ཧྥུ་རི་ཡ ཕོཊ
ལས་འཆར་འགན་འཛིན།
ཧྥུ་རི་ཡ་ཡིས་སྤྱི་ལོ་ 2010 ལོ་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱེད་མགོ་བཙུགས་ཤིང་ལས་འཆར་འགན་འཛིན་གྱི་ལས་ཁུར་བླངས། དེ་ནས་སྤྱི་ལོ་ 2013 ནས་ 2018 བར་འགན་འཛིན་གཞོན་པའི་ལས་ཀ་བྱས། ཉེ་བའི་ལོ་ཉི་ཤུའི་རིང་། བོད་དོན་ལས་འགུལ་དང་སྤྱི་ཚོགས་གཞན་པའི་འཐབ་བྱུས་དང་བློ་སྟོབས་སྤེལ་བ། ཆབ་སྲིད་འཕོ་འགྱུར་དང་ཁོར་ཡུག་འགྱུར་ལྡོག མགོ་ཁྲིད་ཀྱི་འཐབ་བྱུས་དང་སྐུལ་སློང་ལས་དོན་གྱི་སྣེ་ཁྲིད་ཡོད། མོ་རང་གིས་ལྗང་བསྒྱུར་ལས་གཞི་དང་ནགས་ཚལ་སྲུང་སྐྱོབ་ལས་འགུལ་གྱི་འགན་ཡང་འཁུར་ཏེ། ཤིང་ནགས་གཅོད་འབྲེག་བྱེད་སྟངས་ལ་བསྒྱུར་བཅོས་ཀྱི་འབད་བརྩོན་བྱས་ནས་ཁ་ན་ཊའི་བྷོ་རི་ཨལ་ནགས་ཚལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གོ་ལའི་བདག་དབང་རྩ་འཛུགས་ནང་འཛུགས་སྐྲུན་བྱས་པའི་ Wiwa v Shell ཡིས་ Nigeria ནང་གི་ཨོ་གོ་ནིས་ས་ཁུལ་ Ogoni territory གྱི་ཁོར་ཡུལ་ལ་གཏོར་སྐྱོན་ཐེབས་པ་ཐེར་འདོན་བྱས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་ལམ་ནང་། ཧྥུ་རི་ཡ་ཡིས་འཛམ་གླིང་གང་སའི་བོད་དོན་ལས་འགུལ་འབྲེལ་མཐུད་དང་། བོད་ཁུལ་དུ་བཙན་གནོན་ལ་དོ་ཁུར་དང་། 2008 ལོར་པེ་ཅིང་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བརྒྱུད་རྒྱ་གཞུང་གི་མགོ་ཁྲིད་ཚོར་གནོན་ཤུགས་སྤྲད་པ། 2001 ནས་ 2005 བར་བོད་རང་བཙན་སློབ་ཕྲུག་ཚོགས་པར་ལས་ཀ་བྱས། ཧྥུ་རི་ཡ་ཡིས་འཛམ་གླིང་ནང་འཚེ་མེད་ཞི་བའི་ལས་འགུལ་སྦྱོང་བརྡར་གྱི་སྣེ་ཁྲིད་བྱེད་ཀྱི་ཡོད།