དཔལ་འབྱོར་སྙོམས་སྒྲིག

དུས་རབས་མང་པོའི་རིང་དུ། བོད་མི་ཚོས་རང་ཁ་རང་གསོ་བྱེད་ཐུབ་པའི་དཔལ་འབྱོར་ཞིག་རྒྱུན་སྐྱོང་བྱས་ཡོད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ། བོད་ཀྱི་དཔལ་འབྱོར་ལ་གས་ཆག་བཟོས་ཡོད་པ་མ་ཟད། རང་བྱུང་ཐོན་ཁུངས་བཤུ་གཞོག་བྱེད་པའི་ལམ་ལུགས་ཤིག་གིས་ཚབ་བྱས་ཡོད། དེང་སང་།

བོད་པ་ཚོར་བཟོ་ལས་དར་རྒྱས་ཁྲོད་ཀྱི་ཁེ་ཕན་རེག་གི་མེད་ཀྱང་། ཁོང་ཚོའི་ས་ཆ་རྒྱ་ནག་གི་ཁྱབ་ཆེ་བའི་དཔལ་འབྱོར་གྱི་རྒྱུ་ཆ་ཆགས་ཡོད། གཤམ་གྱི་གྱོད་དཔེ་འདི་དག་གིས།གདོད་མའི་མི་རིགས་དང་ས་གནས་ཀྱི་ཚོགས་སྡེ་ཁག་གིས་སོ་སོའི་ས་ཆའི་བདག་དབང་གི་ཐོབ་ཐང་བསྐྱར་གསོ་དང་སོ་སོའི་དཔལ་འབྱོར་སྟངས་འཛིན་བྱེད་པའི་ཆེད་དུ། ཕྱག་ལས་གནང་བའི་ཧ་ཅང་ཆ་འདྲ་བའི་འཐབ་རྩོད་ཁག་ཅིག་ཁ་གསལ་པོར་བསྟན་ཡོད།

ཨ་རིིའི་གདོད་མའི་མི་རིགས་ཀྱི་ཐོབ་ཐང་མཐོར་འདེགས།

ཨ་རིའི་ནུབ་བྱང་ས་ཁུལ་གྱི་གདོད་མའི་མི་རིགས་རྣམས་ཀྱིས། སྤྱི་དམངས་ཀྱི་ངོ་རྒོལ་ལས་འགུལ་དང་ཁྲིམས་ཁང་གི་ལམ་ཁ་བརྒྱུད་དེ། ཝ་ཤིན་ཁྲོན་ས་གནས་སྲིད་གཞུང་གི་བཀག་སྡོམ་མེད་པའི་ཐོག་ནས་ཉྭ་འཛིན་ཆོག་པའི་ཐོབ་ཐང་ལེན་ཐུབ་ཡོད།

མང་ཙམ་ཀློགས།

ཨེ་མེ་ཛོན་གྱི་ས་ཆའི་བདག་དབང་།

པེ་རུ་གདོད་མིའི་རིགས་ཀྱི་ཚོགས་སྡེ་ཁག་གིས་སྤྱི་དམངས་ངོ་རྒོལ་གྱི་ལས་འགུལ་བེད་སྤྱད་དེ། པེ་རུ་སྲིད་གཞུང་གིས་ཨེ་མེ་ཛོན་གྱི་ས་ཆ་རྒྱལ་མང་ཁེ་ལས་ཁང་ལ་བཙོང་བའི་ལས་འཆར་དེ་བཀག་འགོག་བྱས་ཡོད།

མང་ཙམ་ཀློགས།

ཁམས་ནང་ཆེན་གྱི་སྔོ་ཚལ་མཉམ་འབྲེལ་སྤོངས་བའི་ལས་འགུལ།

རྒྱ་ནག་གི་སྔོ་ཚལ་འཚོང་མཁན་དག་གིས་སྔོ་ཚལ་གྱི་རིན་གོང་ཚད་ལས་བརྒལ་བ་བཟོས་པར་བརྟེན། ཁམས་ནང་ཆེན་གྱི་བོད་མི་ཚོས།རྒྱ་ནག་གི་སྔོ་ཚལ་འཚོང་མཁན་དག་གི་ལག་ནས་སྔོ་ཚལ་ཉོ་མཚམས་འཇོག་པའི་ལས་འགུལ་སྤེལ་བ་དང་ཆབས་ཅིག  སྔོ་ཚལ་གྱི་ཡོངས་ཁུངས་གཞན་པ་བསྐྲུན་ཡོད་པ་རེད།

མང་ཙམ་ཀློགས།

རྒྱ་ནག་ནང་ཧོན་ཌར་ངོ་རྒོལ།

རྒྱ་ནག་ནང་གི་ཧོན་ཌ་ལས་བཟོ་བས་ཟླ་བ་གཅིག་ཙམ་གྱི་རིང་དུ་ངོ་རྒོལ་བསྟུད་མར་སྤེལ་ཏེ། ལས་མིའི་གླ་ཆ་ཡར་སྤར་དགོས་པའི་དགོས་འདུན་ཐད་ལ་གྲོས་མོལ་བྱས་པ་དང་། ལས་མིའི་མཉམ་འབྲེལ་ལ་བསྐྱར་སྒྲིག་བྱས་ཏེ། རྒྱ་ནག་རྒྱལ་ཡོངས་སུ་ངོ་རྒོལ་ལས་འགུལ་གྱི་སེམས་ཤུགས་སྤར་ཡོད།

མང་ཙམ་ཀློགས།

སྤྱི་དམངས་ཀྱི་ངོ་རྒོལ་ལས་འགུལ་དང་ཁྲིམས་ཁང་གི་འཐབ་རྩོད་ཀྱིས།གདོད་མའི་མི་རིགས་ཀྱི་ཐོབ་ཐང་མཐོར་འདེགས་བཏང་ཡོད།

ཕྱི་ལོ་ཆིག་སྟོང་དགུ་བརྒྱའི་ནང་དུ། ཨ་རིའི་ནུབ་བྱང་ས་ཁུལ་གྱི་གདོད་མའི་མི་རིགས་རྣམས་ཀྱིས།ཁྲིམས་ལུགས་དང་གྲོས་མོལ་གྱི་ལམ་ཁ་བརྒྱུད་དེ། ཉྭ་འཛིན་གྱི་ཐོབ་ཐང་རྩོད་ལེན་བྱས་ཡོད་ལ། དེས་ཁོང་ཚོའི་གན་ཆོད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མ་ཐུབ་པའི་སྐབས་སུ། ལས་འགུལ་བ་མང་དག་ཅིག་གིས་འཐབ་བྱུས་རང་བཞིན་ལྡན་པའི་སྤྱི་དམངས་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ཡོད། ཁྲིམས་ཐོག་གི་ཁ་མཆུའི་སྒང་དུ། ཕྱི་ལོ་༡༩༦༠་ལོར། ས་གནས་མང་ཚོགས་ཀྱིས་ཉྭ་འཛིན་པ་དང་། གོམ་བགྲོད་བྱེད་པའི་ཐབས་རྩལ་བེད་སྤྱད་དེ། འཛིན་བཟུང་གི་ཉེན་ཁ་ལ་མ་འཛེམས་པར། གན་ཆོད་ངོས་ཐད་ནས་ཆོག་གི་ཡོད་རུང་། མངའ་སྡེའི་ཁྲིམས་ལྟར་ན་ཁྲིམས་འགལ་ཡིན་པའི་ས་ཆ་རུ་བསམ་བཞིན་དུ་ཉྭ་བཟུང་ཡོད།ལས་འགུལ་དེར་མང་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཐོབ་སྟེ། མཐའ་མར། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གདོད་མའི་མི་རིགས་རྣམས་ཀྱིས་སོ་སོའི་་སྲོལ་རྒྱུན་གྱི་ས་ཆའི་ནང་དུ་ཉྭ་འཛིན་ཆོག་པའི་ཐོབ་ཐང་བསྐྱར་གསོ་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • དྲིལ་བསྒྲགས་ཀྱི་ལས་འགུལ།
  • མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།
  • ཁྲིམས་ཐོག་གི་རྩོད་སྒྲུབ།
  • འཇམ་སྡོད་དང་།ཉྭ་འཛིན་པ། པུས་མོ་བཙུགས་ནས་སྡོད་པ།
  • ཡོངས་ཁྱབ་ཀྱི་ཐོག་ནས་ངོ་བོ་གསལ་སྟོན་དང་རིག་གཞུང་གི་འགོག་རྒོལ།

པེ་རུ་ནང་གི་ཨེ་མེ་ཛོན་ས་ཁུལ་གྱི་གདོད་མའི་མི་རིགས་ཀྱི་ས་ཆའི་བདག་དབང་གི་རྒྱལ་ཁ།

ཕྱི་ལོ་༢༠༠༦་ལོར། ཨ་རི་དང་པེ་རུ་དབར་བཞག་པའི་རང་དབང་ཚོང་འབྲེལ་གྱི་ཆིངས་ཡིག་དེས། ཁེ་ལས་ཁང་ལ་ཨེ་མེ་ཛོན་གྱི་འཆར་ལྡན་ནགས་ཚལ་དུ་ས་བརྐོ་རྡོ་སློག་དང་། ཤིང་ནགས་གཅོད་པ། གཏེར་ཁ་བསྔོག་པ་བཅས་ཀྱི་རང་དབང་ཤུགས་ཆེན་པོ་སྤྲད་ཡོད་པ་དང་། དེས་གདོད་མའི་མི་རིགས་ཀྱི་སྤྱི་དངོས་བདག་དབང་གི་ཐོབ་ཐང་ཉམས་ཉེས་སུ་བཏང་ཡོད། ཕྱི་ལོ་༢༠༠༨་ལོའི་ཟླ་༨་པའི་ནང་དུ། གདོད་མའི་མི་རིགས་ཀྱི་ཚོགས་སྡེ་ཁག་གིས་མཉམ་རུབ་སྒོས་ཧ་ཅང་ཁྱབ་ཆེ་བའི་སྤྱི་དམངས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། ཐུན་མོང་གི་ངོས་ནས་རྩ་འཛུགས་བྱས་པའི་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་དོན་ཚན་༡༤་ཅན་གྱི་དགོས་འདུན་བཏོན་ཡོད།ལུང་པ་ཁྱོན་ཡོངས་ཀྱི་ནང་དུ་ཐབས་རྩལ་སྣ་མང་སྤྱད་པའི་འབྲས་བུ་ལ་བརྟེན་ནས། གདོད་མའི་མི་རིགས་ཀྱི་ས་ཁོངས་རང་སྐྱོང་ལ་ཉེན་ཁ་བཟོ་བའི་ཁྲིམས་སྲོལ་བཞི་ཕྱིར་འཐེན་བྱེད་དུ་བཅུག་ཐུབ་ཡོད་པས། ཁོང་ཚོའི་དགོས་འདུན་གཙོ་བོ་དེ་འགྲུབ་ཐུབ་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།
  • ཐད་ཀར་གྱི་ཐེ་བྱུས་ལས་འགུལ།
  • སྙན་ཞུ་འབུལ་བ་དང་། ཡི་གེ་གཏོང་བ།
  • ཡོངས་ཁྱབ་ཀྱི་ཐོག་ནས་ངོ་བོ་གསལ་སྟོན་དང་རིག་གཞུང་གི་འགོག་རྒོལ

ཁམས་ནང་ཆེན་གྱི་སྔོ་ཚལ་མཉམ་འབྲེལ་སྤོངས་བའི་ལས་འགུལ།

ཁམས་ནང་ཆེན་དུ་རྒྱ་མི་སྔོ་ཚལ་འཚོང་མཁན་རྣམས་ཀྱིས། སྔོ་ཚལ་གྱི་རིན་གོང་མཐོན་པོར་བཙོང་གི་ཡོད། སྔོ་ཚལ་འཚོང་མཁན་དང་ཉེན་རྟོག་པར་མཉམ་དུ་གྲོས་མོལ་བྱས་ཀྱང་གྲུབ་འབྲས་མ་ཐོན་པར་བརྟེན།བོད་མིའི་ཚོགས་སྡེའི་ངོས་ནས། སྔོ་ཚལ་ཉོ་མཚམས་འཇོག་པའི་་ལས་འགུལ་སྤེལ་བ་མ་ཟད། ས་གནས་ཀྱི་བོད་པའི་ཚོང་པ་ཁག་གིས་ནང་ཆེན་དུ་སྔོ་ཚལ་ནང་འདྲེན་བྱེད་རྒྱུ་དང་།རིན་གོང་ཡང་འོས་འཚམས་ཀྱི་ཐོག་ནས་བཙོང་རྒྱུ་ཁས་ལེན་དུ་བཅུག་ཡོད། ཕྱི་ལོ་༢༠༡༡་ཟླ་༢་ནས་ཕྱི་ལོ་༢༠༡༢་ལོའི་ཟླ་༧་པའི་བར། ཁམས་ནང་ཆེན་གྱི་བོད་མི་ཚོས་རྒྱ་ནག་གི་སྔོ་ཚལ་འཚོང་མཁན་དག་ལ་ཉོ་མཚམས་འཇོག་པའི་ངོ་རྒོལ་ལས་འགུལ་སྤེལ་བ་དང་། ལས་འགུལ་དེའི་ཁྲོད་དུ་ས་གནས་ཀྱི་བོད་མི་ཕལ་ཆེ་བ་མཉམ་ཞུགས་གནང་ཡོད། དུས་ཡུན་་རིང་པོར་དང་བླངས་ཀྱི་ཐོག་ནས་སྔོ་ཚལ་སྐྱེལ་འདྲེན་བྱེད་རྒྱུ་དེ་རྒྱུན་མཐུད་རྒྱུ་དཀའ་བ་ར་སྤྲོད་བྱུང་ཡོད་ཀྱང་། རྩོལ་བ་དེས་བོད་པའི་གྲོང་སྡེ་གཞན་པའི་ནང་དུ་རིགས་འདྲ་བའི་ཉོ་མཚམས་འཇོག་པའི་ལས་འགུལ་སྤེལ་བར་སེམས་ཤུགས་སྤར་བ་མ་ཟད། མཉམ་འབྲེལ་སྤོང་བའི་ལས་འགུལ་གྱི་ནུས་པ་གསལ་པོར་བསྟན་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • ཅ་ལག་ཉོ་མཚམས་འཇོག་པའི་ལས་འགུལ།
  • གྲོས་མོལ།
  • འདྲ་མཚུངས་ཀྱི་སྒྲིག་འཛུགས།

ཧོན་ཌ་མོ་ཌའི་བཟོ་གྲྭའི་ནང་གི་ལས་བཟོ་བའི་ངོ་རྒོལ། རྒྱ་ནག་ནང་གི་ངོ་རྒོལ་གྱི་སྟོབས་ཤུགས།

ཕྱི་ལོ་༢༠༡༠་ལོར། རྒྱ་ནག་ཁྱོན་ཡོངས་སུ་ལས་མིའི་གྱེན་ལངས་བྱུང་ཡོད། ཧོན་ཌའི་ནན་ཧའེ་བརྒྱུད་གཏོང་བཟོ་གྲྭ་རུ། ཕལ་ཆེ་བ་ས་ཐག་རིང་པོ་ནས་ཡོང་བའི་གནས་སྤོས་ལས་མི་ཚོས་ཟླ་བ་གཅིག་ཙམ་གྱི་རིང་དུ། ལས་མཚམས་འཇོག་པའི་ལས་འགུལ་སྤེལ་ཏེ། གནས་སྐབས་རིང་རྒྱ་ནག་གི་ཧོན་ཌའི་བཟོ་གྲྭ་བཞི་པོ་སྒོ་རྒྱག་ཏུ་བཅུག་ཡོད། འཐབ་བྱུས་རང་བཞིན་ལྡན་པའི་ལས་མཚམས་འཇོག་པའི་ལས་འགུལ་དེས་ཁོང་ཚོར་གྲོས་མོལ་བརྒྱུད་དེ། ནན་ཧའེ་ནང་གི་ལས་མིའི་གླ་ཆ་ཡར་སྤར་ཏུ་འཇུག་པའི་ཁེ་ཕན་བསྐྲུན་ཡོད་པ་མ་ཟད། ལས་མིའི་མཉམ་འབྲེལ་ལ་བསྐྱར་སྒྲིག་བྱེད་དུ་བཅུག་ཐུབ་ཡོད། དེ་ནས་གང་མགྱོགས་མཉམ་རུབ་ཀྱི་ལས་འགུལ་དར་ཁྱབ་ཕྱིན་ཏེ། ཕྱི་ལོ་༢༠༡༡་ལོར། རྒྱ་ནག་ནང་ལས་མིའི་རྩོད་རྙོག་ས་ཡ་༡.༢༧་བྱུང་ཡོད་པ་དང་། ཁྱབ་ཆེ་བའི་ལས་མཚམས་འཇོག་པའི་ངོ་རྒོལ་ལས་འགུལ་གྲངས་ཆིག་སྟོང་ལས་མང་བ་བྱུང་ཡོད། འགྱུར་བ་དེ་རྒྱུན་རིང་པོར་གནས་ཐུབ་མེད་ཀྱང་། ལས་མཚམས་འཇོག་པའི་ངོ་རྒོལ་དེ་དག་གིས་ལས་འགུལ་ཁག་རང་སྲུང་ནས་གཞན་རྒོལ་གྱི་ངོ་བོའི་ཐོག་སྤོར་བའི་འགྱུར་བ་གལ་ཆེན་ཞིག་མཚོན་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • ལས་མཚམས་འཇོག་པའི་ལས་འགུལ།
  • འཇམ་སྡོད་དང་། པུས་མོ་བཙུགས་ནས་སྡོད་པ།
  • སྙན་ཞུ་འབུལ་བ་དང་། ཡི་གེ་གཏོང་བ།
  • གྲོས་མོལ།
Top