ཆབ་སྲིད་ཀྱི་ཐོབ་ཐང་།

སྲིད་དབང་སྒེར་འཛིན་སྲིད་གཞུང་ཁག་མགོ་རྟིང་སློག་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་མཐོང་གི་ཡོད་པའི་རྒྱུ་མཚན་ནི། ང་ཚོས་སྟོབས་ཤུགས་དེ་སྟེང་ནས་འོག་ལ་ཡོང་གི་ཡོད་པར་ཆ་འཇོག་བྱས་པའི་དབང་གིས་རེད། གལ་ཏེ། ང་ཚོས་སྟོབས་ཤུགས་ནི་མི་མང་མང་ཚོགས་ཀྱི་ཕྱོགས་ནས་ཡོང་གི་ཡོད་པ་མཐོང་ཚེ། ཅི་ཞིག་འབྱུང་སྲིད། ལྷོ་ཨ་ཧྥེ་རི་ཁའི་ནང་གི་མི་རིགས་ནག་པོ་ཚོའི་སྟེང་དུ་སྤེལ་བའི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལ་རྒོལ་བའི་ལས་འགུལ་དང་། ཨ་རིའི་ནང་གི་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་སོགས་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཀྱི་འཐབ་རྩོད་ཁག་གིས། མི་མང་མང་པོ་མཐུན་སྒྲིལ་བྱས་ཏེ། གདུག་རྩུབ་ཆེ་བའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ལ་མཐུན་འགྱུར་དང་མཉམ་ལས་མ་བྱས་པ་ཡིན་ན། ཁོང་ཚོར་རྒྱལ་ཁ་འཐོབ་ཐུབ་པ་གསལ་སྟོན་བྱས་ཡོད།

བྷར་མིང་ཧེམ་གྱི་ལས་འགུལ།

ལས་འཆར་C་ཟེར་བའི་རྒྱུན་མཐུད་པའི་འཚེ་མེད་ཞི་བའི་ལས་འགུལ་དེས་་མི་རིགས་དབྱེ་འབྱེད་མཚམས་འཇོག་དང་། ཨ་ལ་བྷ་མ་མངའ་སྡེའི་ནང་གི་བྷར་མིང་ཧེམ་ས་གནས་སུ་གནས་སྡོད་བྱེད་མཁན་གྱི་མི་རིགས་ནག་པོ་ཚོར་ལས་ཀའི་གོ་སྐབས་འདྲ་མཉམ་དགོས་པའི་དགོས་འདུན་བཏོན་ཡོད།

མང་ཙམ་སྦྱོངས།

ཌན་མག་པ་ཚོའི་ངོ་རྒོལ།

ནྰ་ཛིའི་དམག་དཔུང་གིས་ཌན་མག་གི་ཞིང་ས་དང་། བཟོ་གྲྭ ལས་མི་སོགས་ལ་བཤུ་གཞོག་བྱེད་པར་དམིགས་ཏེ། ལུང་པ་དེར་བཙན་འཛུལ་བྱེད་དུས། ཌན་མག་གི་མི་མང་ཚོས།

མང་ཙམ་སྦྱོངས།

མོཎཊ་གྷོམ་རིའི་ནང་འགྲུལ་སྐྱེལ་སྣུམ་འཁོར་གྱི་རྒྱལ་ཁ།

ཨ་ལ་བྷ་མའི་མོཎཊ་གྷོམ་རིའི་ས་གནས་མི་མང་ཚོས་ལོ་གཅིག་ལྷག་གི་རིང་ལ་ཕྱིར་ལྡོག་ལས་འགུལ་དང་། ཁྲིམས་ཁང་ལ་ཞུ་གཏུགས་བྱེད་པའི་ལམ་ཁ་བརྒྱུད་དེ། མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ལ་རྒོལ་ལན་སློག་ཅིང་། ཨ་རིའི་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་འགོ་བརྩམས་ཡོད།

མང་ཙམ་སྦྱོངས།

ལྷོ་ཨ་ཧྥེ་རི་ཁའི་ནང་གི་ཅ་ལག་ཉོ་མཚམས་འཇོག་པའི་ལས་འགུལ།

པོར་ཁྲི་ཨེ་ལི་ཛི་བྷེཐའི་ནང་གི་ལྷོ་ཨ་ཧྥེ་རི་ཁའི་མི་རིགས་ནག་པོ་ཚོས་མི་རིགས་དཀར་པོས་བདག་བཟུང་བྱས་པའི་ཚོང་ཁང་ཁག་ནས་ཅ་ལག་ཉོ་མཚམས་འཇོག་པའི་ཁྱབ་ཆེ་ལ།རྒྱུན་མཐུད་པའི་འཐབ་བྱུས་རང་བཞིན་གྱི་ལས་འགུལ་སྤེལ་ཏེ། མི་རིགས་དབྱེ་འབྱེད་བྱེད་མཁན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད།

མང་ཙམ་སྦྱོངས།

བྷར་མིང་ཧེམ་གྱི་ལས་འགུལ། ཨ་རིའི་སྤྱི་དམངས་ཐོབ་ཐང་གི་དཀྱོག་མཚམས་གལ་ཆེན་ཞིག

ཕྱི་ལོ་༡༩༦༣་ལོར།ཨ་ལ་བྷ་མ་མངའ་སྡེའི་ནང་གི་བྷར་མིང་ཧེམ་དེ་ཨ་རིའི་ལྷོ་ཕྱོགས་ཀྱི་མི་རིགས་དབྱེ་འབྱེད་ཤུགས་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེའི་མཇུག་འབྲས་ལ་བརྟེན་ནས། སྤྱི་དམངས་ཐོབ་ཐང་གི་ལས་འགུལ་བཀོད་སྒྲིག་པ་ཚོས།འཐབ་བྱུས་ལྡན་པའི་ཐོག་ནས་ས་ཁུལ་དེ་བདམས་ཏེ།ལས་འཆར་C་འགོ་འཛུགས་གནང་ཡོད་ལ། C་ཡིས་ཁ་གཏད་གཅོག་པ་མཚོན་གྱི་ཡོད། ཙོག་པུར་(པོར)སྡོད་པ་དང་། གོམ་བགྲོད་བྱེད་པ། (ཅ་ལག་ཉོ་མཚམས་འཇོག་་པ)BOYCOTT་སོགས་ནི།

མི་རིགས་དབྱེ་འབྱེད་མཚམས་འཇོག་དང་།བྷར་མིང་ཧེམ་ས་གནས་ཀྱི་མི་རིགས་ནག་པོ་ཚོར་ལས་ཀའི་གོ་སྐབས་འདྲ་མཉམ་རེག་ཆེད་དུ་སྤེལ་བའི་རྒྱུན་མཐུད་པའི་འཐབ་བྱུས་རང་བཞིན་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་ཡིན། གདུག་རྩུབ་ཆེ་བའི་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་གྱི་ན་གཞོན་ལས་འགུབ་སྟོང་ཕྲག་མང་པོར་རྡུག་རྡེག་བཏང་བ་དང་། འཇུ་བཟུང་བྱས་པའི་རྐྱེན་གྱིས། ངོ་རྒོལ་ལས་འགུལ་དེ་རྒྱལ་ཡོངས་རང་བཞིན་ཅན་དུ་གྱུར་བ་རེད་ལ། ཨ་རིའི་སྤྱི་དམངས་ཐོབ་ཐང་གི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་པ་ལྟར། ལས་འགུལ་དེས་༡༩༦༤་ལོའི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་གཏན་འབེབས་གནང་དུ་བཅུག་ཡོད།

ཐབས་རྩལ།

༡༽ མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།

༢༽ ཞི་སྡོད་དང་། ཉྭ་འཛིན། པུས་མོ་བཙུགས་ནས་སྡོད་པ།

༣༽ ཅ་ལག་ཉོ་མཚམས་འཇོག་པ།

༤༽ ཁྲོམ་སྐོར་དང་། གསོལ་འདེབས་འདུ་འཛོམས། ཁྲོམ་བསྒྲགས་གསུང་བཤད།

༥༽ གྲོས་མོལ།

ཌན་མག་པ་ཚོས་འཇར་མན་གྱི་བཙན་འཛུལ་ལ་འགོག་རྒོལ། མཉམ་ལས་མི་བྱེད་པའི་ལས་འགུལ་བརྒྱུད་དེ་འཚོ་གནས་བྱེད་པ།

ཕྱི་ལོ་༡༩༤༠་ལོར། ནྰ་ཛི་དྲག་དམག་གིས་མེ་མདའ་རྐང་གཅིག་ཀྱང་མ་གཞུས་པར་ཌན་མག་དབང་སྒྱུར་བྱས་པ་དང་། ཌན་མག་སྲིད་གཞུང་ལ་སྤྱི་ཡོངས་ཀྱི་ཐོག་ནས་འགྱུར་བ་གང་ཡང་མ་བཏང་བར་རང་སོར་བཞག ཡིན་ནའང་། ཌན་མག་གི་ཆབ་སྲིད་འགོ་ཁྲིད་ཚོ་ལས་གནས་ནས་རྩ་དགོངས་ཞུས་པས། ལས་འགུལ་བའི་གྲུབ་པའི་ཚོགས་པ་ཆེན་པོ་ཞིག་རྒྱལ་ཁབ་ཀྱི་དངོས་ཡོད་འགོ་ཁྲིད་ཆགས་པ་མ་ཟད། ཁོང་ཚོས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་དམངས་ལས་འགུལ་ཁག་མུ་མཐུད་ནས་སྤེལ་བ་དང་། ཤུགས་ཆེ་རུ་གཏོང་བའི་ཐད་དུ་མཉམ་འབྲེལ་བྱས་ཡོད་ལ། ངོ་རྒོལ་དང་། ལས་མཚམས་འཇོག་པ། གཏོར་བཅོམ། རོལ་དབྱངས་འདུ་འཛོམས་སོགས་ཀྱི་ཐབས་རྩལ་བེད་སྤྱད་དེ། ཌན་མག་པ་ཚོས་སོ་སོའི་མི་སེར་ཕལ་ཆེ་བ་དྲག་པོའི་གདུག་རྩུབ་ལས་བསྐྱབས་ཐུབ་ཡོད་ལ། དེའི་ཁོངས་སུ། ཌན་མག་གི་ཡ་ཧུ་ད་པའི་མི་མང་ཚང་མ་ཚུད་ཡོད། ཁོང་ཚོས་འཇར་མན་གྱིས་ཌན་མག་ནས་འཁྱེར་བཞིན་པའི་ཐོན་ཁུངས་ཁག་ཚོད་འཛིན་བྱས་པའི་ཞབས་འདེགས་ཀྱི་ནུས་པ་དེ་མཚོན་ཆ་བེད་སྤྱོད་གཏོང་བའི་བྱེད་ལས་ཀྱི་ནུས་པ་ལས་ཡོངས་སུ་བརྒལ་ཡོད།

ཐབས་རྩལ།

༡༽  མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།

༢༽  ཐད་ཀར་གྱི་ཐེ་བྱུས།

༣༽  ལས་མཚམས་འཇོག་པ།

༤༽  འདྲ་མཚུངས་ཀྱི་སྒྲིག་འཛུགས།

༥༽  ཡོངས་ཁྱབ་ཀྱི་ཐོག་ནས་ངོ་བོ་གསལ་སྟོན་དང་རིག་གཞུང་གི་འགོག་རྒོལ།

མོཎཊ་གྷོམ་རིའི་ནང་འགྲུལ་སྐྱེལ་སྣུམ་འཁོར་གྱི་རྒྱལ་ཁ།

མོཎཊ་གྷོམ་རིའི་ནང་གི་འགྲུལ་སྐྱེལ་སྣུམ་འཁོར་གྱི་རྒྱལ་ཁ་དེ་ཨ་རིའི་ནང་གི་མི་རིགས་དབྱེ་འབྱེད་ལ་རྒོལ་བའི་ལས་འགུལ་ཁྱབ་ཆེ་ཤོས་ཐོག་མ་དེར་ངོས་འཛིན་བྱེད་ཀྱི་ཡོད། ལོ་གཅིག་ལྷག་གི་རིང་དུ། གྲོང་ཁྱེར་དེའི་ནང་གི་མི་རིགས་ནག་པོའི་བརྒྱ་ཆ་༩༦%ལྷག་གིས།སྤྱི་སྤྱོད་སྣུམ་འཁོར་གྱི་ནང་དུ་མི་རིགས་དབྱེ་འབྱེད་བྱེད་པའི་ལམ་ལུགས་ལ་ངོ་རྒོལ་བྱས་ཡོད། ལས་འགུལ་བཀོད་སྒྲིག་པ་ཚོས་གཞུང་གི་་སྣུམ་འཁོར་དང་ཆ་མཚུངས་པའི་འགྲུལ་སྐྱེལ་གྱི་ཞབས་ཞུའི་མཐུན་རྐྱེན་བསྐྲུན་ཏེ། ཉིན་རེར་མི་ཁྲི་གཉིས་ཙམ་རིན་མེད་ཀྱི་ཐོག་ནས་བསྐྱེལ་ཡོད། ཆེས་གདུག་རྩུབ་ཆེ་བའི་འཚེ་བའི་ཁྲོད་དུའང་། དཔལ་འབྱོར་ངོས་ཐད་ཀྱི་(མཉམ་ལས་མི་བྱེད་པའམ)མི་བསྟུན་པའི་ལས་འགུལ་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་ཐོག་ནས་གདོང་ལེན་བྱེད་པའི་ལས་འགུལ་དང་ཟུང་དུ་སྦྲེལ་ཏེ། མོཎཊ་གྷོམ་རིའི་འགྲུལ་སྐྱེལ་སྣུམ་འཁོར་ནང་གི་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་མཚམས་འཇོག་བྱེད་དུ་བཅུག་ཡོད།རྒྱལ་ཁབ་ཀྱི་འགོ་ཁྲིད་ཁག་ཕྱིར་མངོན་ཡོད་ལ། ལས་འགུལ་གྱི་རྒྱལ་ཁ་དེས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ་རྒྱུན་མཐུད་པའི་ཨ་རིའི་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་སྐུལ་སློང་བྱས་ཡོད།

ཐབས་རྩལ།

༡༽  ཕྱིར་ལྡོག་ལས་འགུལ།

༢༽  ཁྲིམས་ཐོག་གི་རྩོད་སྒྲུབ།

༣༽  འདྲ་མཚུངས་ཀྱི་སྒྲིག་འཛུགས།

༤༽  ཁྲོམ་སྐོར་དང་། གསོལ་འདེབས་འདུ་འཛོམས། ཁྲོམ་བསྒྲགས་གསུང་བཤད།

༥༽  གྲོས་མོལ།

ལྷོ་ཨ་ཧྥེ་རི་ཁའི་ནང་གི་ཅ་ལག་ཉོ་མཚམས་འཇོག་པའི་ལས་འགུལ་དེས།སྟོབས་ཤུགས་དེ་མི་མང་གི་ཐོག་ཏུ་སྤོར་བར་རོགས་འདེགས་བྱས་ཡོད།

ཕྱི་ལོ་༡༩༨༣་ལོར། ལྷོ་ཨ་ཧྥེ་རི་ཁའི་མི་རིགས་ནག་པོ་དང་། མི་རིགས་དཀར་པོ་མ་ཡིན་པའི་མི་རིགས་གཞན་པ་ཚོ། གདུག་རྩུབ་ཆེ་བའི་མི་རིགས་དབྱེ་འབྱེད་བྱེད་མཁན་གྱི་སྲིད་གཞུང་གི་འོག་ཏུ་འཚོ་གནས་བྱེད་ཀྱི་ཡོད། པོར་ཁྲི་ཨེ་ལི་ཛི་བྷེཐའི་ནང་གི་ལས་འགུལ་པ་ཚོས་གཞན་རྒོལ་གྱི་འཐབ་རྩལ་ཏེ་ཉེན་ཁ་ཆེ་བའི་ཁྲོམ་གཞུང་གི་ངོ་རྒོལ་སྐད་འབོད་ནས་མི་རིགས་དཀར་པོས་བདག་བཟུང་བྱས་པའི་ཚོང་ཁང་ཁག་ནས་ཅ་ལག་ཉོ་མཚམས་འཇོག་པའི་རང་སྲུང་གི་འཐབ་རྩལ་གྱི་སྒང་དུ་བརྗེ་སྤོར་གནང་་ཡོད། ཨ་ཧྥེ་རི་ཁའི་མི་རིགས་ནག་པོ་འབུམ་ལྔ་ཙམ་གྱིས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་དུ། ལས་འགུལ་དེར་རྒྱབ་སྐྱོར་བརྒྱ་ཆ་100%་བྱས་ཏེ། མི་རིགས་ནག་པོའི་ཚོང་ཁང་གཅིག་པུ་ནས་ཅ་ལག་ཉོས་ཡོད། ཁྱབ་ཆེ་བའི་སྲིད་གཞུང་གི་དྲག་གནོན་དབང་གིས། མཚམས་རེར་ངོ་རྒོལ་ལས་འགུལ་གསང་བའི་ཐོག་ནས་སྤེལ་དགོས་པའང་བྱུང་ཡོད། འོན་ཀྱང་། ཅ་ལག་ཉོ་མཚམས་འཇོག་པའི་ལས་འགུལ་གྱིས་སྟོབས་ཤུགས་དེ་མི་རིགས་ནག་པོའི་ལག་ཏུ་སྤོར་ཏུ་བཅུག་ཐུབ་ཡོད་པ་མ་ཟད། ལས་འགུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་དུ་སླེབས་ཐུབ་པ་བྱས་ཏེ། མཐའ་མར། མི་རིགས་དབྱེ་འབྱེད་བྱེད་མཁན་གྱི་ལྷོ་ཨ་ཧྥེ་རི་ཁའི་གདུག་རྩུབ་ཆེ་བའི་སྲིད་གཞུང་དེ་མགོ་རྟིང་བསློགས་ཡོད།

ཐབས་རྩལ།

༡༽  ཅ་ལག་ཉོ་མཚམས་འཇོག་པ།

༢༽  འདྲ་མཚུངས་ཀྱི་སྒྲིག་འཛུགས།

༣༽  ཁྲོམ་སྐོར་དང་། གསོལ་འདེབས་འདུ་འཛོམས། ཁྲོམ་བསྒྲགས་གསུང་བཤད།

༤༽  གྲོས་མོལ།

༥༽

Top