སྐད་ཡིག་གི་ཐོབ་ཐང་།

སོ་སོའི་རིག་གཞུང་དང་ངོ་བོ་རྒྱུད་འཛིན་བྱེད་པར།རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འཛམ་གླིང་གི་ས་ཁུལ་གཞན་པའི་ནང་གི་བཙན་འཛུལ་གྱི་གནོན་ཤུགས་གཅིག་མཚུངས་བཞིན།

བོད་ནང་གི་རྒྱ་ནག་གི་སྲིད་ཇུས་དེ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བར་དམིགས་ཏེ་འཆར་འགོད་བྱས་ཡོད་ལ། གནས་སྟངས་འདིའི་ཁྲོད་དུ། བོད་ཡིག་གི་ཚབ་ཏུ།རྒྱ་ཡིག་དེ་གཞུང་འབྲེལ་འབྲེལ་ལམ་གྱི་སྐད་ཡིག་གཅིག་པུའམ་གཙོ་བོ་དེ་བཟོས་ཡོད།

སློབ་ཕྲུག་གི་སྐད་ཡིག་ཐོབ་ཐང་།

སྲིད་གཞུང་གི་གཞུང་ཞབས་ཟུར་བ་དང་། དགེ་རྒན་ཚོའི་རྒྱབ་སྐྱོར་འོག  བོད་པའི་སློབ་ཕྲུག་ཚོ་ཁྲོམ་གཞུང་དུ་ཐོན་ཏེ་ངོ་རྒོལ་བྱས་ཤིང་། སློབ་གྲྭ་ཁག་ནང་གི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་བཏང་ཡོད།

མང་ཙམ་ཀློགས།

ལས་མིའི་སྐད་ཡིག་གི་ཐོབ་ཐང་།

རྒྱ་མིས་བདག་བཟུང་བྱས་པའི་བོད་ནང་གི་མགྲོན་ཁང་གསར་པ་ཞིག་ཏུ། ལས་མི་ཞབས་ཞུ་བ་ནང་ཁུལ་དུ་བོད་སྐད་བཤད་མི་ཆོག་པའི་སྒྲིག་ལམ་བཟོས་པས། བོད་མི་ཚོས་དྲ་ཐོག་ཏུ་མགྲོན་ཁང་དེར་སྐྱོན་བརྗོད་དྲག་པོ་བྱས་ཏེ། སྒྲིག་ལམ་དེ་ཕྱིར་འཐེན་བྱེད་དུ་བཅུག་ཡོད།

མང་ཙམ་ཀློགས།

བོད་ནང་གི་སློབ་ཕྲུག་སྟོང་ཕྲག་ལྷག་གིས་སོ་སོའི་སྐད་ཡིག་གི་ཐོབ་ཐང་རྩོད་ཆེད་ངོ་རྒོལ་ལས་འགུལ་སྤེལ་ཡོད།

ཕྱི་ལོ་༢༠༡༠་ལོར། མཚོ་སྔོན་ཞིང་ཆེན་ཤེས་ཡོན་ལྷན་ཁང་གིས། བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་བེད་སྤྱོད་གཏོང་དགོས་པའི་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་ཏེ།འཛིན་གྲྭའི་ནང་གི་སློབ་ཁྲིད་དང་བསླབ་གཞི་སོགས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཡོད། དེར་བརྟེན། བོད་པའི་སློབ་ཕྲུག་ཚོས་བཅོས་སྒྱུར་འདི་ལ་གདོང་ལེན་བྱེད་པའི་ལས་འགུལ་གྱི་སྣེ་ཁྲིད་བྱས་ཤིང་། ཁོང་ཚོའི་ལས་འགུལ་ལ་ས་གནས་ཀྱི་ཤེས་ལྡན་མི་སྣ་དང་། གཞུང་ཞབས་ཟུར་བ། དགེ་འདུན་པ་སོགས་ཀྱིས་རྒྱབ་སྐྱོར་བྱས་ཡོད། ས་ཁུལ་དེའི་ཁྱོན་ཡོངས་ཀྱི་ནང་གི་བོད་པའི་སློབ་ཕྲུག་སྟོང་ཕྲག་ལྷག་གིས།བོད་ཀྱི་སྐད་ཡིག་གི་གནས་བབ་སྲུང་སྐྱོབ་དང་བོད་པའི་སློབ་གྲྭ་ཁག་ནང་གི་བོད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བར་དམིགས་ཏེ། ཁྲོམ་གཞུང་དུ་ཐོན་ནས། ངོ་རྒོལ་རིམ་པ་མང་པོ་བྱས་ཡོད།

ཐབས་རྩལ།

  • མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།
  • ཡི་གེ་གཏོང་བ་དང་། སྙན་ཞུ་འབུལ་བ།
  • ཁྲིམས་ཐོག་ནས་དགག་སྒྲུབ་དང་ཁུངས་སྐྱེལ་བྱེད་པ།

བོད་ནང་གི་མགྲོན་ཁང་གི་ཞབས་ཞུ་བ་ཚོར་ཐག་གཅོད་རང་བཞིན་གྱི་སྐད་ཡིག་གི་རྒྱལ་ཁ་ཐོབ།

སྤྱི་ལོ་༢༠༡༦་ལོར།  ཨ་མདོ་རེབ་གོང་དུ་ཡོད་པའི་ཧྲང་ཡུན་ཟེར་བའི་མགྲོན་ཁང་ཞིག་གིས། མགྲོན་ཁང་དེར་ཞབས་ཞུ་བའི་ལས་ཀ་གཉེར་བཞིན་པའི་བོད་མི་ཚོས་ལས་ཀའི་སྐབས་སུ། ཕན་ཚུན་ལ་བོད་སྐད་བཤད་མི་ཆོག་སྒྲིག་ལམ་བཟོས་ཡོད་པ་དེ། མི་རིགས་དང་རུས་རྒྱུད། ཕོ་མོ། ཆོས་ལུགས་དད་མོས་སོགས་དང་འབྲེལ་བའི་དབྱེ་འབྱེད་ཁག་སྲུང་སྐྱོབ་བྱེད་པའི་རྒྱ་ནག་གི་ངལ་རྩོལ་གྱི་ཁྲིམས་ལ་ཁ་གསལ་པོའི་ཐོག་ནས་འགལ་ཡོད

བོད་པ་དང་རྒྱ་རིགས་གཉིས་ཀས་དྲ་ཐོག་ནས་སྐྱོན་བརྗོད་ཤུགས་དྲག་བྱས་པ་དེར་ནུས་པ་ཆེན་པོ་ཐོན་ཡོད། སྲིད་གཞུང་གི་འགོ་ཁྲིད་མི་སྣས་མགྲོན་ཁང་དེ་ལམ་སེང་སྒོ་བརྒྱབ་ཡོད། མགྲོན་ཁང་གི་བདག་པོས་བོད་རིགས་མང་ཚོགས་ལ་དགོངས་སེལ་ཞུས་ཡོད་ལ།རེབ་གོང་ས་གནས་སྲིད་གཞུང་གིས། བོད་པའི་ས་ཁུལ་དུ་བོད་ཡིག་དེ་རྒྱ་ཡིག་དང་འདྲ་མཉམ་ཡིན་པ་དང་། མཚམས་རེར་རྒྱ་ཡིག་ལས་ཀྱང་གལ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་བསྐྱར་དུ་ནན་བསྒྲགས་བྱས་ཡོད། འདི་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན།

བེད་སྤྱོད་བྱས་པའི་ཐབས་རྩལ།

  • དྲ་ཐོག་ཏུ་ལས་འགུལ་བཀོད་སྒྲིག
Top