སྟོབས་མེད་ཀྱི་སྟོབས་ཤུགས་ཏེ། མང་ཚོགས་མཉམ་ཞུགས་ཀྱི་ལས་འགུལ།

སྟོབས་མེད་ཀྱི་སྟོབས་ཤུགས་ཏེ། མང་ཚོགས་མཉམ་ཞུགས་ཀྱི་ལས་འགུལ།

མི་ཚོས་རྒྱུན་ལྡན་ལས་འགུལ་བའི་ལས་འགུལ་དེ་དག་རང་ཉིད་ཀྱི་དགོས་འདུན་རྣམས་བསྒྲུབ་པའི་ཆེད་དུ། ཆབ་སྲིད་པ་དང་། ཁེ་ལས་ཀྱི་འགན་འཛིན། དེ་མིན་གཞན་དག་བཅས་ཀྱི་ཐོག་ཏུ། ལས་འགུལ་གོ་སྒྲིག་དང་། གནོན་ཤུགས་སྤྲད་པའི་སྒོ་ནས་བསྒྲུབས་པ་ཞིག་ཏུ་བསམ་གྱི་ཡོད།

དེ་ལྟར་ཡང་ཕྱི་ནས་ཐག་གཅོད་བྱེད་མཁན་ཞིག་ལ་རག་མ་ལས་པའི་རྒྱལ་ཁ་ལྡན་པའི་ལས་འགུལ་གྱི་རིགས་གཞན་ཞིག་ཡོད་པ་རེད། ལས་འགུལ་འདི་དག་མ་སྐུལ་དྭངས་བླངས་ཀྱི་སྒོ་ནས་རང་གིས་རང་སྐུལ་ནས་བྱུང་བ་དང་། མི་གྲངས་ངེས་ཅན་ཞིག་གིས་མཉམ་ཞུགས་བྱུང་ན་ལམ་ལྷོང་ཡོང་གི་ཡོད། མཉམ་ཞུགས་བྱེད་རྒྱུ་དེ་ལས་འགུལ་གྱི་ཐབས་ལམ་ཙམ་མ་ཡིན་པར་དམིགས་ཡུལ་ཡང་རེད། ལས་འགུ་འདི་རིགས་ལ་ཕྱོགས་འགལ་བ་ཞིག་ནས་ཁྱེད་རང་གི་རེ་འདུན་སྒྲུབ་མིན་ལ་ལྟོས་མི་དགོས་པར་རྒྱལ་ཁ་ཐོབ་ཐུབ་ཀྱི་ཡོད།གང་དུ་དྲག་གནོན་ཧ་ཅང་ཤུགས་ཆེ་ཡོད་པའམ། ཡང་ན། གང་དུ་འགྱུར་བ་ཞིག་གཏོང་ཐབས་བྱེད་པའི་མང་ཚོགས་དང་། དབང་འཛིན་པ་ཚོའི་tibetans-in-yunnanདབར་གྱི་དབང་ཆའི་ཐད་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པའི་གནས་སྟངས་ཀྱི་ནང་དུ་ལས་འགུལ་འདི་རིགས་དམིགས་བསལ་གལ་ཆེན་ཆགས་ཀྱི་ཡོད། གནས་བབ་འདི་འདྲའི་ནང་དུ་འགྱུར་བ་ཡོང་བའི་རེ་འབོད་དེ་ལས་སླ་པོའི་སྒོ་ནས་དྲག་གནོན་བྱེད་ཐུབ་པ་དང་། དབང་འཛིན་པ་ཞིག་གི་བསམ་བློར་འགྱུར་བ་གཏོང་རྒྱུ་དང་ཡིད་ཆེས་སླེབས་ཐབས་བྱེད་རྒྱུར་སྟོབས་ཤུགས་འདང་ངེས་བཞིན་པ་ཞིག་ཐེངས་དང་པོར་ཡོང་མི་སྲིད་པ་འབྱུང་སྲིད།

མང་ཚོགས་མཉམ་ཞུགས་བྱས་པའི་ལས་འགུལ་གྱིས།
༡། མང་ཚོགས་ཀྱི་ནང་དུ་ཆིག་སྒྲིལ་དང་། གདེངས་སྤོབས་བསྐྲུན་ཏེ་ཤེས་རྒྱ་གོང་འཕེལ་གཏོང་བ་དང་།
༢། མང་ཚོགས་ཀྱི་ཉིན་རེའི་མི་ཚེའི་ཐོག་ལ་ཡོད་པའི་ཕྱོགས་འགལ་བའི་སྟངས་འཛིན་ཉུང་དུ་གཏོང་བ།
༣། མ་འོངས་པར་དམིགས་ཡུལ་ཆེ་བའི་རིགས་བསྒྲུབ་ཆེད་དུ་བགྲོད་ལམ་བཟོ་བར་རྒྱལ་ཁ་ཆུང་ངུ་དང་འབྲིང་གི་རིགས་ཐོབ་ཐུབ་པ་བཟོ་ཡི་ཡོད།

མང་ཚོགས་མཉམ་ཞུགས་བྱས་པའི་ལས་འགུལ་གྱི་དཔེ་མཚོན་གཅིག་ནི། ཕྱི་ལོ་༢༠༠༦ ནང་བོད་མི་ཚོས་གཅན་གཟན་གྱི་པགས་རིགས་མེར་སྲེག་གཏོང་བའི་ལས་འགུལ་དེ་རེད། ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་གྱི་གྲངས་འབོར་ཆེན་པོ་བྱུང་ཙང་རྒྱལ་ཁའི་ངང་ནས་མཇུག་བསྡུས་པ་རེད། བོད་རྒྱལ་ཡོངས་སུ་མང་ཚོགས་ཀྱིས་རྩ་སྟོང་ལ་ཉེ་བའི་གཅན་གཟན་གྱི་པགས་རིགས་བེད་སྤྱོད་མི་བྱེད་པའི་དམ་བཅའ་བྱས་པ་རེད། ཁོང་ཚོས་དམ་བཅའ་དེ་མཚོན་ཆེད་དུ་རང་རང་གི་རིན་ཐང་ཆེ་བའི་པགས་རིགས་ཀྱི་གྱོན་ཆས་རྣམས་མེ་ཕུང་གི་ནང་དུ་ཕངས་ཏེ་བསྲེགས་པ་རེད། གཞུང་གི་དཔོན་རིགས་ཚོའི་ཁས་ལེན་མེད་པ་དང་། ཡང་ཡང་དགག་བྱ་བྱས་པ་ལ་ལྟོས་མེད་ཀྱིས་བོད་མི་ཚོའི་དམིགས་ཡུལ་གཉིས་གྲུབ་པ་རེད། ཁོང་ཚོས་ཡལ་ལ་ཉེ་བའི་གཅན་གཟན་གྱི་སྲོག་བསྐྱབས་པ་དང་། ༧རྒྱལ་བ་རིན་པོ་ཆེ་ལ་ཡོད་པའི་དད་དམ་མང་ཚོགས་ཀྱི་དབུས་སུ་མངོན་པར་གསལ་བར་བྱས་པ་རེད། བོད་མི་ཚོས་ལས་འགུལ་དེ་བརྒྱུད་དེ་གལ་ཏེ་བྱ་འགུལ་ཞིག་སྤེལ་དགོས་བྱུང་ན། རང་ཉིད་བཙན་འོག་ཏུ་གནས་ཡོད་ཀྱང་། གཅིག་བསྡུས་ཀྱི་སྟོབས་ཤུགས་ལྡན་ཡོད་པའི་མིག་སྟོན་ཡང་བྱས་པ་རེད།

ལས་འགུལ་འདི་རིགས་གཞན་དང་མི་འདྲ་བ་ཡོད་པའི་གནད་འགག་གཙོ་བོ་ནི། ལས་འགུལ་གྱི་རྒྱལ་ཁ་དེ་རང་ཉིད་ཀྱི་བྱེད་ལས་ལ་རག་ལས་པ་ལས། ཕྱོགས་འགལ་པའི་བྱེད་ལས་ལ་རག་ལས་ཀྱི་མེད། མང་ཚོགས་མཉམ་ཞུགས་བྱེད་པའི་ལས་འགུལ་དེར་འགལ་ཟླའི་མིག་འབེན་ཞིག་གི་མཐུན་ལམ་མམ། ཆག་ཡང་མེད་པའི་སྒོ་ནས་རྒྱལ་ཁ་ཐོབ་ཐུབ་ཀྱི་ཡོད། ལས་འགུལ་འདི་རིགས་ལས་འགུལ་གོ་སྒྲིག་པ་ཚོས་ཤུགས་རྐྱེན་སྤྲོད་ཐུབ་པའི་རང་གི་ནང་མི་དང་། གྲོགས་པོ། ཚོགས་སྐྱིད་ཀྱི་ཚོགས་མི་བཅས་མིག་འབེན་དུ་བཟུང་སྟེ། ཁོང་ཚོའི་བསམ་སྤྱོད་ལ་འགྱུར་ལྡོག་བཟོས་པའི་སྒོ་ནས་བྱ་བ་བསྒྲུབ་ཀྱི་ཡོད། ཁྱད་ཆོས་འདི་ལ་བརྟེན་ནས་ཆེས་དྲག་གནོན་ཆེ་བའི་ས་གནས་ཁག་གི་ནང་དུ་ལག་བསྟར་བདེ་ཤོས་དང་སྟོབས་ནུགས་ཆེ་ཤོས་ཀྱི་རྣམ་པ་ལྡན་པའི་འགོག་རྒོལ་གྱི་ལས་འགུལ་ཆགས་ཀྱི་ཡོད།། །།

Top