Tibet Unlocked རྒྱང་བསྲིངས་ལེ་ཚན།

《Tibet Unlocked》ལེ་ཚན་འདིས། རྒྱ་ནག་གཞུང་གི་ཆ་འཕྲིན་བཀག་སྡོམ་གྱི་འཆིང་སྒྲོག་གཏོར་ཏེ། བོད་ནང་གི་བོད་མི་ཚོའི་མདུན་དུ་ལྷགས་པའི་གལ་ཆེའི་དོན་གནད་ཁག་གསལ་འགྲེལ་དང་། རྒྱ་ནག་གི་དབང་སྒྱུར་ལ་དཔའ་ངར་ཆེན་པོས་འགོག་རྒོལ་བྱེད་མཁན་གྱི་བོད་མི་ཚོའི་གཏམ་རྒྱུད་ཁག་རྒྱས་བཤད་གནང་གི་ཡོད། 

ལེ་ཚན་འདི་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་གྱི་འགོ་ཁྲིད་གཉིས་ཀྱིས་གཙོ་སྐྱོང་གནང་གི་ཡོད་ལ། ལེ་ཚན་འདིའི་ནང་དུ་བོད་རྒྱའི་དཀའ་རྙོག་གི་བགྲོ་གླེང་ལྟེ་བའི་ཁོངས་སུ་བོད་དོན་གཙོ་གནད་དུ་འཛིན་མཁན་གྱི་ལས་འགུལ་བའི་ལྟ་ཕྱོགས་གསལ་སྟོན་གནང་གི་ཡོད།

Tibet Unlocked རྒྱང་བསྲིངས་ལེ་ཚན་འདི། Apple Podcast དང་།  Google Podcasts གཉིས་ནས་ཀྱང་གསན་ཐུབ།

ཇ་ཁང་།

ཇ་ཁང་། ཞེས་པའི་རྒྱང་བསྲིངས་ལེ་ཚན་འདི་ནི་བསྟན་རྡོར་ལགས་ཀྱིས་གཙོ་སྐྱོང་གནང་གི་ཡོད་ལ། ལེ་ཚན་འདིས་བོད་མི་དང་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་གནད་དོན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་གསལ་འདོན་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད། ལེ་ཚན་འདིའི་ནང་དུ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་སྤྲོད་ངེས་པའི་སྒྱུ་རྩལ་དང་། རིག་གཞུང་། ཆབ་སྲིད། སྤྱི་ཚོགས་ལ་སོགས་པའི་བརྗོད་གཞི་སྣ་མང་ཞིག་གི་ཐོག་ཏུ་གོ་བསྡུར་བྱེད་ཀྱི་ཡོད།

ཇ་ཁང་རྒྱང་བསྲིངས་ལེ་ཚན་འདི། Apple Podcast དང་།  Google Podcasts  Amazon Sounds  Soundcloud སོགས་ནས་ཀྱང་གསན་ཐུབ།

འཕྲུལ་རིག་སྐོར་གྱི་དྲི་བ་ག་རེ་ཡོད་ན་ང་ལ་འདྲི་ཆོག

ཟླ་བ་རེ་རེར། ང་ཚོའི་འཕྲུལ་རིག་ཆེད་མཁས་པ་རྣམས་པས་དྲ་ལམ་ནས་ཐད་གཏོང་བྱེད་ཀྱི་ཡོད་ལ། ཁྱེད་ཀྱི་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་དཀའ་ངལ་ཁག་སེལ་བར་རོགས་པ་བྱེད་རྒྱུའི་གྲ་སྒྲིག་ཡིན། ང་ཚོའི་རུ་ཁག་གིས་ཁྱེད་ཀྱི་གསང་ཚིག་སྲུང་སྐྱོབ་དང་། སྐད་འཕྲིན། ཉེན་སྲུང་བཀོལ་ཆས་ལ་སོགས་པའི་སྐོར་གྱི་དྲི་བ་ཡོངས་རྫོགས་ལ་ལན་འདེབས་བྱེད་ངེས།

གཤམ་དུ་ང་ཚོའི་ལེ་ཚན་གསར་ཤོས་ལ་གཟིགས།

ང་ཚོས་རྒྱ་ནག་གི་ལག་ཐོགས་ཁ་པར་ཉོ་དགོས་སམ།

ལེ་ཚན་མང་པོར་གཟིགས་འདོད་ཚེ། : https://tibetaction.net/digitalsecurity/#AMATECH

འཐབ་བྱུས་ལྡན་པའི་འཚེ་མེད་ཞི་བ་ཐད་གཏོང་།

འཐབ་བྱུས་ལྡན་པའི་ཚེ་མེད་ཞི་བ་ཐད་གཏོང་ནི།  ཆེད་མཁས་པ་དང་། ལས་འགུལ་བ། སྲིད་དབང་སྒེར་གཅོད་ཀྱི་དབང་སྒྱུར་འོག་འཚོ་བ་སྐྱེལ་མྱོང་མཁན་གྱི་མི་སྣ་སོགས་གདན་འདྲེན་བྱས་ཏེ་འཐབ་བྱུས་ལྡན་པའི་ཚེ་མེད་ཞི་བའི་སྟོབས་ཤུགས་དང་དཀའ་ཁག་བཅས་ཀྱི་ཐོག་ཏུ་གོ་བསྡུར་བྱ་རྒྱུའི་དམིགས་ཡུལ་བཅངས་ཏེ་འཆར་འགོད་བྱས་པའི་དབྱིན་བོད་གཉིས་ལྡན་གྱི་འཕྲིན་ལམ་ཞིག་ཡིན

གཤམ་དུ་ང་ཚོའི་ལེ་ཚན་གསར་ཤོས་ལ་གཟིགས

བོད་ཀྱི་སྐད་ཡིག་ལ་འཇིགས་ཉེན།

ལེ་ཚན་མང་པོར་གཟིགས་འདོད་ཚེ། :  https://tibetaction.net/peoplepower/#snv

Top