རྒྱ་གར་གྱིས་རྒྱ་ནག་གི་བཀོལ་ཆས་བརྒྱ་ཐམ་པ་ལྷག་བཀག་སྡོམ། India Bans 118 Chinese Apps including PUBG

རྒྱ་གར་གྱིས་རྒྱ་ནག་གི་བཀོལ་ཆས་བརྒྱ་ཐམ་པ་ལྷག་བཀག་སྡོམ། India Bans 118 Chinese Apps including PUBG

https://www.facebook.com/voatibetan/videos/2700130113534293/

རྒྱ་གར་གྱིས་རྒྱ་ནག་གི་བཀོལ་ཆས་བརྒྱ་ཐམ་པ་ལྷག་བཀག་སྡོམ། India Bans 118 Chinese Apps including PUBG
ཕྱི་ཟླ་༩ ཚེས་༢ ཉིན་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་ལྷན་ཁང་ནས་རྒྱ་གར་གྱི་བདེ་འཇགས་དང་རྒྱལ་སྲུང་ཆེད། རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་བཀོལ་ཆས་གྲངས་༡༡༨ ཙམ་བཀག་སྡོམ་བྱས་ཡོད་པ་དང་། དར་ཁྱབ་ཆེ་བའི་ཁ་པར་བཀོལ་ཆས་ PUBG MOBILE LITE ཞེས་པའང་བཀག་སྡོམ་བྱས་འདུག ཉེ་དུས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་བྱུང་བའི་དོན་རྐྱེན་དེ་ཡི་ཉིན་ཤས་རྗེས་སུ་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་བཀོལ་ཆས་བཀག་སྡོམ་གྱི་གསལ་བསྒྲགས་གཉིས་པ་དེ་གནང་ཡོད་རེད་འདུག གནད་དོན་དེ་ཡི་སྐོར་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཉེ་དུས་རྒྱ་གར་ཀྱིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་བཀོལ་ཆས་འགོག་དགོས་དོན་གཙོ་བོ་ཞིག་ནི་རྒྱ་ནག་ནང་བཀོལ་ཆས་བཟོ་ཚོང་ཁང་གིས་བཀོལ་ཆས་བེད་སྤྱོད་བྱེད་མཁན་ཚོའི་སྒེར་གྱི་གནས་ཚུལ་ཆ་ཚང་རྒྱ་ནག་གཞུང་ལ་སྤྲོད་དགོས་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་གིས་རྒྱ་གར་མི་མང་གི་བདེ་འཇགས་ཀྱི་དོན་དུ་ཐག་གཅོད་དེ་འདྲ་ཞིག་བྱས་པ་རེད་ཟེར།།
Originally published at – https://www.voatibetan.com/…/india-bans…/5569749.html

 

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.

Stay informed. Stay empowered.

Sign up to our mailing list for critical insights on Tibet, technology, and advocacy straight to your inbox!

Top