Author: Tibet Action Institute (Tibet Action Institute)

ཡིག་ཆ་གཞན་ཁག
Project

ཡིག་ཆ་གཞན་ཁག

འདིར་ཁྱེད་ཀྱིས་འཕྲུལ་རིག་གི་བདེ་འཇགས་དང་འབྲེལ་བའི་སློབ་ཚན་ཁག་ཁ་ཤས་ཤིག་སྐད་ཡིག་འདྲ་མིན་ནང་རྙེད་ཐུབ་ལ། དྲ་ཐོག་གི་བདེ་འཇགས་དང་འབྲེལ་བའི་ཡིག་ཆ་ཁག་ཁྱེད་རང་གི་གློག་ཀླད་ནང་ཕབ་ལེན་བྱེད་ཆོག་པའི་གདམ་ག་ཡང་རྙེད་ཐུབ། དེའི་ནང་གི་སྡེ་ཚན་ཞིག་གི་ཁོངས་ནས་ཁྱེད་ཀྱིས་བདེ་འཇགས་ཡོད་པའི་ཐོག་ནས་འཕྲིན་ཐུང་གཏོང་རེས་དང་། གནས་ཚུལ་འཚོལ་བཤེར། ཁ་བརྡ་གླེང་མོལ་སོགས་བྱེད་ཆོག་པའི་ཁ་པར་གྱི་བཀོལ་ཆས་ཁག་ཅིག་གི་སྐོར་ལ་སློབ་ཐུབ།

དྲ་བའི་ཉེན་སྲུང་།
Project

དྲ་བའི་ཉེན་སྲུང་།

བོད་མི་རྣམས་དང་མི་གཞན་པ་མང་པོར་མགོ་རྙོག་ཅན་གྱི་དྲ་འབུའི་འཇབ་རྒོལ་དམིགས་འབེན་ཏུ་བཟུང་ཡོད་ལ་དྲ་ཐོག་གི་གསང་མྱུལ་དེ་དག་གིས་ཁོང་ཚོའི་འབྲེལ་ལམ་ཁག་དང་ལས་དོན་ཁག་ཤེས་འདོད་བྱེད་ཀྱི་ཡོད་པ་རེད། འདི་ཡིས་ཁྱེད་རང་གཅིག་པོ་ཉེན་ཁའི་གནས་སུ་བསྐྱལ་བ་ཙམ་མ་ཡིན་པར། ཁྱོད་ཀྱི་དྲ་འབྲེལ་ཚང་མར་དཀའ་ངལ་སྤྲོད་ཀྱི་ཡོད། ཁྱོད་རང་དང་ཁྱོད་ཀྱི་ངོ་ཤེས་རྣམས་ཉེན་སྲུང་ཡོང་བའི་སླད་དུ་སོ་སོའི་གཤིས་སྤྱོད་བརྗེ་བསྒྱུར་བྱོས།

གློག་ཀླད་ཀྱི་ཉེན་སྲུང་།
Project

གློག་ཀླད་ཀྱི་ཉེན་སྲུང་།

གཤིས་སྤྱོད་་ལས་སླ་བོ་ཁ་ཤས་ཤིག་གིས་ཁྱོད་ཀྱི་གློག་ཀླད་དེ། དྲ་འབུ་དང་དྲ་འབུའི་རིགས་གཞན་པ་བེད་སྤྱོད་བཏང་ནས་ཁྱོད་དང་ཁྱོད་ཀྱི་འབྲེལ་བ་བྱེད་ས་ཁག་ལ་གསང་མྱུལ་བྱེད་པ་ལས་ལོགས་སུ་ཉར་ཐུབ།

ཁ་པར་གྱི་ཉེན་སྲུང་།
Project

ཁ་པར་གྱི་ཉེན་སྲུང་།

ལག་འཁྱེར་ཁ་པར་རྣམས་ནི་ནུས་ཤུགས་ཅན་ལྡན་པའི་འབྲེལ་གཏུགས་ཡོ་ཆས་ཤིག་ཡིན་མོད་། དེ་དག་ལ་ཉེན་སྲུང་གི་ནུས་བ་ཆེན་པོ་མེད། དེར་བརྟེན། ཇི་ལྟར་རང་ཉིད་དང་རང་གི་གནས་ཚུལ། རང་གི་གྲོགས་པོ། རང་གི་ནང་མི་བཅས་བདེ་འཇགས་ངང་ཉར་སྟངས་སྐོར་སྦྱོངས།

Top