རྒྱལ་ཁ། གྷོ་རྒལ་གྱིས་ “འབུ་བླ་མ་མ་ནིའི་” ལས་འཆར་མཚམས་བཞག

རྒྱལ་ཁ། གྷོ་རྒལ་གྱིས་ “འབུ་བླ་མ་མ་ནིའི་” ལས་འཆར་མཚམས་བཞག

འབུ་བླ་མ་མ་ནིའི་ལས་འཆར་གྱི་སྐོར་ལ་གསལ་བཤད་གསལ་ལ་མི་གསལ་བ་ཞིག་བྱས་རྗེས། གྷོ་རྒལ་འགན་འཛིན་སན་སྒྲར་པེས་ཆེ་་(Sundar Pichai) ཡིས་ཨ་རིའི་བརྙན་འཕྲིན་གསར་འགྱུར་ལས་ཁུངས་སིས་ཨན་ཨན (CNN) ལ་བརྗོད་དོན། ད་ལྟ་ལས་འཆར་དེ་བསྡུ་གསོག་བྱས་ཡོད་ཅིང་དེ་བསྐྱར་དུ་སྤེལ་བར་གནས་སྟངས་འཚམས་པ་ཞིག་དགོས་ཀྱི་འདུག ལྷག་པར་དུ། དྲ་རྒྱའི་བཀག་སྡོམ་མེད་པའི་ཆ་རྐྱེན་ནི་ཐག་གཅོད་འདིའི་རྐྱེན་རྩ་གཙོ་བོ་དེ་ཡིན་ཟེར། 

གནད་དོན་འདིའི་ཐོག་ལ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་གསུངས་དོན། 

ད་ཐེངས་ཁོང་ཚོས་གནོན་ཤུགས་ངོ་མ་དེ་ཚོར་བ་རེད།ལས་འགུལ་གྱི་ཚོགས་པ་འདྲ་མིན་གྱིས་མཉམ་འབྲེལ་སྒོས་ནོར་འཁྲུལ་རང་བཞིན་གྱི་ལས་འཆར་འདི་་ལ་ངོ་རྒོལ་བྱས་པ་ནི་རྨད་དུ་བྱུང་བའི་བྱ་སྤྱོད་ཅིག་རེད།གལ་སྲིད་གྷོ་རྒལ་གྱི་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་སྙིང་སྟོབས་ཅན་གྱི་ལས་བྱེད་དེ་ཚོས་ལས་འཆར་འདིའི་སྐོར་ “Intercept”ལ་བརྗོད་མེད་ཚེ།

ང་ཚོས་འདིའི་སྐོར་ལ་ཅི་ཡང་ཤེས་ཀྱི་ཡོད་པ་མ་རེད། ལས་བྱེད་དེ་དག་གིས་ཁོང་ཚོའི་ལྐོག་ཇུས་འདི་ཕྱི་ལ་བཏོན་པ་ཡིན་ཙང་། ལས་ཁུངས་ནང་ཁུལ་དུ་ཡང་ངོ་རྒོལ་བྱེད་མཁན་བྱུང་བ་རེད། དེ་ནི་བསྔགས་འོས་བའི་ལས་འགུལ་ཞིག་རེད། 

Leave a Reply

Your email address will not be published.

Solve : *
16 + 20 =


Top