བོད་ཀྱི་གློག་ཀླད་མྱུར་སྐྱོབ། ཛ་དྲག་གྲ་སྒྲིག་ཚན་ཁག་འགོ་བཙུགས་པ།

བོད་ཀྱི་གློག་ཀླད་མྱུར་སྐྱོབ། ཛ་དྲག་གྲ་སྒྲིག་ཚན་ཁག་འགོ་བཙུགས་པ།

བོད་ཀྱི་གློག་ཀླད་མྱུར་སྐྱོབ། ཛ་དྲག་གྲ་སྒྲིག་ཚན་ཁག་འགོ་བཙུགས་པ།

བོད་མིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བའི་ཁྲོད་དུ། ཆེད་དུ་བཟོས་བའི་དྲ་འབུ་ཅན་གྱི་གློག་འཕྲིན་དག་གིས་ང་ཚོའི་གློག་ཀླད་སོགས་དམིགས་འབེན་ལ་འཛིན་པ་དང་གནས་ཚུལ་བརྐུ་ཐབས་བྱེད་པ་སོགས་ནི་ཚང་མས་ཉམས་མྱོང་གིས་ཤེས་གསལ་རེད། ལོ་ངོ་མང་པོའི་རིང་ལ་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཉེན་ཁ་འདིའི་རིགས་ཆུང་དུ་གཏོང་ཐབས་སུ་བོད་མི་རྣམས་ལ་དྲ་བའི་བདེ་སྲུང་དང་ལག་ལེན་སོགས་བརྟན་པོ་ཡོང་བའི་སླད་དུ་སྦྱོང་བརྡར་སོགས་ཐབས་ལམ་མང་པོ་ངོ་སྤྲོད་བྱས་ཡོད།  ལས་དོན་དེའི་ཐད་ང་ཚོར་གྲུབ་འབྲས་གང་འཚམས་བྱུང་ན་ཡང་། ང་ཚོར་གཞན་ལས་ལྷག་པའི་ཐབས་ལམ་ཞིག་དགོས་རྒྱུ་གལ་ཆེར་མཐོང་། དེར་བརྟེན། ང་ཚོས་ལས་གཞི་གསར་བ་སྟེ། བོད་ཀྱི་གློག་ཀླད་ཛ་དྲག་མྱུར་སྐྱོབ་ཚན་ཁག་ཞེས་པ་ཞིག་འགོ་འཛུགས་བྱས་ཡོད། (TibCERT):https://tibcert.org

 

བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་གིས་ཆེད་ལས་རང་བཞིན་དང་མཉམ་སྦྲེལ་རང་བཞིན་གྱི་སྒོ་ནས་ཉེན་སྲུང་གི་སྒོམ་གཞི་ཞིག་བསྐྲུན་ནས་དེས་བོད་མིའི་སྤྱི་ཚོགས་ཁྲོད་དུ་འཕྲད་བཞིན་པའི་དྲ་ཐོག་གི་འཇབ་རྒོལ་རིགས་ཞི་འཇམ་ལ་གཏོང་བ་དང་། ལྷག་པར་དུ། རྒྱལ་སྤྱིའི་བོད་མིའི་སྤྱི་ཚོགས་དང་བོད་ནང་དུ་རྒྱ་གཞུང་གི་བལྟ་རྟོག་དང་བཀག་སྡོམ་བཅས་ཀྱི་སྒང་ལ་བོད་མིའི་འཕྲུལ་རིག་ཞིབ་འཇུག་གི་ནུས་བ་རྒྱ་བསྐྱེད་གཏོང་བར་རོགས་འདེགས་བྱེད་འཆར་ཡིན།ལས་གཞི་འདིའི་དམིགས་ཡུལ་རྒྱ་ཆེ་བ་ནི་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་དྲ་རྒྱའི་རང་དབང་དང་བདེ་སྲུང་སྟོབས་ཆེ་རུ་གཏོང་བ་དེ་ཡིན།

 

བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་ལ་སྡེ་ཚན་གཉིས་ཡོད་ཅིང་། དེ་གཉིས་ནི་ “ཡ་ལན་ཚན་ཁག་” དང་ “རྟོག་ཞིབ་ཚན་ཁག་” གཉིས་ཡིན།

“ཡ་ལན་ཚན་ཁག་” ནི་ཆེད་ལས་རང་བཞིན་དང་ཚོགས་པ་སྣ་འདུས་རང་བཞིན་གྱི་ཡ་ལན་དྲ་འབྲེལ་ཞིག་ཡིན་ལ། དེས་གཙོ་བོ་བོད་མིའི་ཚོགས་པ་ཁག་དང་འབྲེལ་ཡོད་ཁག་ལ་ཕྱི་ནས་དྲ་ཐོག་འཇབ་རྒོལ་དང་བཙན་འཛུལ་སོགས་མ་འབྱུང་བའི་སླད་དུ་གྲ་སྒྲིག་བྱེད་པ། ལྷག་པར་དུ། གནས་ཚུལ་དང་རེའུ་མིག ཐབས་ལམ་སོགས་གཞན་ལ་བགོ་བ་དང་འགྲེམས་པ་སོགས་ཀྱི་བྱ་སྤྱོད་རིགས་ལ་ཆེད་ལས་ཀྱི་ལམ་སྟོན་དང་འགྲོ་རིམ་བཟོ་བ་སོགས་བྱེད་ཀྱི་ཡོད། ད་དུང་། ཡ་ལན་ཚན་ཁག་གིས་ཛ་དྲག་གི་གདོན་ལེན་ནུས་བ་དང་སྦྱོར་བརྡར། རྒྱུ་ཆ་བཅས་མཁོ་སྤྲོད་བྱེད་པ་མ་ཟད་། རྟོག་ཞིབ་ཚན་ཁག་གི་ལས་དོན་ཁག་ལ་རྒྱབ་སྐྱོར་ཡང་བྱེད།

 

  • “རྟོག་ཞིབ་ཚན་” ཁག་གིས་བོད་མིའི་དྲ་བའི་བདེ་འཇགས་ཆེད་པ་དང་རྒྱལ་སྤྱིའི་དྲ་བའི་ཞིབ་འཇུག་བསྟི་གནས་ཁག་དང་ཚོགས་པ་ཁག་བཅས་ཀྱི་དབར་ལ་འབྲེལ་མཐུད་བྱས་ནས། བོད་ཕྱི་ནང་གཉིས་སུ་འཕྲད་བཞིན་པའི་དྲ་བའི་འཇབ་རྒོལ་གྱི་དཀའ་ངལ་དང་བཀག་སྡོམ་གི་དཀའ་ངལ། བལྟ་རྟོག་གི་དཀའ་སོགས་ལ་མཉམ་རུབ་སྒོས་གདོང་ལོན་དང་ཞིབ་འཇུག དབྱེ་ཞིབ། འགོག་རྒོལ་སོགས་ཇི་ལྟར་བྱེད་མིན་ཐད་ནུས་བ་མཉམ་སྤུངས་བྱེད་ཀྱི་ཡོད། རྟོག་ཞིབ་སྡེ་ཚན་གྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་གཞན་དག ད་དུང་ཁྲོ་རོན་ཁྲོ་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་ (Citizen Lab) བཅས་དང་ལྷན་དུ་མཉམ་ལས་བྱེད་ཀྱི་ཡོད་ཅིང་། དེས་ཞིབ་འཇུག་སྡེ་ཁག་གཞན་དང་མཉམ་ལས་བྱེད་པར་ཡང་ལམ་ཁ་བསྐྲུན་གྱི་ཡོད།

 

TibCERT Membership

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི།

 

བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་ལ་ད་ལྟ་ཚོགས་མི་ཉེར་ལྔ་ཙམ་ཡོད། ཁྱེད་ཀྱིས་ང་ཚོའི་སྐོར་མང་ཙམ་ཤེས་འདོད་ཚེ། དྲ་ཚིགས་   https://tibcert.org   འདི་རུ་ཕེབས་པའམ་ཡང་ན་ [email protected] འདི་ལ་འབྲེལ་བ་གནང་རོགས། ད་དུང་རོགས་རམ་སོགས་དགོས་ཚེ། [email protected] ལ་འབྲེལ་བ་གནང་རོགས།

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.

Top