉིས་ཀྱི་བདེན་དཔང་གི་མཐུན་རྐྱེན་དེ་མཁོ་སྤྲོད་བྱེད་ཀྱི་ཡོད་པས། དེ་རིང་ནས་དེ་ཚོ་བྱེད་ལས་ཅན་ཏུ་བསྒྱུར།

Top